དེ་རིང་ནི2025ལོའི་ཟླ06པའི་ཚེས19ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཨ་རི་སྲིད་གཞུང་གིས་ཕྱི་རྒྱལ་གྱི་སློབ་མར་ཐོངས་མཆན་འགོད་པ་སླར་གསོ་བྱས་པ།

2025-06-19 10:02:27   |   48

སྒྲིག་སྒྱུར། སངས་རྒྱས་སྐྱིད། ཡོང་ཁུངས། ཀྲུང་དབྱང་བརྙན་འཕྲིན་ལས་ཁུངས་ཀྱི་གསར་འགྱུར། བཤེར་འབེབས། རིན་ཆེན་ཚེ་རིང་།


ས་གནས་དེ་གའི་ཟླ6པའི་ཚེས18ཉིན། ཀྲུང་དབྱང་བརྙན་འཕྲིན་ལས་ཁུངས་ཀྱི་གསར་འགོད་པས་ཤེས་རྟོགས་བྱུང་བ་ལྟར་ན། ཨ་རིའི་ཁྲོམ་ཕུ་སྲིད་གཞུང་གིས་ཕྱི་རྒྱལ་གྱི་སློབ་མར་ཐོངས་མཆན་འགོད་པ་སླར་གསོ་བྱས་མོད། འོན་ཀྱང་ཐོངས་མཆན་འགོད་ཡུལ་གྱི་སྤྱི་ཚོགས་འབྲེལ་ལམ་སྨྱན་སྦྱོར་གྱི་རྩིས་ཐོ་ལ་ཞིབ་བཤེར་བྱེད་དགོས་པའི་བླང་བྱ་བཏོན།

ཤེས་རྟོགས་བྱུང་བར་གཞིགས་ན། ཚེས18ཉིན་ཨ་རིའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཁྱབ་བསྒྲགས་བྱས་པའི་བརྡ་ཐོ་ཞིག་གི་ནང་བསྟན་དོན། སྡེ་ཚན་དེས་ཟླ་ལྔ་པར་ཁྱབ་བསྒྲགས་བྱས་པའི་ཕྱི་རྒྱལ་གྱི་སློབ་མའི་ཐོངས་མཆན་གནས་སྐབས་འགོད་མཚམས་འཇོག་པའི་བྱེད་ཐབས་མེད་པར་བཟོས་མོད། འོན་ཀྱང་སྤྱི་ཚོགས་འབྲེལ་ལམ་སྨྱན་སྦྱོར་གྱི་རྩིས་ཐོ་ཡོངས་བསྒྲགས་བྱེད་པ་དང་ལེན་མི་བྱེད་པའི་རེ་འདུན་ཞུ་མཁན་གསར་པར་མིང་རྟགས་མི་འགོད་པའང་སྲིད། རྒྱུ་མཚན་ནི་རེ་འདུན་ཞུ་མཁན་དེ་དག་གིས་བླང་བྱ་ལས་གཡོལ་ཐབས་བྱེད་པའམ་ཡང་ན་སྤྱི་ཚོགས་འབྲེལ་ལམ་སྨྱན་སྦྱོར་གྱི་དྲ་ཐོག་བྱེད་སྒོ་སྦས་སྐུང་བྱེད་རྩིས་ཡོད་སྲིད། ཨ་རིའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་བསྟན་དོན། གཞུང་ཚབ་དཔོན་རིགས་ཀྱིས་ཨ་རིའི་སྲིད་གཞུང་དང་རིག་གནས། སྒྲིག་གཞིའམ་ཡང་ན་རྒྱལ་འཛུགས་རྩ་དོན་བཅས་ལ་སྡང་སེམས་འཛིན་པའི་སྦྱར་ཡིག་དང་ཆ་འཕྲིན་ལ་དོ་ཁུར་ཆེན་པོ་བྱ་རྒྱུ་ཡིན་ཞེས་བཤད།


མཉམ་སྤྱོད།