དེ་རིང་ནི2024ལོའི་ཟླ12པའི་ཚེས21ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས། 地名pdf

ཞི་ཅིན་ཕིང་གིས་ཁྲའོ་ཞན་གྱི་རྒྱལ་སྟོན་དུས་ཆེན་ལོ་ངོ76འཁོར་བར་ཁྲའོ་ཞན་གྱི་ཆེས་མཐོའི་མགོ་ཁྲིད་པ་ཅིན་ཀྲེང་ཨེན་ལ་རྟེན་འབྲེལ་གློག་འཕྲིན་བཏང་བ།

2024-09-09 11:36:20   |   868

སྒྲིག་སྒྱུར།  སངས་དོན།      ཡོང་ཁུངས།  ཞིན་ཧྭ་དྲ་བ།      བཤེར་འབེབས།   རིན་ཆེན་ཚེ་རིང་།


ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ9པའི་ཚེས9ཉིན་འབྱོར་བའི་གློག་འཕྲིན་ལྟར་ན། ཟླ9པའི་ཚེས9ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཁྲའོ་ཞན་གྱི་རྒྱལ་སྟོན་དུས་ཆེན་ལོ་ངོ76འཁོར་བར་ཁྲའོ་ཞན་ངལ་རྩོལ་ཏང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་དོན་ཨུ་ཡོན་ཀྲང་ཅིན་ཀྲེང་ཨེན་ལ་རྟེན་འབྲེལ་གློག་འཕྲིན་བཏང་བ་རེད། 

ཞི་ཅིན་ཕིང་གིས་བསྟན་དོན། ལོ་ངོ76རིང་། ཁྲའོ་ཞན་ངལ་རྩོལ་ཏང་གི་མགོ་ཁྲིད་འོག ཁྲའོ་ཞན་མི་དམངས་ཀྱིས་རྡོག་རྩ་གཅིག་སྒྲིལ་བྱས་ནས་རྒྱལ་ཁབ་ཀྱི་བྱ་གཞག་ཁག་དབྱར་མཚོ་རྒྱས་པ་ལྟར་གོང་དུ་འཕེལ་རྒྱུར་སྐུལ་འདེད་བཏང་།  ཉེ་བའི་ལོ་ཤས་རིང་། བློ་མཐུན་སྤྱི་ཁྱབ་ཧྲུའུ་ཅིས་ཁྲའོ་ཞན་གྱི་ཏང་དང་མི་དམངས་ཀྱི་སྣེ་ཁྲིད་དེ་ཁྲའོ་ཞན་གྱི་ཏང་གི་ཚོགས་ཆེན་ཐེངས་བརྒྱད་པ་དང་དེ་བཞིན་ཚང་འཛོམས་གྲོས་ཚོགས་རིམ་བྱུང་གི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ། འཛུགས་སྐྲུན་དང་འཕེལ་རྒྱས་ཀྱི་གྲུབ་འབྲས་རབ་དང་རིམ་པ་ཐོབ་ཡོད། བློ་མཐུན་སྤྱི་ཁྱབ་ཧྲུའུ་ཅིས་གཙོ་བོར་གནང་བའི་ཁྲའོ་ཞན་ངལ་རྩོལ་ཏང་གི་མགོ་ཁྲིད་འོག ཁྲའོ་ཞན་མི་དམངས་ཀྱིས་ཁྲའོ་ཞན་རྣམ་པའི་སྤྱི་ཚོགས་རིང་ལུགས་ཀྱི་བྱ་གཞག་ལ་སྐུལ་འདེད་གཏོང་བའི་བགྲོད་ལམ་ཐོག་རྒྱུན་ཆད་མེད་པར་རྒྱལ་ཁ་གསར་པ་སྔར་བས་ཆེ་བ་ལེན་ཐུབ་པར་ཡིད་ཆེས་ཡོད་ཅེས་བསྟན། 

ཞི་ཅིན་ཕིང་གིས་ཀྲུང་གོ་དང་ཁྲའོ་ཞན་རྒྱལ་ཁབ་གཉིས་རི་ཆུ་འབྲེལ་བ་དང་སྲོལ་རྒྱུན་མཛའ་གྲོགས་ཀྱི་ལོ་རྒྱུས་ཡུན་རིང་ལྡན་ཡོད། ད་ལོ་ནི་ཀྲུང་གོ་དང་ཁྲའོ་ཞན་དབར་ཕྱི་འབྲེལ་འབྲེལ་བ་བཙུགས་ནས་ལོ75འཁོར་བ་དང“ཀྲུང་གོ་དང་ཁྲའོ་ཞན་གྱི་མཛའ་གྲོགས་ལོ”རེད། དུས་སྐབས་གསར་པ་དང་དུས་བབ་གསར་པའི་འོག ཀྲུང་གོ་ཕྱོགས་ཀྱིས་འཐབ་ཇུས་ཀྱི་མཐོ་ཚད་དང་ཕུགས་ཀྱི་ཟུར་ཚད་ཐོག་ནས་ཕྱོགས་གཉིས་པོའི་འབྲེལ་བར་མུ་མཐུད་དུ་བརྩི་མཐོང་བྱེད་པ་དང་། ཁྲའོ་ཞན་ཕྱོགས་དང་འཐབ་ཇུས་ཀྱི་འབྲེལ་བ་ཟབ་ཏུ་གཏོང་བ། མཐུན་སྦྱོར་མཉམ་ལས་ལ་ཤུགས་སྣོན་རྒྱག་པ། ཀྲུང་གོ་དང་ཁྲའོ་ཞན་གྱི་སྲོལ་རྒྱུན་མཛའ་གྲོགས་མཉམ་ལས་འབྲེལ་བ་ཐུན་མོང་ཐོག་སྲུང་སྐྱོང་ཡག་པོ་དང་སྲ་བརྟན་ཡག་པོ། འཕེལ་རྒྱས་ཡག་པོ་བཅས་གཏོང་བ། སྤྱི་ཚོགས་རིང་ལུགས་ཀྱི་བྱ་གཞག་ཐུན་མོང་ཐོག་སྐུལ་འདེད་གཏོང་བ་བཅས་བྱས་ནས་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་བདེ་སྐྱིད་དེ་བས་མང་བ་ཐོབ་པ་དང་ས་ཁུལ་དང་འཛམ་གླིང་ཞི་བདེ་བརྟན་ལྷིང་དང་འཕེལ་རྒྱས་དར་རྒྱས་ཡོང་རྒྱུར་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་དེ་བས་ཆེ་བ་འབུལ་འདོད་ཡོད་ཅེས་ནན་གྱིས་བསྟན།


མཉམ་སྤྱོད།