དེ་རིང་ནི2025ལོའི་ཟླ04པའི་ཚེས29ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཁྲོམ་ཕུས་སྲིད་སྐྱོང་བྱས་ནས་ཉིན་བརྒྱ་འགོར་ལ་ཉེ། དམངས་འདོད་བརྟག་དཔྱད་ལྟར་ན། རྒྱབ་སྐྱོར་བྱེད་ཚད་ལོ80རིང་གི་ཨ་རིའི་ཙུང་ཐུང་རིམ་བྱུང་ལས་ཆེས་དམའ་ཤོས་ཡིན་པ་རེད།

2025-04-28 14:54:41   |   87

སྒྲིག་སྒྱུར། ཀླུ་མོ་མཚོ།  ཡོང་ཁུངས། ཀྲུང་གོ་གསར་འགྱུར་དྲ་བ།  བཤེར་འབེབས། རིན་ཆེན་ཚེ་རིང་།


ཀྲུང་གོ་གསར་འགྱུར་དྲ་བའི་ཟླ4ཚེས28ཉིན་གྱི་གློག་འཕྲིན། ཨ་རིའི་སྨྱན་སྦྱོར་གྱིས་གནས་ཚུལ་སྤེལ་བར་གཞིགས་ན། ཨ་རིའི་ཙུང་ཐུང་ཁྲོམ་ཕུའི་འགན་ཡུན་ཐེངས་གཉིས་པའི་སྲིད་འཛིན་ཉིན་བརྒྱ་འགོར་ལ་ཉེ་བའི་མཚམས་སུ་ཨ་རིའི་རླུང་འཕྲིན་སྤྱི་གཉེར་དང་།《ཝ་ཧྲིང་ཐོན་སྦྲག་སྲིད་ཚགས་པར》དེ་བཞིན་དབྱི་ཕུའུ་སུའོ་ཚོགས་པ་བཅས་ཀྱིས་མཉམ་འབྲེལ་ཐོག་སྤེལ་བའི་དམངས་འདོད་བརྟག་དཔྱད་བྱས་འབྲས་གསར་ཤོས་ལས་མངོན་པ་ལྟར་ན། ཁྲོམ་ཕུའི་སྲིད་འཛིན་ཉིན་བརྒྱའི་རྒྱབ་སྐྱོར་བྱེད་ཚད39%ཡིན་པ་རེད། གྲངས་ཀ་དེ་ཟླ2པ་ལས་བརྒྱ་ཆའི་གྲངས6མར་ཆག་པ་མ་ཟད། འདས་ཟིན་པའི་ལོ80རིང་ཨ་རིའི་ཙུང་ཐུང་རིམ་བྱུང་གི་སྲིད་སྐྱོང་ཉིན་བརྒྱའི་རྒྱབ་སྐྱོར་བྱེད་ཚད་ཆེས་དམའ་ཤོས་ཡིན།

1ba8d99225782b9160814b38bbdf091.jpg

དཔྱད་གཞིའི་པར་རིས། ཨ་རིའི་ཙུང་ཐུང་ཁྲོམ་ཕུ།

གནས་ཚུལ་སྤེལ་བར་གཞིགས་ན། དམངས་འདོད་བརྟག་དཔྱད་དེའི་ནང་ད་དུང་བཅར་འདྲི་དང་ལེན་བྱེད་མཁན་ཨ་རི་བ72%ཀྱིས་ཁྲོམ་ཕུའི་དཔལ་འབྱོར་སྲིད་ཇུས་དེས་དུས་ཐུང་ནང་ཨ་རིའི་དཔལ་འབྱོར་ཉམས་རྒུད་དུ་འགྲོ་རུ་འཇུག་སྲིད་པ་དང་། མི53%གྱིས་ཨ་རིའི་དཔལ་འབྱོར་གནས་ཚུལ་ཁྲོམ་ཕུ་ལས་འགན་འཁུར་ཚུན་ནས་ཇེ་སྡུག་ཏུ་འགྲོ་བའི་ངོས་འཛིན་བྱེད་ཀྱི་ཡོད།

གཞན་ཡང་དམངས་འདོད་བརྟག་དཔྱད་ལས་མངོན་པ་ལྟར་ན། གནས་སྤོས་ཡུལ་མིའི་སྲིད་ཇུས་ནས་རྒྱལ་ཕྲན་མཉམ་འབྲེལ་སྲིད་གཞུང་དོ་དམ་བར། བཅར་འདྲི་དང་ལེན་བྱེད་མཁན་ཕྱེད་ཀ་ལས་བརྒལ་བས་ཁྲོམ་ཕུའི་ད་བར་གྱི་བྱ་སྤྱོད་ལ་མོས་མཐུན་བྱེད་ཀྱི་མེད་ཚུལ་བཤད་ཡོད།

ཨ་རིའི་སྐུད་ཡོད་བརྙན་འཕྲིན་གསར་འགྱུར་དྲ་བས(CNN)ཟླ4ཚེས27ཉིན་ཡོངས་བསྒྲགས་བྱས་པའི་དམངས་འདོད་བརྟག་དཔྱད་གསར་ཤོས་གཞན་ཞིག་ལས་མངོན་པ་ལྟར་ན། ཁྲོམ་ཕུར་རྒྱབ་སྐྱོར་བྱེད་ཚད41.1%ཡིན་པ་དེ་ཟླ་གསུམ་པའི་དམངས་འདོད་ལས་བརྒྱ་ཆའི་གྲངས4མར་ཆག་པ་དང་། ཟླ2པའི་ཚུན་དུ་བརྒྱ་ཆའི་གྲངས7མར་ཆག་ཡོད།

《དེ་རིང་གི་ཨ་རི》ཞེས་པའི་ནང་། བརྟག་དཔྱད་དེ་གཉིས་ལས་འདེམ་དམངས་ཙུང་ཐུང་གི་དཔལ་འབྱོར་ཐག་གཅོད་བྱེད་སྟངས་ལ་མི་དགའ་བ་ཤེས་ཐུབ་ཅེས་བསྟན་ཡོད།


མཉམ་སྤྱོད།