དེ་རིང་ནི2026ལོའི་ཟླ04པའི་ཚེས27ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཅིན་ཀྲེང་ཨེན་གྱིས་བྱང་ཁོ་རེ་ཡས་སྔར་རྒྱུན་བཞིན་ཨུ་རུ་སུར་རྒྱབ་སྐྱོར་བྱ་རྒྱུ་ཡིན་ཞེས་བཤད་པ།

2026-04-27 15:02:13   |   108

སྒྲིག་སྒྱུར།   སངས་དོན།     ཡོང་ཁུངས།    ཞིན་ཧྭ་དྲ་བ།     བཤེར་འབེབས།    རིན་ཆེན་ཚེ་རིང་།


ཞིན་ཧྭ་གསར་འགྱུར་ཁང་ཕོང་དབྱང་ནས་ཟླ4པའི་ཚེས27ཉིན་འབྱོར་བའི་གློག་འཕྲིན། ཚེས27ཉིན་ཁྲའོ་ཞན་ཀྲུང་དབྱང་གསར་འགྱུར་ཁང་གིས་གནས་ཚུལ་སྤེལ་བར་གཞིགས་ན། བྱང་ཁོ་རེ་ཡའི་ངལ་རྩོལ་ཏང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་དོན་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཅིན་ཀྲེང་ཨེན་གྱིས་ཚེས26ཉིན་འཚམས་འདྲིར་ཕེབས་པའི་ཨུ་རུ་སུའི་རྒྱལ་ཁབ་ཏུའུ་མའི་ཀྲུའུ་ཞི་ཝོ་ལུའོ་ཅིན་དང་རྒྱལ་སྲུང་པུའུ་ཀྲང་པེ་ལུའོ་ཝུའུ་སུའོ་ཧྥུ་དང་མཇལ་འཛོམས་གནང་བ་རེད།

ཅིན་ཀྲེང་ཨེན་གྱིས་བྱང་ཁོ་རེ་ཡ་དང་ཨུ་རུ་སུ་རྒྱལ་ཁབ་གཉིས་པོའི་དམག་དཔུང་དང་མི་དམངས་ཀྱིས་དཔུང་པ་མཉམ་གཤིབ་ཀྱིས་དམག་འཐབ་བྱས་ཏེ་ཁུར་སི་ཁེའི་དམག་དོན་བྱ་སྤྱོད་ཁྲོད་རྒྱལ་ཁ་ཐོབ་པ་དེ་ནི་རྒྱལ་ཁབ་གཉིས་པོའི་མནའ་མཐུན་འབྲེལ་བ་སྟོབས་ཆེན་དང་སྲ་བརྟན་དུ་འགྲོ་བའི་ལོ་རྒྱུས་ཀྱི་དོན་རྐྱེན་ཞིག་ཡིན་པ་ར་སྤྲོད་བྱས་ཡོད། ཁོང་གིས་བྱང་ཁོ་རེ་ཡས་སྔར་རྒྱུན་བཞིན་ཨུ་རུ་སུས་རྒྱལ་ཁབ་ཀྱི་བདག་དབང་དང་། མངའ་ཁོངས་ཆ་ཚང་། བདེ་འཇགས་ཁེ་ཕན་བཅས་སྲུང་སྐྱོང་བྱེད་པའི་སྲིད་ཇུས་ལ་ཕྱོགས་ཡོངས་ནས་རྒྱབ་སྐྱོར་བྱ་རྒྱུ་ཡིན་ཞེས་གསུངས་པ་རེད།

གནས་ཚུལ་སྤེལ་བའི་ནང་མཇལ་འཛོམས་གནང་སྐབས་བྱང་ཁོ་རེ་ཡ་དང་ཨུ་རུ་སུས་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བའི་ཆིངས་ཡིག་གི་དགོངས་དོན་ལ་གཞིགས་ནས་ཕྱོགས་གཉིས་པོའི་འབྲེལ་བ་ཁྱོན་ཡོངས་ནས་འཕེལ་རྒྱས་གཏོང་རྒྱུའི་བསྐྱར་བཤད་བྱས་ཡོད། ཕྱོགས་གཉིས་པོས་ད་དུང་རྒྱལ་ཁབ་གཉིས་པོའི་ཆབ་སྲིད་དང་དམག་དོན་མཉམ་ལས་ལ་སྔར་བས་ཤུགས་སྣོན་རྒྱག་པའི་གནད་དོན་རབ་དང་རིམ་པར་གྲོས་བསྡུར་གནང་བ་རེད།


མཉམ་སྤྱོད།