དེ་རིང་ནི2025ལོའི་ཟླ04པའི་ཚེས30ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཞོགས་པའི་ཇ་ཡུན་གསར་འགྱུར།

2023-06-05 08:48:19   |   1184

སྒྲིག་སྒྱུར། སངས་རྒྱས་སྐྱིད། ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར་འཕྲིན་སྟེགས། བཤེར་འབེབས། རིན་ཆེན་ཚེ་རིང་། 


གསར་འགྱུར་གལ་ཆེན།

微信图片_20230605084843.jpg

  • ཚེས4ཉིན། ལྷ་གྲུ་ཨང་བཅོ་ལྔ་པའི་མི་སྡོད་འཕུར་གྲུའི་ཕྱིར་ལོག་སྡོད་ཤག་དེ་ཤར་རླུང་ས་ཐོག་འབབ་ཚིགས་སུ་བདེ་བླག་ངང་བབས་པ་དང་། འཇིག་རྟེན་འཕུར་སྐྱོད་པ་ཧྥེ་ཅུན་ལུང་དང་། ཏེང་ཆིང་མེང་། ཀྲང་ལུ་བཅས་ཚང་མ་བདེ་འཇགས་ངང་གྲུ་ཁང་ནས་ཕྱིར་བུད་པ་དང་། ལྷ་གྲུ་ཨང་བཅོ་ལྔ་པའི་མི་སྡོད་འཕུར་སྐྱོད་ལས་འགན་ལེགས་འགྲུབ་བྱུང་།

  • ཚོང་དོན་པུའི་གཞི་གྲངས་ལས་མངོན་པ་ལྟར་ན། ད་ལོའི་ཟླ་དང་པོ་ནས་བཞི་པའི་བར་རང་རྒྱལ་གྱི་གནས་སྐོར་ཞབས་ཞུ་ཕྱིར་གཏོང་ནང་འདྲེན་སྒོར་དུང་ཕྱུར 4441.9ཟིན་པ་དེ་དུས་མཚུངས་ལས63.4%འཕར་ཡོད།

  • རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་གྱིས་ཉེ་ཆར་ཀྲུང་དབྱང་གི་སྔོན་རྩིས་ནང་གི་མ་འཇོག་སྒོར་དུང་ཕྱུར265.5འོག་རིམ་ལ་སྤྲད་དེ། རྒྱལ་ཁབ་དང་ཞིང་ཆེན་རིམ་པའི་ས་ཁོངས་ཀྱི་སྨན་བཅོས་ལྟེ་གནས་སོགས་ལས་གཞི241འཛུགས་པར་རྒྱབ་སྐྱོར་བྱས།

  • སློབ་གསོ་པུས2023ལོའི་མཐོ་རྒྱུགས་ཀྱི་སྔོན་ཟོན་ཆ་འཕྲིན་ཁྱབ་བསྒྲགས་བྱས་པ་དང་། རྒྱ་ཆེའི་རྒྱུགས་སྤྲོད་སློབ་མར་ཡིད་རྟོན་རྒྱུགས་ལེན་བྱེད་པ་དང་མགོ་སྐོར་འོག་མི་ཚུད་པའི་དྲན་སྐུལ་བྱས། 

  • ཚེས4ཉིན་བཟོ་འཕྲིན་པུས6Gལག་རྩལ་ཞིབ་འདོན་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་རྒྱུ་ཡིན་ཞེས་བསྟན།

  • ཀྲུང་གོ་དངོས་རྒྱུག་དང་ཉོ་སྒྲུབ་ཀྱིས་མཉམ་འབྲེལ་ཐོག་ཡོངས་བསྒྲགས་བྱས་པའི་གཞི་གྲངས་ལས་མངོན་པ་ལྟར་ན། མིག་སྔར་རྒྱལ་ཡོངས་ཀྱི་གཞི་ཁྱོན་ཡན་གྱི་དངོས་རྒྱུག་གླིང་ཁུལ2553ཟིན་ཡོད།

