དེ་རིང་ནི2025ལོའི་ཟླ12པའི་ཚེས29ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཀྲུང་གོ་དང་ཁམ་ཕུ་ཁྲེ། ཐེ་ལན་གྱི་ཕྱི་འབྲེལ་པུ་ཀྲང་མཇལ་འཛོམས་བདེ་བླག་ངང་འགྲུབ་པ་དང་འབྲེལ་གསར་འགྱུར་སྤྱི་བསྒྲགས་ཀྱང་སྤེལ་བ།

2025-12-29 14:49:17   |   17

སྒྲིག་སྒྱུར། ཀླུ་མོ་མཚོ།  ཡོང་ཁུངས། ཀྲུང་གོ་གསར་འགྱུར་དྲ་བ།   བཤེར་འབེབས། རིན་ཆེན་ཚེ་རིང་།


ཤིན་ཧྭ་གསར་འགྱུར་ཁང་གི་གནས་ཚུལ་ལྟར་ན། ཟླ12ཚེས29ཉིན། ཀྲུང་གོ་དང་ཁམ་ཕུ་ཁྲེ། ཐེ་ལན་གསུམ་གྱི་ཕྱི་འབྲེལ་པུ་ཀྲང་གི་མཇལ་འཛོམས་ཡུན་ནན་ཡུས་ཞི་རུ་བདེ་བླག་ངང་འགྲུབ་པ་རེད། ཕྱོགས་གསུམ་མཇལ་འཛོམས་བྱས་རྗེས་གསར་འགྱུར་སྤྱི་བསྒྲགས་སྤེལ་ནས། ཕྱོགས་ལྔའི་ཐད་ནས་ཁམ་ཕུ་ཁྲེ་དང་ཐེ་ལན་དབར་འབྲེལ་གཏུག་ལ་སྔར་བས་ཤུགས་སྣོན་རྒྱག་པ་དང་བསམ་ཤེས་ཟབ་ཏུ་བཏང་སྟེ། དམག་མཚམས་འཇོག་པའི་རྣམ་པ་རིམ་བཞིན་བརྟན་དུ་གཏོང་བ་དང་། ཕན་ཚུན་འགྲོ་འོང་སླར་གསོ། ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་བསྐྱར་འཛུགས། འབྲེལ་བ་ལེགས་སུ་གཏོང་བ། ས་ཁུལ་གྱི་ཞི་བདེ་སྲུང་སྐྱོང་བཅས་བྱ་རྒྱུ་ཡིན་པ་ཁ་གསལ་བཏོན་ཡོད།


མཉམ་སྤྱོད།