དེ་རིང་ནི2025ལོའི་ཟླ07པའི་ཚེས25ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

རྒྱལ་ཁབ20ལྷག་གིས་གསལ་བསྒྲགས་སྤེལ་ནས་ཅ་ཧྲའི་དམག་འཁྲུག་འཕྲལ་དུ་མཇུག་སྒྲིལ་དགོས་པའི་བླང་བྱ་བཏོན་པ།

2025-07-22 10:08:54   |   172

སྒྲིག་སྒྱུར།   སངས་དོན།    ཡོང་ཁུངས།   ཤིན་ཧྭ་དྲ་བ།    བཤེར་འབེབས།   རིན་ཆེན་ཚེ་རིང་།


ཤིན་ཧྭ་གསར་འགྱུར་ཁང་གི་ལོན་ཏོན་ནས་ཟླ7པའིཚེས21ཉིན་འབྱོར་བའི་གློག་འཕྲིན། ཚེས21ཉིན། དབྱིན་ཇི་དང་ཨོ་སི་ཁྲུ་ལི་ཡ། ཁ་ན་ཏ། འཇར་པིན། ཧྥ་རན་སེ་བཅས་ཚུད་པའི་རྒྱལ་ཁབ20ལྷག་ཙམ་གྱི་ཕྱི་འབྲེལ་པུ་ཀྲང་གིས་མཉམ་འབྲེལ་ཐོག་གསལ་བསྒྲགས་སྤེལ་ནས་ཅ་ཧྲ་ས་ཁུལ་གྱི་དམག་འཁྲུག་འཕྲལ་དུ་མཇུག་འགྲིལ་ནས་དབྱི་སི་རལ་ལ་རྒྱལ་སྤྱིའི་མི་ཆོས་རིང་ལུགས་ཀྱི་བཅའ་ཁྲིམས་ནང་གཏན་འབེབས་བྱས་པའི་འོས་འགན་ལ་བརྩི་སྲུང་དང་མི་ཆོས་རིང་ལུགས་ཀྱི་དངོས་ཟོག་རོགས་རོགས་སྐྱོར་ལ་ཚད་བཀག་བྱེད་པ་འཕྲལ་དུ་མེད་པར་བཟོ་དགོས་པའི་སྐུལ་འདེད་བཏང་། 

དབྱིན་ཇི་སྲིད་གཞུང་གི་དྲ་ཚིགས་ཐོག་ཁྱབ་བསྒྲགས་བྱས་པའི་གསལ་བསྒྲགས་ནང་དུ། ཅ་ཧྲའི་མི་སེར་གྱི་སྡུག་བསྔལ་སྔར་བས་ཆེ་རུ་ཕྱིན་པ་དང་དབྱི་སི་རལ་སྲིད་གཞུང་གི་མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར་བྱེད་སྟངས་དེ་ཉེན་ཁ་ཆེ་བ་མ་ཟད། བདེ་འཇགས་མིན་པའི་སྣང་ཚུལ་ཇེ་སྡུག་ཏུ་འགྲོ་བཞིན་ཡོད་ལ། ཅ་ཧྲ་མང་ཚོགས་ཀྱི་གཞི་རྩའི་ལ་རྒྱ་འཕྲོག་བཅོམ་བྱས་འདུག་ཅེས་འཁོད་ཡོད་པ་རེད། གསལ་བསྒྲགས་ནང་དབྱི་སི་རལ་གྱིས་ཆེས་གཞི་རྩའི་འཐུང་ཆུ་དང་བཟའ་བཅའི་དགོས་མཁོ་སྐོར་བའི་ཅ་ཧྲ་མི་སེར་ལ་དམིགས་ནས་དམར་གསོད་བཏང་བར་རྒོལ་གཏམ་བཏང་ཡོད། གསལ་བསྒྲགས་ནང་ཕ་ལེ་སི་ཐན་པ་མི800ལྷག་རོགས་སྐྱོར་ཐོབ་ཐབས་བྱེད་རིང་དམར་གསོད་བཏང་བ་དང་། དབྱི་སི་རལ་སྲིད་གཞུང་གིས་མི་སེར་ལ་གཞི་རྩའི་མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར་བྱ་རྒྱུ་ཁས་མ་བླངས་པའི་བྱ་སྤྱོད་ནི་དང་ལེན་བྱེད་ཐབས་བྲལ་བ་ཞིག་རེད་ཅེས་བཤད་འདུག

གསལ་བསྒྲགས་ནང་ད་དུང་ཕ་ལེ་སི་ཐན་པ“མི་ཆོས་རིང་ལུགས་ཀྱི་གྲོང་ཁྱེར”དུ་གནས་སྤོ་བྱ་རྒྱུའི་གྲོས་མགོ་དེ་དང་ལེན་བྱེད་ཐབས་བྲལ་བ་ཞིག་ཡིན་པ་དང་། “ཡུན་རིང་རང་བཞིན་གྱི་བཙན་ཤེད་ཀྱིས་གནས་སྤོ་བྱེད་དུ་བཅུག་པ”དེ་རྒྱལ་སྤྱིའི་མི་ཆོས་རིང་ལུགས་ཀྱི་བཅའ་ཁྲིམས་ལས་འགལ་ཡོད་ཅེས་བཤད་པ་རེད། གསལ་བསྒྲགས་ནང་ད་དུང་ཕ་ལེ་སི་ཐན་གྱི་མངའ་ཁོངས་བཙན་བཟུང་བྱས་པའི་ཐད་མངའ་ཁོངས་སམ་ཡང་ན་མི་འབོར་གྱི་གྲུབ་ཆར་འགྱུར་ལྡོག་གཏོང་བའི་བྱེད་ཐབས་གང་རུང་སྤྱོད་རྒྱུར་ངོ་རྒོལ་མཐའ་གཅིག་ཏུ་བྱ་རྒྱུ་ཡིན་ཞེས་བཤད་ཡོད། 

ཡོ་རོབ་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གི་འཕྲལ་སྡོམ་གྲ་སྒྲིག་དང་། ཉམས་ཉེན་དོ་དམ་དང་ཞི་བདེ་སོགས་ཀྱི་ལས་དོན་གྱི་འགན་འཁུར་མཁན་ཨུ་ཡོན་གྱིས་ཀྱང་གསལ་བསྒྲགས་ཐོག་མིང་རྟགས་བཀོད་འདུག


མཉམ་སྤྱོད།