དེ་རིང་ནི2025ལོའི་ཟླ04པའི་ཚེས30ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཨ་རིའི་གྲོས་ཁང་གོང་མས་ཏའེ་ཝེ·ཕོ་ཏུའུ་ཡིས་ཀྲུང་གོར་བཅའ་སྡོད་ཨ་རིའི་གཞུང་ཚབ་ཆེ་མོ་བའི་འགན་འཁུར་བ་གཏན་འཁེལ་བྱས་པ།

2025-04-30 09:28:58   |   53

སྒྲིག་སྒྱུར། ཀླུ་མོ་མཚོ།  ཡོང་ཁུངས། ཀྲུང་གོ་གསར་འགྱུར་དྲ་བ།  བཤེར་འབེབས། རིན་ཆེན་ཚེ་རིང་།


ཀྲུང་གོ་གསར་འགྱུར་དྲ་བའི་ཟླ4ཚེས30ཉིན་གྱི་གློག་འཕྲིན། ཨ་རིའི་མཉམ་འབྲེལ་གསར་འགྱུར་ཁང་གིས་གནས་ཚུལ་སྤེལ་བར་གཞིགས་ན། ས་གནས་དེ་གའི་དུས་ཚོད་ཟླ4ཚེས29ཉིན་ཨ་རིའི་གྲོས་ཁང་གོང་མས་མོས་མཐུན་འདེམ་ཤོག67དང་ངོ་རྒོལ་འདེམ་ཤོག29ཡི་འདེམ་ཤོག་འཕངས་པའི་འབྲས་བུའི་ཐོག་ནས། ཏའེ་ཝེ·ཕོ་ཏུའུ་ཡིས་ཀྲུང་གོར་བཅའ་སྡོད་ཨ་རིའི་གཞུང་ཚབ་ཆེ་མོ་བའི་འགན་འཁུར་བ་གཏན་འཁེལ་བྱས་པ་རེད།

527ac669ee6dc7251857b08b3765957.jpg

དཔྱད་གཞིའི་པར་རིས། ཏའེ་ཝེ·ཕོ་ཏུའུ།

ཨ་རིའི་ཙུང་ཐུང་ཁྲོམ་ཕུས་དེ་སྔོན་གྱི2024ལོའི་ཟླ12ཚེས5ཉིན། ཏའེ་ཝེ·ཕོ་ཏུའུ་བདམས་ནས་ཀྲུང་གོར་བཅའ་སྡོད་ཨ་རིའི་གཞུང་ཚབ་ཆེ་མོ་བའི་འགན་འཁུར་དུ་འཇུག་རྒྱུ་ཁྱབ་བསྒྲགས་བྱས་པ་རེད། ཁྲོམ་ཕུས་སྐབས་དེ་དུས་ཕོ་ཏུའུ་ཡིས་མིང་འདོན་ཁྱབ་བསྒྲགས་བྱས་པའི་གསལ་བསྒྲགས་ནང་ཁོང་ལ་ལོ40རིང་གི་རྒྱལ་སྤྱིའི་ཚོང་ལས་ཉམས་མྱོང་ལྡན་པ་དང་། སིང་ཀ་ཕོར་དང་ཀྲུང་གོའི་ཤང་ཀང་དུ་འཚོ་བ་སྐྱེལ་མྱོང་ཡོད། དེའི་ལས་རིགས་འཚོ་བའི་དུས་ཚོད་མང་ཆེ་བར་ཨེ་ཤེ་ཡ་དང་ཀྲུང་གོར་ལས་ཀ་བྱས་ཡོད། ཕོ་ཏུའུ་ཡི“རྩ་ཆེའི་ཆེད་ལས་ཤེས་བྱ་ལས་ཨ་རི་དང་ཀྲུང་གོའི་འབྲེལ་བར་ཤུགས་སྣོན་རྒྱག་རྒྱུར་ཕན་ཐོགས་ཡོད”ཅེས་བཤད་ཡོད།

ངོ་སྤྲོད་བྱས་པར་གཞིགས་ན། ཕོ་ཏུའུ་ནི་སྤྱི་མཐུན་ཏང་མི་ཞིག་ཡིན་ལ། དེ་སྔ2015ལོ་ནས2021ལོ་བར་ཙུའོ་ཀྲི་ཡ་ཀྲོའུ་ཡི་རྒྱལ་ཕྲན་མཉམ་འབྲེལ་གྱི་གྲོས་མིའི་འགན་འཁུར་བ་དང་། 2022ལོར་ཙུའོ་ཀྲི་ཡ་ཀྲོའུ་ཡི་ཀྲོའུ་ཀྲང་འདེམ་བསྐོ་བྱས་པར་ཕམ་ཉེས་བྱུང་ཡོད། སྲིད་སྟེགས་སུ་མ་བུད་གོང་། ཕོ་ཏུའུ་ཡིས་ད་དུང་རུའེ་པུའུ་དང་ཏ་ལེ(Dollar General)སོགས་ཁེ་ལས་མང་པོར་དབུ་བཞུགས་ལག་བསྟར་དཔོན་ནམ་ཡང་ན་མཐོ་རིམ་དོ་དམ་པའི་འགན་འཁུར་མྱོང་ཡོད།


མཉམ་སྤྱོད།