དེ་རིང་ནི2025ལོའི་ཟླ04པའི་ཚེས26ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

​རྒྱ་གར་གྱིས་ཚོད་འཛིན་བྱས་པའི་ཁེ་ཧྲི་སྨིར་ས་ཁུལ་གྱི་མེ་མདའ་བརྒྱབ་པའི་དོན་རྐྱེན་ལས་ཉུང་མཐར་ཡང་མི26རྐྱེན་ལམ་དུ་ཤོར་བ་དང་། མོ་ཏིས་རྒོལ་གཏམ་བཏང་བ།

2025-04-23 09:25:53   |   264

སྒྲིག་སྒྱུར། ཀླུ་མོ་མཚོ།  ཡོང་ཁུངས། ཀྲུང་གོ་གསར་འགྱུར་དྲ་བ།  བཤེར་འབེབས། རིན་ཆེན་ཚེ་རིང་།


ཀྲུང་གོ་གསར་འགྱུར་དྲ་བའི་ཟླ4ཚེས23ཉིན་གྱི་གློག་འཕྲིན། ཁ་ཐར་ཕྱེད་གླིང་བརྙན་འཕྲིན་ལས་ཁུངས་སོགས་ཕྱི་རྒྱལ་སྨྱན་སྦྱོར་གྱིས་གནས་ཚུལ་སྤེལ་བར་གཞིགས་ན། ས་གནས་དེ་གའི་དུས་ཚོད་ཚེས22ཉིན། རྒྱ་གར་གྱིས་ཚོད་འཛིན་བྱས་པའི་ཁེ་ཧྲེ་སྨིར་ས་ཁུལ་དུ་གནས་སྐོར་བར་དམིགས་པའི་མེ་མདའ་བརྒྱབ་པའི་དོན་རྐྱེན་བྱུང་ནས་ཉུང་མཐར་ཡང་མི26རྐྱེན་ལམ་དུ་ཤོར་བ་དང་། མི་མང་པོར་རྨས་སྐྱོན་ཕོག་ཡོད་པ་རེད།

གནས་ཚུལ་སྤེལ་བར་གཞིགས་ན། རྒྱ་གར་ཉེན་རྟོག་ཕྱོགས་ཀྱིས་ཉུང་མཐར་ཡང་མེ་མདའ་རྒྱག་མཁན་བཞིས་ཐག་ཉེ་ས་ནས་གནས་སྐོར་བ་བཅུ་གྲངས་ལ་མེ་མདའ་བརྒྱབ་ཡོད་ཅེས་བཤད། མིག་སྔར་ཚོགས་པ་གང་ཞིག་གིས་ཀྱང་འཇབ་རྒོལ་ལ་འགན་འཁུར་ཡོད་པ་བཤད་མེད།

རྒྱ་གར་གྱི་ཙུང་ལི་མོ་ཏིས་ཉིན་དེར་སྤྱི་ཚོགས་འབྲེལ་བའི་སྨྱན་སྦྱོར་ཐོག་ཡིག་ཆ་བཀྲམ་ནས། ཐེངས་འདིའི་འཇབ་རྒོལ་ལ་རྒོལ་གཏམ་བཏང་བ་དང་འབྲེལ་སྲིད་གཞུང་གིས་རྐྱེན་ལམ་དུ་ཤོར་བའི་ནང་མིར་རོགས་སྐྱོར་བྱ་རྒྱུ་ཡིན་པའི་མཛུབ་སྟོན་ཡང་བྱས་པ་རེད།

མོ་ཏིས་ད་དུང་རྒྱ་གར་སྲིད་གཞུང་གིས“འཇིགས་སྐུལ་རིང་ལུགས་ལ་རྡུང་རྡེག་གཏོང་བའི་ཆོད་སེམས་བརྟན་པོ་ཡོད་པ་མ་ཟད་སྔར་ལས་ཇེ་བརྟན་དུ་འགྲོ་ངེས་ཡིན”ཞེས་བཤད།

གནས་ཚུལ་སྤེལ་བའི་ནང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཆེ་ཀུ་ཐེ་ལེ་སིའི་མགྲིན་ཚབ་པས་ད་ཐེངས་ཀྱི་འཇབ་རྒོལ་ལ་ཀུ་ཐེ་ལེ་སིས“རྒོལ་གཏམ་དྲག་པོ་གཏོང་གི་ཡོད”ཅེས་བརྗོད་པ་དང་། ཀུ་ཐེ་ལེ་སིས“གནས་ཚུལ་གང་རུང་འོག་མི་སེར་ལ་འཇབ་རྒོལ་བྱས་པ་ཚང་མ་དང་ལེན་བྱེད་ཐབས་བྲལ་བ་ཞིག་རེད་ཞེས་ནན་བཤད”བྱས་པ་རེད།


མཉམ་སྤྱོད།