དེ་རིང་ནི2025ལོའི་ཟླ04པའི་ཚེས29ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཅ་ཀྲོའུ་ཡིས་ཁྲོམ་ཕུ་སྲིད་གཞུང་ཞུ་གཏུག་བྱས་ནས་དེའི“ཁྲིམས་འགལ་གྱི་སྒོ་ཁྲལ”མཚམས་འཇོག་དགོས་པའི་བླང་བྱ་བཏོན་པ།

2025-04-17 11:12:24   |   373

སྒྲིག་སྒྱུར། ཀླུ་མོ་མཚོ།  ཡོང་ཁུངས། ཀྲུང་གོ་གསར་འགྱུར་དྲ་བ།  བཤེར་འབེབས། རིན་ཆེན་ཚེ་རིང་།


ཀྲུང་གོ་གསར་འགྱུར་དྲ་བའི་ཟླ4ཚེས17ཉིན་གྱི་གློག་འཕྲིན། ཨ་རིའི་འཛད་སྤྱོད་པའི་གསར་འགྱུར་དང་ཚོང་ལས་འཕྲིན་ལམ(CNBC)ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཨ་རིའི་ཅ་ལི་ཧྥུ་ཉི་ཡ་ཀྲོའུ་ཡིས་ས་གནས་དེ་གའི་དུས་ཚོད་ཚེས16ཉིན་ཁྲོམ་ཕུ་སྲིད་གཞུང་ཞུ་གཏུག་བྱས་ནས་དེའི“ཁྲིམས་འགལ་གྱི་སྒོ་ཁྲལ”མཚམས་འཇོག་དགོས་པའི་བླང་བྱ་བཏོན་པ་རེད།

f3adb809836ff833d9da4edc20c8b80.jpg

པར་རིས་ཡོང་ཁུངས། ཨ་རིའི་འཛད་སྤྱོད་པའི་གསར་འགྱུར་དང་ཚོང་ལས་འཕྲིན་ལམ(CNBC)གྱི་གནས་འཕྲིན་བཅད་པར།

གནས་ཚུལ་སྤེལ་བའི་ནང་གཏུག་བཤེར་དེས་ཅ་ཀྲོའུ་ཨ་རི་སྲིད་གཞུང་གི་ཕྱོགས་ཡོངས་ཀྱི་སྒོ་ཁྲལ་སྲིད་ཇུས་ལ་འགྲན་སློང་བྱེད་མཁན་གྱི་ཀྲོའུ་དང་པོར་གྱུར་ཡོད་པ་དང་། སྒོ་ཁྲལ་སྲིད་ཇུས་ཀྱིས་ལོ་རྒྱུས་རང་བཞིན་གྱི་ཁྲོམ་རར་གཡོ་འགུལ་ཆེན་པོ་བཏང་ནས། ཨ་རི་དང་ཚོང་དོན་རོགས་ཟླའི་འབྲེལ་བར་གཏོར་བཤིག་བཏང་ཡོད་ཚུལ་བརྗོད་ཡོད།

ཅ་ཀྲོའུ་ཡི་གཙོ་འཛིན་ཉིའུ་སེན་གྱིས་སྤྱི་ཚོགས་འབྲེལ་བའི་སྨྱན་སྦྱོར་ཐོག“ཁྲོམ་ཕུར་ཕྱོགས་རྐྱང་པའི་སྒོ་ནས་གཏོར་བཤིག་རང་བཞིན་གྱི་སྒོ་ཁྲལ་བརྒྱུད་ང་ཚོའི་མི་ཚེའི་ཁྲོད་ཀྱི་གཞི་ཁྱོན་ཆེ་ཤོས་ཀྱི་དཔྱ་ཁྲལ་འཕར་སྣོན་བྱེད་པའི་དབང་ཆ་མེད་པས་ང་ཚོས་ཁོ་ཁྲིམས་རར་གཏུག་རྒྱུ་ཡིན”ཞེས་བཤད་ཡོད་པ་རེད།

གཏུག་བཤེར་དེ་ཅ་ལི་ཧྥུ་ཉི་ཡ་ཀྲོའུ་བྱང་རྒྱུད་ཀྱི་ཨ་རིའི་ས་གནས་ཁྲིམས་ཁང་ལ་བཏོན་ཞིང་། དེའི་དམིགས་ཡུལ་ནི་ཁྲོམ་ཕུའི་སྒོ་ཁྲལ་རྩིས་འགྲོ་མེད་པ་དང་འབྲེལ་དེ་ལག་བསྟར་བྱ་རྒྱུ་བཀག་འགོག་བྱ་རྒྱུ་དེ་རེད།

གནས་ཚུལ་སྤེལ་བའི་ནང་ཕོ་བྲང་དཀར་པོའི་ཕྱོགས་ཀྱིས་དེའི་ཐད་ལན་བསློགས་ཡོད་པ་སྟེ། ཕོ་བྲང་དཀར་པོའི་མགྲིན་ཚབ་པ་ཁུའུ་ཧྲི·ཏེ་སའེ་ཡིས་གསལ་བསྒྲགས་ཤིག་ནང“ཉིའུ་སེན་གྱིས་ཅ་ཀྲོའུ་ཡི་སྨྱོ་ཧམ་ཆེ་བའི་ཉེས་གསོག་དང་། ཁྱིམ་དུ་འགྲོ་ས་མེད་པ། སྡོད་ཁང་གནད་དོན་བཅས་ལ་དོ་ཁུར་བྱེད་ཀྱི་མེད་པར”དུས་ཚོད་སྤྱད་དེ་ཙུང་ཐུང་ཁྲོམ་ཕུས་ཨ་རིའི་ཚོང་ཟོག་ཉོ་ཚོང་གི་ལྡོག་ཁྱད་ཐག་གཅོད་པའི་རྒྱལ་ཁབ་ཀྱི་ཛ་དྲག་གནས་ཚུལ་ཆེད་འབད་བརྩོན་བྱེད་པ་བཀག་འགོག་བྱེད་རྩིས་འདུག་ཅེས་བཤད་ཡོད།


མཉམ་སྤྱོད།