དེ་རིང་ནི2026ལོའི་ཟླ03པའི་ཚེས31ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཕོ་བྲང་དཀར་པོས་ཁྲོམ་ཕུས་ཟླ4ཚེས6ཉིན་གྱི་ཡར་སྔོན་དུ་དབྱི་རན་དང་གྲོས་མཐུན་འཇོག་རྒྱུའི་རེ་བ་བྱེད་ཀྱི་ཡོད་པ་ར་སྤྲོད་བྱས་ཡོད།

2026-03-31 09:00:30   |   40

སྒྲིག་སྒྱུར། ཀླུ་མོ་མཚོ།  ཡོང་ཁུངས། ཀྲུང་གོ་གསར་འགྱུར་དྲ་བ།   བཤེར་འབེབས། རིན་ཆེན་ཚེ་རིང་།


ཨུ་རུ་སུའི་སྲུང་སྐར་འཕྲིན་གཏོང་ཁང་གིས་གནས་ཚུལ་སྤེལ་བར་གཞིགས་ན། ས་གནས་དེ་གའི་དུས་ཚོད་ཟླ3ཚེས30ཉིན་ཨ་རིའི་ཕོ་བྲང་དཀར་པོའི་མགྲིན་ཚབ་པ་ལའེ་ཝུའེ་ཐེས་ཨ་རིའི་ཙུང་ཐུང་ཁྲོམ་ཕུས་ཟླ4ཚེས6ཉིན་གྱི་མཐའ་མའི་དུས་བཀག་ཡར་སྔོན་དུ་དབྱི་རན་དང་གྲོས་མཐུན་འཇོག་རྒྱུའི་རེ་བ་བྱེད་ཀྱི་ཡོད་པ་ར་སྤྲོད་བྱས།

d46f1d57c22e372e96ac780978cefaea.jpg

དཔྱད་གཞིའི་པར་རིས། ཁྲོམ་ཕུ།

ཁྲོམ་ཕུས་ས་གནས་དེ་གའི་དུས་ཚོད་ཟླ3ཚེས26ཉིན་སྤྱི་ཚོགས་འབྲེལ་བའི་སྨྱན་སྦྱོར་བརྒྱུད་ཨ་རི་དང་དབྱི་རན་གྱི་གྲོས་མོལ་མུ་མཐུད་བྱེད་བཞིན་ཡོད་པ་དང་། ཨ་རིས་དབྱི་རན་གྱི་ནུས་ཁུངས་སྒྲིག་བཀོད་ལ་རྡུང་རྡེག་གཏོང་མཚམས་འཇོག་པའི་དུས་བཀག་དེ་ཨ་རིའི་ཤར་རྒྱུད་ཀྱི་དུས་ཚོད་ཟླ4ཚེས6ཉིན་གྱི་དགོང་མོའི་ཆུ་ཚོད8པ་བར་ཕྱིར་འགྱངས་བྱ་རྒྱུ་ཡིན་ཞེས་ཁྱབ་བསྒྲགས་བྱས་པ་རེད།


མཉམ་སྤྱོད།