དེ་རིང་ནི2025ལོའི་ཟླ12པའི་ཚེས08ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཡུག་རེན་གྱི་ས་ཆ་མང་པོའི་ནུས་ཁུངས་སྒྲིག་བཀོད་ལ་མཁའ་རྒོལ་ཕོག་པ།

2025-12-08 10:34:26   |   49

རྩོམ་སྒྲིག ཀླུ་མོ་མཚོ།  ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན། བཤེར་འབེབས། རིན་ཆེན་ཚེ་རིང་།


ཡུག་རེན་གྱི་ཙུང་ཐུང་ཙེ་ལན་སི་ཅི་ཡིས་ཚེས6ཉིན་སྤྱི་འབྲེལ་སྨྱན་སྦྱོར་ཐོག་རྩོམ་ཡིག་སྤེལ་ནས།  ཨུ་རུ་སུའི་དམག་གིས་ཚེས5ཉིན་གྱི་དགོང་མོ་ནས་ཚེས6ཉིན་གྱི་ཐོ་རེངས་བར་སླར་ཡང་ཡུག་རེན་གྱི་ས་ཆ་མང་པོར་མཁའ་ཐོག་འཇབ་རྒོལ་བྱས་པ་དང་།  འཇབ་རྒོལ་གྱི་དམིགས་ཡུལ་གཙོ་བོ་ནི་ཡུག་རེན་གྱི་ནུས་ཁུངས་རྨང་གཞིའི་སྒྲིག་བཀོད་ཡིན་ཞེས་བརྗོད་འདུག  ཙེ་ལན་སི་ཅི་ཡིས་ཏི་ཉེ་པོ་ལུའོ་པི་ཏེ་ལུའོ་ཧྥུ་སི་ཁེ་མངའ་སྡེ་དང་ཆེའར་ཉི་ཀེ་ཧྥུ་མངའ་སྡེ་སོགས་ལ་འཇབ་རྒོལ་ཕོག་ནས་མི་སྣར་རྨས་སྐྱོན་བཟོས་ཡོད་ཅེས་བརྗོད་འདུག 

ཡུག་རེན་ནང་སྲིད་པུའི་པུ་ཀྲང་ཁེ་ལི་མན་ཁོ་ཡིས་ཚེས6ཉིན་སྤྱི་འབྲེལ་སྨྱན་སྦྱོར་ཐོག་རྩོམ་ཡིག་སྤེལ་ནས། མངའ་སྡེ་10ཡི་སྡོད་དམངས་ཐོག་ཁང་དང་། དེ་བཞིན་ནུས་ཁུངས་དང་ལྕགས་ལམ་སྒྲིག་བཀོད་ལ་འཇབ་རྒོལ་ཕོག་ཡོད་ཅིང་། ཚེས6ཉིན་གྱི་སྔ་དྲོ་བར་མཁའ་ཐོག་འཇབ་རྒོལ་ཁྲོད་ཉུང་མཐར་ཡང་མི8ལ་རྨས་སྐྱོན་བཟོས་ཡོད་ཅེས་བརྗོད་ཡོད།  ཡུག་རེན་མཁའ་དམག་གིས་ཚེས6ཉིན་ཁྱབ་བསྒྲགས་བྱས་པའི་ཆ་འཕྲིན་ལ་གཞིགས་ན།  ད་ཐེངས་ཨུ་རུ་སུའི་དམག་གིས་ཡུག་རེན་གྱི་མངའ་ཁོངས་སུ་མི་མེད་གནམ་གྲུ653དང་འཕུར་མདེལ་རིགས་ཁག51འཕངས་ཡོད་པ་རེད།


མཉམ་སྤྱོད།