དེ་རིང་ནི2025ལོའི་ཟླ04པའི་ཚེས26ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཨ་རིའི་མངའ་སྡེ11གིས་ཐེ་རོན་ཕུ་སྲིད་གཞུང་ཞུ་གཏུག་བྱས།

2025-04-24 16:40:56   |   246

རྩོམ་སྒྲིག དམ་ཆོས་བསམ་འགྲུབ། ཡོང་ཁུངས། མི་དམངས་དྲ་བ། བཤེར་འབེབས། རིན་ཆེན་ཚེ་རིང་། 


 ས་གནས་དེ་གའི་དུས་ཚོད་ཚེས23ཉིན། གསར་འགོད་པས་ཤེས་རྟོགས་བྱུང་བར་གཞིགས་ན། ཨ་རིའི་ཉིའུ་ཡོག་མངའ་སྡེ་དང་། ཡ་ལི་སང་ན་མངའ་སྡེ། ཁོ་ལོ་ལ་ཏུའོ་མངའ་སྡེ། ཁང་ཉེ་ཏི་ཀེ་མངའ་སྡེ། ཐེ་ལ་ཧྭ་མངའ་སྡེ། དབྱི་ལི་ནུའོ་དབྱི་མངའ་སྡེ། མན་དབྱིན་མངའ་སྡེ། མིང་ཉི་སོ་ཏ་མངའ་སྡེ། མོ་ཞི་ཁོ་གསར་པ་མངའ་སྡེ། ཨོ་ལེ་ཀང་མངའ་སྡེ། ཧྥེ་མོང་ཐེ་མངའ་སྡེ་བཅས་ཀྱིས་ཨ་རིའི་རྒྱལ་སྤྱིའི་ཚོང་དོན་ཁྲིམས་ཁང་དུ་གཏུག་བཤེར་བྱས་ནས། ཐེ་རོན་ཕུ་སྲིད་གཞུང་གི་སྒོ་ཁྲལ་སྲིད་ཇུས་ལག་བསྟར་བྱེད་པར་བཀག་འགོག་བྱེད་རྩིས་བྱས་པ་མ་ཟད། དེའི་སྒོ་ཁྲལ་སྲིད་ཇུས་གསར་པ་ནི་ཁྲིམས་མཐུན་མིན་པ་ཁྱབ་བསྒྲགས་བྱེད་དུ་བཅུག་པ་རེད།


མཉམ་སྤྱོད།