དེ་རིང་ནི2026ལོའི་ཟླ04པའི་ཚེས16ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ནེ་ཐ་ཉི་ཡ་ཧུའུ་ཡིས་བརྙན་ལམ་ཐོག་གཏམ་བཤད་སྤེལ་ནས་དབྱི་སི་རལ་གྱིས་དམག་མཚམས་འཇོག་པར་ཆ་རྐྱེན་གསུམ་བཏོན་པ།

2026-04-16 10:40:12   |   25

སྒྲིག་སྒྱུར། མཁའ་འགྲོ་མཚོ། ཡོང་ཁུངས། ཀྲུང་གོ་གསར་འགྱུར་ཁང་། བཤེར་འབེབས། རིན་ཆེན་ཚེ་རིང་།


《དབྱི་སི་རལ་གྱི་སྐབས་དོན་ཚགས་པར》ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཚེས15ཉིན་གྱི་དགོང་མོར་དབྱི་སི་རལ་གྱི་ཙུང་ལི་ནེ་ཐ་ཉི་ཡ་ཧུའུ་ཡིས་གཏམ་བཤད་སྤེལ་ནས་དབྱི་སི་རལ་གྱིས་དབྱི་རན་དང་སླར་ཡང་གདོང་ཐུག་བྱ་རྒྱུ་གྲ་སྒྲིག་ཡག་པོ་བྱས་ཡོད་པ་དང་། ཆབས་ཅིག་དབྱི་སི་རལ་དམག་དཔུང་གིས་ཀྲེན་ཀྲུའུ་ཏང་ལ་རྒྱུན་མཐུད་ངང་རྡུང་རྡེག་གཏོང་བཞིན་ཡོད་པ། མི་འགྱང་བར་ལེ་པ་ནོན་གྱི་ཀྲེན་ཀྲུའུ་ཏང་གི་ལེ་པ་ནོན་ལྷོ་རྒྱུད་དུ་ཡོད་པའི་གྲོང་རྡལ་གལ་ཆེན་པིན་ཐེ་ཀྲུའུ་པའེ་ལེ་བཙན་བཟུང་བྱ་རྒྱུ་ཡིན་ཞེས་བཤད་པ་རེད།

微信图片_2026-04-16_104739_402.jpg

དབྱི་སི་རལ་གྱི་ཙུང་ལི་ནེ་ཐ་ཉི་ཡ་ཧུའུ། ཀྲུང་གོ་གསར་འགྱུར་ཁང་གི་གསར་འགོད་པ་ལེའོ་ཕན་གྱིས་པར་བླངས།

 གནས་ཚུལ་སྤེལ་བར་གཞིགས་ན། ནེ་ཐ་ཉི་ཡ་ཧུའུ་ཡིས་བརྙན་ལམ་གཏམ་བཤད་དུམ་བུ་ཞིག་ནང་ཨ་རི་ཕྱོགས་ཀྱིས་དབྱི་སི་རལ་ཕྱོགས་ལ་དབྱི་རན་དང་འབྲེལ་གཏུག་བྱས་ཚུལ་བརྡ་ཁྱབ་བཏང་བ་དང་། ཨ་རི་དང་དབྱི་སི་རལ་ཕྱོགས་གཉིས་ཀྱི་དམིགས་ཚད་གཅིག་མཐུན་ཡིན་པ་སྟེ། དབྱི་རན་ནས་ཡེའུ་གར་པོ་མེད་པར་བཟོ་རྒྱུ་དང་དབྱི་རན་མངའ་ཁོངས་སུ་ཡེའུ་གར་པོ་གཏོང་བའི་ནུས་པ་མེད་པར་བཟོ་བ། དེ་བཞིན་ཧོར་མུའུ་ཙི་མཚོ་འགག་སྒོ་འབྱེད་བྱ་རྒྱུ་བཅས་རེད།

ཁོང་གིས་མིག་སྔར་དབྱི་རན་གྱི་དུས་བབ་འཕེལ་ཕྱོགས་དང་མཇུག་འབྲས་བཤད་པ་སྔ་དྲགས་སོང་ཞེས་ཚིག་ཐག་བཅད། “དམག་འཁྲུག་སླར་ཡང་འབྱུང་སྲིད་པར་གཞིགས་ནས་ང་ཚོས་གནས་ཚུལ་གང་རུང་ལ་ཁ་གཏད་གཅོག་པའི་གྲ་སྒྲིག་ཡག་པོ་བྱས་ཡོད”ཅེས་བཤད་པ་རེད།

ནེ་ཐ་ཉི་ཡ་ཧུའུ་ཡིས་ད་དུང་དབྱི་སི་རལ་དམག་དཔུང་གིས་ལེ་པ་ནོན་གྱི་ཀྲེན་ཀྲུའུ་ཏང་གི་ལེ་པ་ནོན་ལྷོ་རྒྱུད་དུ་ཡོད་པའི་གྲོང་རྡལ་གཙོ་བོ་པིན་ཐེ་ཀྲུའུ་པའེ་ལེ(པིན་ཐེ་ཅེ་པེ་ལེ་ཡང་ཟེར)བཙན་བཟུང་བྱ་རྒྱུ་ཡིན་ཞེས་བཤད་པ་རེད། ཁོང་གིས་དམག་འཐབ་དེ“ལྟེ་བའི་རྟེན་གཞི”ནི་གཙོ་བོ་པིན་ཐེ་ཀྲུའུ་པའེ་ལེར་ཡིན་ལ། དབྱི་སི་རལ་དམག་དཔུང་གིས་ཀྲེན་ཀྲུའུ་ཏང་གི་གྲོང་རྡལ་གཙོ་བོ་དེ་བཙན་བཟུང་དང་རྩ་མེད་དུ་གཏོང་རྒྱུ་ཡིན་ཞེས་བཤད།

