དེ་རིང་ནི2026ལོའི་ཟླ03པའི་ཚེས09ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

དབྱི་རན་གྱིས་གསར་དུ་བསྐོ་གཞག་བྱས་པའི་ཆེས་མཐོའི་གཙོ་འཛིན་བདམས་རྗེས་རེས་སྐོར་དང་པོའི་འཕུར་མདེལ་དྲག་རྒོལ་བྱས་པ།

2026-03-09 11:08:19   |   78

སྒྲིག་སྒྱུར།   སངས་དོན།    ཡོང་ཁུངས།   ཞིན་ཧྭ་དྲ་བ།     བཤེར་འབེབས།    རིན་ཆེན་ཚེ་རིང་།


ཞིན་ཧྭ་གསར་འགྱུར་ཁང་ཐེ་ཧེ་རན་ནས་ཟླ3པའི་ཚེས9ཉིན་འབྱོར་བའི་གློག་འཕྲིན། ཚེས9ཉིན་དབྱི་རན་རྒྱལ་ཁབ་བརྙན་འཕྲིན་ལས་ཁུངས་ཀྱིས་གནས་ཚུལ་སྤེལ་བར་གཞིགས་ན། དབྱི་རན་གྱིས“དམ་ཚིག—4”ཞེས་པའི་རླབས་ཐེངས30པའི་ཕར་རྒོལ་བྱས་པ་རེད། དེ་ནི་དབྱི་རན་གྱིས་གསར་དུ་བསྐོ་གཞག་བྱས་པའི་ཆེས་མཐོའི་གཙོ་འཛིན་བདམས་རྗེས་དབྱི་སི་རལ་ལ་བསླངས་པའི་འཕུར་མདེལ་དྲག་རྒོལ་ཐོག་མ་དེ་རེད།

ཚེས8ཉིན་དབྱི་རན་གྱི་ཆེད་མཁས་ཚོགས་འདུའི་ཐོག འདེམས་ཤོག་མང་ཆེ་བའི་ཐོག་ནས་མུའུ་ཅེ་ཐ་པ·ཧ་མེ་ནེ་དབྱི་དབྱི་རན་དབྱི་སི་ལམ་སྤྱི་མཐུན་རྒྱལ་ཁབ་ཀྱི་སྐབས་གསུམ་པའི་གཙོ་འཛིན་ལ་བདམས་པ་ཁྱབ་བསྒྲགས་བྱས་པ་རེད།


མཉམ་སྤྱོད།