དེ་རིང་ནི2025ལོའི་ཟླ04པའི་ཚེས30ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

རྒྱལ་ཁབ་འདིའི་མགོ་ཁྲིད་ཀྱིས་ཨ་རིར་ཐ་ཚིག་བསྒྲགས་འདུག

2025-04-16 10:44:39   |   334

རྩོམ་སྒྲིག ཀླུ་མོ་མཚོ།  ཡོང་ཁུངས། མི་དམངས་དྲ་བ།  བཤེར་འབེབས། རིན་ཆེན་ཚེ་རིང་། 


ལུའུ་ཐོའུ་གསར་འགྱུར་ཁང་གིས་ཚེས14ཉིན་གནས་འཕྲིན་སྤེལ་བར་གཞིགས་ན། ལྗར་པན་གྱི་དབུ་བཞུགས་བློན་ཆེན་ཧྲི་ཕའོ་མའོ་ཡིས་ཉིན་དེར་རྒྱལ་ཚོགས་དམངས་གྲོས་ཁང་གི་སྔོན་རྩིས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐོག་ཨ་རིའི་སྒོ་ཁྲལ་སྲིད་ཇུས་ཀྱིས་འཛམ་གླིང་ཡོངས་ཀྱི་དཔལ་འབྱོར་སྒྲིག་ལམ་དཀྲུག་སྲིད་ཅེས་བཤད་པ་རེད། གནས་འཕྲིན་སྤེལ་བར་གཞིགས་ན། འདི་ནི་ཧྲི་ཕའོ་མའོ་ཡིས་ད་ལྟའི་བར་དུ་ཨ་རིའི་སྒོ་ཁྲལ་སྲིད་ཇུས་ཀྱིས་འཛམ་གླིང་དཔལ་འབྱོར་ལ་གནོད་འཚེ་ཚབས་ཆེན་བཟོ་སྲིད་པར་ཉེན་བརྡ་དྲག་པོ་བཏང་བ་རེད།

ཧྲི་ཕའོ་མའོ་ཡིས་ཉིན་དེར་ད་དུང་ལྗར་པན་གྱིས་བཟོད་སྒོམ་ཆེན་པོ་བྱེད་རྩིས་མེད་ལ། ཨ་རིའི་སྲིད་གཞུང་དང་སྒོ་ཁྲལ་གྲོས་མོལ་བྱེད་སྐབས་གྲོས་མཐུན་འཇོག་རྒྱུར་ཡང་བྲེལ་བ་མེད་ཅེས་བཤད་པ་རེད། འོན་ཀྱང་། ཁོས་ཨ་རིའི་ཐོན་རྫས་ལ་སྒོ་ཁྲལ་འཕར་མ་བསྡུས་ནས་འཁོན་ལན་མི་སློག་ཟེར། ཤེས་གསལ་ལྟར་ན། ཨ་རི་དང་ལྗར་པན་རྒྱལ་ཁབ་གཉིས་ཀྱིས་ཚེས17ཉིན་ཝ་ཧྲིན་ཏོན་དུ་ཕྱོགས་གཉིས་ཀྱི་ཉོ་ཚོང་གྲོས་མོལ་བྱེད་པའི་འཆར་གཞི་ཡོད་པ་རེད།


མཉམ་སྤྱོད།