ཁོང་གིས་གཏམ་བཤད་སྤེལ་སྐབས་ད་དུང་ཉིན་སྔོན་མར་དབྱི་སི་རལ་དམག་དཔུང་གིས་བདེ་འཇགས་ཀྱི“བར་ཆོད་ཁུལ”ཟེར་བ་མུ་མཐུད་དུ་རྒྱ་ཆེར་བཏང་ནས་ཤར་ཕྱོགས་སུ་ཀེ་ལན་ཀའོ་ཏི་ཧོར་མོང་རི་བོའི་རི་ལྡེབས་སུ་སྣུར་སྲིང་བྱེད་དགོས་པའི་མཛུབ་སྟོན་གནང་ཡོད་ཟེར།

གནས་ཚུལ་སྤེལ་བར་གཞིགས་ན། ནེ་ཐ་ཉི་ཡ་ཧུའུ་ཡིས་ད་དུང་དབྱི་སི་རལ་ཕྱོགས་ཀྱིས་ཀྲེན་ཀྲུའུ་ཏང་དང་དམག་འཐབ་བྱེད་པ་དང་ཆབས་ཅིག་ལེ་པ་ནོན་དང་གྲོས་མོལ་བྱེད་ཀྱིན་ཡོད་ཅེས་བཤད་པ་རེད། “གྲོས་མོལ་དེ་དག་ད་ལྟ་བྱེད་བཞིན་ཡོད། ང་ཚོར་སྟོབས་ཤུགས་ཧ་ཅང་ཆེན་པོ་ཡོད་པས་གྲོས་མོལ་ལ་དམིགས་ཡུལ་གཙོ་བོ་གཉིས་ཡོད་པ་སྟེ། དང་པོ། ཀྲེན་ཀྲུའུ་ཏང་མཐར་སྐྲོད་གཏོང་རྒྱུ་དང་། གཉིས་པ། རྒྱུན་མཐུད་ཞི་བདེ་ཡོང་བ་བྱ་རྒྱུ།”

གཞན་ཡང་ཀྲུང་དབྱང་བརྙན་འཕྲིན་གསར་འགྱུར་ལས་ཁུངས་ཀྱིས་གནས་ཚུལ་སྤེལ་བར་གཞིགས་ན། ས་གནས་དེ་གའི་དུས་ཚོད་ཚེས15ཉིན་གྱི་དགོང་མོར། དབྱི་སི་རལ་ཕྱོགས་ཀྱིས་གནས་ཚུལ་སྤེལ་བར་གཞིགས་ན། དབྱི་སི་རལ་དམག་ཕྱོགས་ཀྱིས་ལེ་པ་ནོན་དང་དམག་མཚམས་འཇོག་པའི་གྲོས་མཐུན་འཇོག་ཆེད་གཞི་རྩའི་ཆ་རྐྱེན་གསུམ་གཏན་འཁེལ་བྱས་པ་སྟེ། 

1.དབྱི་སི་རལ་དམག་ཕྱོགས་ཀྱིས་ལི་ཐ་ཉི་གཙང་པོར་སྣུར་སྲིང་བྱེད་པའི་བར་ཆོད་ཁུལ་ཞིག་འཛུགས་རྒྱུ་དང་འབྲེལ་ལེ་པ་ནོན་གྱི་ཀྲེན་ཀྲུའུ་ཏང་གིས་ས་ཁོངས་དེར་བྱེད་སྒོ་སྤེལ་རྒྱུ་གཏན་འགོག་བྱེད་དགོས་པའི་བླང་བྱ་བཏོན་པ།

2.དབྱི་སི་རལ་དམག་ཕྱོགས་ཀྱིས་ལི་ཐ་ཉི་གཙང་པོའི་བྱང་རྒྱུད་ས་ཁུལ་དུ་དམག་དོན་བྱ་སྤྱོད་ཀྱི་རང་དབང་ཆ་ཚང་སྤྱོད་དགོས་པའི་རེ་འདུན་བཏོན་ཞིང་། དེའི་དམིགས་ཡུལ་ནི་དབྱི་སི་རལ་ཕྱོགས་ལ་འཕྲད་པའི་འཇིགས་སྐུལ་མེད་པར་བཟོ་རྒྱུ་དེ་རེད།

3.དབྱི་སི་རལ་དམག་ཕྱོགས་ཀྱིས་ཨ་རི་ཕྱོགས་ཀྱི་ལྟ་སྐུལ་འོག དུས་ཡུན་རིང་པོའི་གོ་རིམ་བརྒྱུད་ལེ་པ་ནོན་གྱི་ཀྲེན་ཀྲུའུ་ཏང་གི་དྲག་ཆས་མེད་པར་བཟོ་དགོས་པའི་བླང་བྱ་བཏོན་པ།


མཉམ་སྤྱོད།