དེ་རིང་ནི2025ལོའི་ཟླ08པའི་ཚེས03ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

དབྱི་སི་རལ་དུ་བཅའ་སྡོད་བྱས་པའི་ཨ་རིའི་གཞུང་ཚབ་ཁང་ཉིན་གསུམ་སྒོ་བརྒྱབ་པ།

2025-06-18 10:05:53   |   652

སྒྲིག་སྒྱུར། སངས་རྒྱས་སྐྱིད། ཡོང་ཁུངས། ཀྲུང་གོའི་གསར་འགྱུར་དྲ་བ། བཤེར་འབེབས། རིན་ཆེན་ཚེ་རིང་།


ཀྲུང་གོའི་གསར་འགྱུར་དྲ་བ་ནས་གློག་འཕྲིན་འབྱོར་གསལ། ལུའུ་ཐུའུ་གསར་འགྱུར་ཁང་གིས་གནས་ཚུལ་སྤེལ་བར་གཞིགས་ན། ཨ་རིའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ས་གནས་དེ་གའི་ཚེས17ཉིན་དབྱི་སི་རལ་དུ་བཅའ་སྡོད་བྱས་པའི་ཨ་རིའི་གཞུང་ཚབ་ཁང་ཚེས18ནས20ཉིན་བར་སྒོ་རྒྱག་རྒྱུ་ཡིན་ཞེས་བཤད།

གནས་ཚུལ་སྤེལ་བར་གཞིགས་ན། ཨ་རིའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་སྤྱི་ཚོགས་འབྲེལ་ལམ་སྨྱན་སྦྱོར་ཐོག་ཡིག་ཆ་སྤེལ་དོན། བདེ་འཇགས་ཀྱི་དུས་བབ་ལ་གཞིགས་པ་དང་དབྱི་སི་རལ་ཕྱོགས་ཀྱི་མཛུབ་ཁྲིད་ལ་བརྩི་སྲུང་ཞུས་ཏེ། དབྱི་སི་རལ་དུ་བཅའ་སྡོད་བྱས་པའི་ཨ་རིའི་གཞུང་ཚབ་ཁང་ཟླ6པའི་ཚེས18ནས་ཟླ6པའི་ཚེས20ཉིན་བར་སྒོ་རྒྱག་རྒྱུ་ཡིན་ཞེས་འཁོད་ཡོད། ད་ཐེངས་ཀྱི་གཞུང་ཚབ་ཁང་སྒོ་རྒྱག་པའི་ཁྱབ་ཁོངས་ནང་ད་དུང“ཅེ་རུས་ས་ལེམ་དང་ཐེ་ལ་ཝུའེ་ཕུའུ་རུ་བཅའ་སྡོད་བྱས་པའི་ཁེ་སྐྱོང་ཞབས་ཞུའི་སྡེ་ཚན”ཚུད་ཡོད།


མཉམ་སྤྱོད།