དེ་རིང་ནི2026ལོའི་ཟླ02པའི་ཚེས28ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

དབྱི་སི་རལ་དང་རྒྱ་གར་གྱིས“དམིགས་བསལ་གྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ”འཛུགས་རྒྱུའི་ཁྱབ་བསྒྲགས་བྱས་པ།

2026-02-27 17:10:06   |   53

སྒྲིག་སྒྱུར།   སངས་དོན།     ཡོང་ཁུངས།   ཞིན་ཧྭ་དྲ་བ།    བཤེར་འབེབས།    རིན་ཆེན་ཚེ་རིང་།


ཞིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་ཅེ་རུས་ས་ལེམ་ནས་ཟླ2པའི་ཚེས27ཉིན་འབྱོར་བའི་གློག་འཕྲིན། ཚེས26ཉིན། དབྱི་སི་རལ་གྱི་ཙུང་ལི་ནེ་ཐ་ཉི་ཡ་ཧུའུ་ཡིས་ཅེ་རུས་ས་ལེམ་དུ་འཚམས་འདྲིར་ཕེབས་པའི་རྒྱ་གར་གྱི་ཙུང་ལི་མོ་ཏི་དང་གྲོས་མོལ་བྱས་པ་དང་མཉམ་འབྲེལ་གསལ་བསྒྲགས་སྤེལ་ནས་ཕྱོགས་གཉིས་པོའི་འབྲེལ་བ་དེ“ཞི་བདེ་དང་། གསར་གཏོད། དར་རྒྱས་བཅས་ལ་ཕྱོགས་པའི་དམིགས་བསལ་འཐབ་ཇུས་རོགས་ཟླའི་འབྲེལ་བར”རིམ་སྤོར་བྱ་རྒྱུའི་ཁྱབ་བསྒྲགས་བྱས་པ་རེད།

ནེ་ཐ་ཉི་ཡ་ཧུའུ་ཡིས་དེ་ཉིན་མོ་ཏི་དང་མཉམ་དུ་སྨྱན་སྦྱོར་དང་མཇལ་འཛོམས་གནང་སྐབས་མོ་ཏི་ད་ཐེངས་ཀྱི་འཚམས་འདྲི་དེ“གྲུབ་འབྲས་གཡུར་ཟ”ཐོབ་པ་དང་ཕྱོགས་གཉིས་པོས་རྒྱ་གར་དུ་སྲིད་གཞུང་དབར་གྱི་ཚོགས་འདུ་འཚོག་རྒྱུར་མགྱོགས་མྱུར་སྐུལ་འདེད་བཏང་ནས་མཉམ་ལས་ཀྱི་བསམ་བཀོད་དེ་གྲུབ་འབྲས་དངོས་ལ་སྔར་བས་འགྱུར་བ་བྱ་རྒྱུ་ཡིན་ཞེས་གསུངས་པ་རེད།

ཕྱོགས་གཉིས་པོས་དེ་རྗེས་ཁྱབ་བསྒྲགས་བྱས་པའི་མཉམ་འབྲེལ་གསལ་བསྒྲགས་ནང་འཐབ་ཇུས་རོགས་ཟླའི་འབྲེལ་བ་རིམ་སྤོར་བྱས་ནས་སྲིད་གཞུང་དང་། ཁེ་ལས། དམངས་ཁྲོད་བཅས་རིམ་པ་མང་བའི་ལམ་སྲོལ་ཅན་གྱི་མཉམ་ལས་ལ་སྐུལ་འདེད་བཏང་སྟེ་མཉམ་ལས་གྲུབ་འབྲས་དོན་འཁྱོལ་དང་ཕན་འབྲས་ཐོན་པའི་འགན་ལེན་བྱས་ཏེ། དབྱི་སི་རལ་དང་རྒྱ་གར་གྱི་དམིགས་བསལ་འཐབ་ཇུས་རོགས་ཟླའི་འབྲེལ་བ་རྒྱུན་ཆད་མེད་པར་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་རྒྱུའི་གཏན་འབེབས་བྱས་ཡོད།

མཉམ་འབྲེལ་གསལ་བསྒྲགས་ལྟར་ན། ཕྱོགས་གཉིས་པོས་འཇིགས་སྐུལ་ལ་ངོ་རྒོལ་དང་། བདེ་འཇགས། དེ་བཞིན་ས་ཁུལ་གྱི་དུས་བབ་སོགས་ཐད་ཐུན་མོང་གི་ལངས་ཕྱོགས་མཚོན་པ་དང་འབྲེལ་ཚན་ཞིབ་གསར་གཏོད་དང་། ཐོན་ལས་སྦྲེལ་མཐུད། ཚོང་དོན་མ་འཇོག་སྟབས་བདེ་ཅན། གཏོང་སྤྲོད་ཕན་ཚུན་སྦྲེལ་མཐུད། ཞིང་ལས་ལག་རྩལ་ཁྱབ་གདལ་དང་དེ་བཞིན་ཆུའི་ཐོན་ཁུངས་དོ་དམ་སོགས་ཐད་མཉམ་ལས་ལ་ཤུགས་སྣོན་རྒྱག་རྒྱུ་ཡིན་ཞེས་བསྟན་པ་རེད།

ཚེས25ཉིན་རྒྱ་གར་གྱི་ཙུང་ལི་མོ་ཏི་དབྱི་སི་རལ་དུ་འབྱོར་ནས་དུས་ཡུན་ཉིན་གཉིས་ཀྱི་འཚམས་འདྲི་བྱེད་མགོ་བརྩམས་པ་རེད།


མཉམ་སྤྱོད།