དེ་རིང་ནི2025ལོའི་ཟླ06པའི་ཚེས15ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

མ་སི་ཁེས་ཐད་ཀར་འདྲ་མཚུངས་སྒོ་ཁྲལ་མེད་པར་བཟོ་དགོས་པའི་རེ་བ་བཏོན་མོད། ཁྲོམ་ཕུ་ཡིས“བསམ་བློ་མི་གཏོང་”ཞེས་བཤད།

2025-04-08 10:08:25   |   585

སྒྲིག་སྒྱུར། ཀླུ་མོ་མཚོ།  ཡོང་ཁུངས། ཀྲུང་གོ་གསར་འགྱུར་དྲ་བ།  བཤེར་འབེབས། རིན་ཆེན་ཚེ་རིང་།


ཀྲུང་གོ་གསར་འགྱུར་དྲ་བའི་ཟླ4ཚེས8ཉིན་གྱི་གློག་འཕྲིན།    《ཝ་ཧྲིན་ཏོན་སྦྲག་སྲིད་ཚགས་པར》གཞིར་བཟུང་། ས་གནས་དེ་གའི་དུས་ཚོད་ཀྱི་ཟླ4ཚེས7ཉིན་གནས་ཚུལ་སྤེལ་བའི་མི་སྣའི་བཤད་ཚུལ་ལྟར་ན། ཨ་རིའི་ཁེ་ལས་མཁས་ཅན་མ་སི་ཁེས་ཨ་རིའི་ཙུང་ཐུང་ཁྲོམ་ཕུ་ལ་ཐད་ཀར“གཞི་ཁྱོན་ཆེན་མོའི་སྒོ་ཁྲལ་གསར་བའི་སྲིད་ཇུས་མེད་པར་བཟོ་དགོས”ཞེས་པའི་རེ་འབོད་བྱས།     གནས་ཚུལ་སྤེལ་བ་ལྟར་ན།    མ་སི་ཁེ་ཡི་ཚོད་ལྟ་ལེགས་འགྲུབ་བྱུང་མེད།         

 གནས་ཚུལ་སྤེལ་བར་གཞིགས་ན།    ཉིན་དེར་མ་སི་ཁེ་ཡིས་འབྲེལ་ལམ་སྨྱན་སྦྱོར་གྱི་རྩིས་ཨང་ཐོག་ཚེ་འདས་ཀྱི་དཔལ་འབྱོར་རིག་པ་མཁས་ཅན་མེར་ཏུན·ཧྥུ་ལི་ཏེ་མན་གྱི་བརྙན་ཐུང་ཞིག་སྤེལ་བ་དང་། བརྙན་ཐུང་ནང་ཧྥུ་ལི་ཏེ་མན་གྱིས་ཤིང་གི་ཞ་སྨྱུག་སྟབས་བདེ་ཞིག་བཟོ་བའི་རྒྱུ་ཆའི་ཡོང་ཁུངས་ལ་དབྱེ་ཞིབ་བྱས་ནས། རྒྱལ་སྤྱིའི་ཉོ་ཚོང་མཉམ་ལས་ཀྱི་དགེ་མཚན་གསལ་བཤད་བྱས་ཡོད།     

a739bb1c1b8e6eaef29ed640bf28590.jpg

འདྲ་པར་ཡོང་ཁུངས། མ་སི་ཁེའི་འབྲེལ་ལམ་སྨྱན་སྦྱོར་རྩིས་ཨང་གི་བཅད་པར།

གཞན་ཨ་རིའི་སྐུད་ཡོད་བརྙན་འཕྲིན་གསར་འགྱུར་དྲ་བའི(CNN)གནས་ཚུལ་སྤེལ་བར་གཞིགས་ན།   ཁྲོམ་ཕུས་ཚེས7ཉིན་གཟའ་འཁོར་གོང་མར་ཁྱབ་བསྒྲགས་བྱས་པའི“འདྲ་མཚུངས་སྒོ་ཁྲལ”སྲིད་ཇུས་ལག་བསྟར་བྱེད་པ་གནས་སྐབས་མཚམས་འཇོག་པར“བསམ་བློ་མི་གཏོང”ཞེས་བཤད།     

གནས་ཚུལ་སྤེལ་བར་གཞིགས་ན།    ཁྲོམ་པུས་ཉིན་དེར་ཕོ་བྲང་དཀར་པོར་འཚམས་འདྲིར་ཕེབས་པའི་དབྱི་སི་རལ་གྱི་ཙུང་ལི་ནེ་ཐ་ཉི་ཡ་ཧུའུ་དང་གྲོས་མོལ་བྱས་རྗེས། མིག་སྔར་ཁོས་སྒོ་ཁྲལ་སྲིད་ཇུས་གནས་སྐབས་མཚམས་འཇོག་པར་བསམ་བློ་གཏོང་གི་མེད་ཚུལ་བཤད། དཔལ་འབྱོར་སྡེ་གཞིའི་མགོ་ཁྲིད་པ་མང་པོ་ཞིག་གིས་ཁོ་དང་གྲོས་མོལ་བྱེད་པའི་རེ་བ་འདོན་གྱི་ཡོད།     

གནས་ཚུལ་སྤེལ་བའི་ནང་ད་དུང་ཁྲོམ་ཕུས་སྒོ་ཁྲལ་སྲིད་ཇུས་བཙན་ཤེད་ཀྱིས་ལག་བསྟར་དང་གྲོས་མོལ་བྱེད་པའི་དོན་གཉིས་བར་འགལ་བ་མེད་པའི་ངོས་འཛིན་བྱེད་ཀྱི་ཡོད་ཚུལ་བརྗོད་ཡོད།     


མཉམ་སྤྱོད།