དེ་རིང་ནི2026ལོའི་ཟླ02པའི་ཚེས28ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

དབྱི་སི་རལ་གྱིས་དབྱི་རན་ལ་འཇབ་རྒོལ་བྱས། དབྱི་རན་ཆེས་མཐོའི་གཙོ་འཛིན་གཞུང་ལས་ཁང་གི་ཉེ་འགྲམ་དུ་འཇབ་རྒོལ་ཕོག་པ།

2026-02-28 15:27:51   |   38

སྒྲིག་སྒྱུར།   སངས་དོན།     ཡོང་ཁུངས།   ཞིན་ཧྭ་དྲ་བ།    བཤེར་འབེབས།    རིན་ཆེན་ཚེ་རིང་།


ཞིན་ཧྭ་གསར་འགྱུར་ཁང་ཐེ་ཧེ་རན་དང་ཅེ་རུས་ས་ལེམ་ནས་ཟླ2པའི་ཚེས28ཉིན་འབྱོར་བའི་གློག་འཕྲིན། ཞིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པས་ཟླ2པའི་ཚེས28ཉིན་དབྱི་རན་གྱི་རྒྱལ་ས་ཐེ་ཧེ་རན་དུ་འབར་གས་ཀྱི་སྒྲ་ཆེན་པོ་ཐེངས་གསུམ་ཐོས་ཤིང་། དབྱི་སི་རལ་གྱི་རྒྱལ་སྲུང་པུའུ་ཀྲང་ཁ་ཚེས་དབྱི་རན་ལ“སྔོན་སྐྱོད་པའི”རྡུང་རྡེག་བཏང་བ་དང་འབྲེལ་དབྱི་སི་རལ་གྱི་མངའ་ཁོངས་ཧྲིལ་པོ་ཛ་དྲག་གི་གནས་སུ་སླེབས་པའི་ཁྱབ་བསྒྲགས་བྱས་ཡོད་ཅེས་བཤད་པ་རེད།

དབྱི་རན་ཧྥ་སི་གསར་འགྱུར་ཁང་གིས་གནས་ཚུལ་སྤེལ་བར་གཞིགས་ན། འཕུར་མདེལ་མང་པོ་ཞིག་ཐེ་ཧེ་རན་གྲོང་ཁྱེར་གྱི་ལྟེ་བའི་དམིགས་ཚད་མང་པོར་ཕོག་ཡོད་པ་རེད། ཨ་རིའི་མཉམ་འབྲེལ་གསར་འགྱུར་ཁང་གིས་དབྱི་རན་གྱི་ཆེས་མཐོའི་གཙོ་འཛིན་ཧ་མེ་ནེ་དབྱི་གཞུང་ལས་ཁང་གི་ཉེ་འགྲམ་དུ་འཇབ་རྒོལ་ཕོག་ཡོད་ཅེས་བཤད་པ་དང་། དབྱི་སི་རལ་གྱི་སྨྱན་སྦྱོར་གྱིས་གནས་ཚུལ་སྤེལ་བར་གཞིགས་ན། དབྱི་རན་གྱི་དམིགས་ཚད་བཅུ་གྲངས་ལ་འཇབ་རྒོལ་ཕོག་ཡོད།

དབྱི་སི་རལ་གྱི་རྒྱལ་སྲུང་དམག་གིས་དབྱི་སི་རལ་གྱི་མངའ་ཁོངས་ཡོངས་སུ་ཉེན་བརྡ་བཏང་བ་དང་ཁོང་ཚོས་ལག་ཐོགས་ཁ་པར་སྤྱོད་མཁན་ལ་ཐད་ཀར་ཉེན་ཟོན་སྔོན་བརྡ་བཏང་ནས་མང་ཚོགས་རྣམས་ཉེན་གཡོལ་ཁང་གི་ཉེ་འགྲམ་དུ་སྡོད་དགོས་པའི་བླང་བྱ་བཏོན་ཡོད་ཅེས་བཤད་པ་རེད།

གཞན་ཡང་དབྱི་སི་རལ་གྱི་སྨྱན་སྦྱོར་གྱིས་བདེ་འཇགས་མི་སྣའི་སྐད་ཆ་དྲངས་ནས་གནས་ཚུལ་སྤེལ་བར་གཞིགས་ན། དེ་ནི་དབྱི་སི་རལ་དང་ཨ་རིས་མཉམ་འབྲེལ་ཐོག་ལག་བསྟར་བྱས་པའི་འཇབ་རྒོལ་ཞིག་རེད།


མཉམ་སྤྱོད།