དེ་རིང་ནི2026ལོའི་ཟླ03པའི་ཚེས24ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཁོ་ལོམ་པི་ཡའི་གནམ་གྲུ་ལྷུངས་པའི་དོན་རྐྱེན་ལས་མི48རྐྱེན་ལམ་དུ་ཤོར་བ།

2026-03-24 09:00:56   |   49

སྒྲིག་སྒྱུར། ཀླུ་མོ་མཚོ།  ཡོང་ཁུངས། ཀྲུང་གོ་གསར་འགྱུར་དྲ་བ།  བཤེར་འབེབས། རིན་ཆེན་ཚེ་རིང་།


ཤིན་ཧྭ་གསར་འགྱུར་ཁང་ནས་གནས་ཚུལ་སྤེལ་བ་ལྟར་ན། ཚེས23ཉིན་ཁོ་ལོམ་པི་ཡའི་ས་གནས་དེ་གའི་སྨྱན་སྦྱོར་གྱིས་ཆ་འཕྲིན་མི་སྣའི་སྐད་ཆ་དྲངས་ནས་གནས་ཚུལ་སྤེལ་བར་གཞིགས་ན། རྒྱལ་ཁབ་དེའི་ལྷོ་ནུབ་རྒྱུད་ཀྱི་ཕུའུ་ཐུའུ་མ་ཡུའེ་ཞིང་ཆེན་དུ་ཉིན་དེར་བྱུང་བའི་དམག་དོན་གནམ་གྲུ་ལྷུངས་པའི་དོན་རྐྱེན་ནང་མི48རྐྱེན་ལམ་དུ་ཤོར་བ་དང་མི70ལྷག་ལ་རྨས་སྐྱོན་ཕོག་ཡོད་པ་རེད། 

དེའི་སྔོན་དུ་གནས་ཚུལ་སྤེལ་བར་གཞིགས་ན། ས་གནས་དེ་གའི་དུས་ཚོད་ཟླ3ཚེས23ཉིན་གྱི་སྔ་དྲོ་ཁོ་ལོམ་པི་ཡའི་མཁའ་དམག་གིC-130“ལྷ་ཆེན་པོ”དམག་སྤྱོད་སྐྱེལ་འདྲེན་གནམ་གྲུ་ཞིག་ལྷོ་ནུབ་རྒྱུད་ཀྱི་ཕུའུ་ཐུའུ་མ་ཡུའེ་ཞིང་ཆེན་དུ་འཕུར་ནས་ཡུན་རིང་མ་སོང་བར་ལྷུངས་པ་རེད། སྐབས་དེར་གནམ་གྲུའི་ནང་དུ་མི125ཡོད་པ་རེད།

གནམ་གྲུར་ཕྱི་རོལ་གྱི་འཇབ་རྒོལ་ཐེབས་པའི་བདེན་དཔང་རྙེད་མེད། དོན་རྐྱེན་འབྱུང་རྐྱེན་ལ་བརྟག་དཔྱད་བྱེད་བཞིན་ཡོད་པ་རེད།


མཉམ་སྤྱོད།