    微信图片_20230605084849.jpg

  •  ཚེས4ཉིན། རང་རྒྱལ་གྱི་རང་བདག་ཤེས་བྱའི་བདག་དབང་ལྡན་པའི་ཀྲའོ་ཝ110རིམ་པའི་རླངས་སྒུལ་འཁོར་ལོ་ཆེ་གྲས་དེ་ཐོན་རྫས་བཤེར་བདར་བརྟག་དཔྱད་ལས་བརྒལ་བ་དང་། རིམ་པ་གཅིག་པའི་རྩོལ་ཕྱོད་ཀྱི་རྒྱལ་སྤྱིའི་སྔོན་ཐོན་ཆུ་ཚད་དུ་སླེབས་ཡོད།

  • ས་གནས་དེ་གའི་སྨྱན་སྦྱོར་གྱིས་ཚེས4ཉིན་གནས་ཚུལ་སྤེལ་བར་གཞིགས་ན། རྒྱ་གར་གྱི་མེ་འཁོར་ལྕགས་ལམ་ལས་བྲལ་ནས་རྡུང་ཐུག་རྒྱབ་པའི་ལས་འཛོལ་ནང་རྐྱེན་ལམ་དུ་ཤོར་བའི་མི་གྲངས294བར་མང་དུ་ཕྱིན་འདུག

སྤྱི་ཚོགས།

  • གཟའ་འཁོར་འདིར་དབུས་ཤར་རྒྱུད་དུ་གཞི་ཁྱོན་ཆེ་བའི་ཚ་བ་ཆེ་བའི་གནམ་གཤིས་འདུག་པ་དང་། ཧྭ་བྱང་དང་ཧོང་ཧེའི་བྱང་རྒྱུད་སོགས་ས་ཁུལ་ཁག་ཅིག་གི་དྲོད་ཚད་མཐོ་ཤོས35℃ཡན་ཟིན་རྒྱུ་རེད།

  • སློབ་གསོ་པུས་གནས་ཚུལ་སྤེལ་བར་གཞིགས་ན། 2022ལོའི་ལོ་མཇུག་བར། རང་རྒྱལ་གྱི་རིམ་པ་ཁག་དང་རིགས་སོ་སོའི་ཆེད་འཁུར་དགེ་རྒན་ཁྲི 1880.4ཟིན་ཡོད།

  • ཀྲུང་གོའི་རྩོམ་པ་པོ་མཐུན་ཚོགས་ཀྱིས་སྙན་ཞུ་ཁྱབ་བསྒྲགས་བྱས་པར་གཞིགས་ན། ཀྲུང་གོའི་དྲ་རྒྱའི་རྩོམ་རིག་ཕྱི་རྒྱལ་དུ་སྤྱོད་མཁན་དུང་ཕྱུར1.5ལས་བརྒལ་ཡོད།

微信图片_20230605084905.jpg

  • ཚེས4ཉིན། ཀྲུང་གོའི་བར་སྣང་ས་ཚིགས་ཀྱི་བར་སྣང་ཚན་རིག་ཚོད་ལྟའི་དངོས་དཔེ་ཁག་བཞི་པ་ལྷ་གྲུ་ཨང་བཅོ་ལྔ་པའི་འཕུར་གྲུ་དང་མཉམ་དུ་བདེ་བླག་ངང་ཕྱིར་ལོག་བྱས་པ་དང་ཚོད་ལྟའི་ཚན་རིག་མཁས་ཅན་ལ་སྤྲད།

  • ཚེས3ཉིན་ཧྲན་ཞིས་ཀྱིས་དྲན་སྐུལ་བསླབ་འདོམས་སྤེལ་བ་སྟེ། འབྲིང་རྒྱུགས་དང་མཐོ་རྒྱུགས་སྐབས་སུ་མགྲོན་ཁང་གི་ཚོང་གཉེར་པས་མགྲོན་ཁང་གི་རིན་གོང་ཧམ་སྤར་བྱེད་མི་ཆོག་པ་དང་། དེ་ལས་འགལ་ཚེ་དངུལ་ཆད་མཐོ་ཤོས་སྒོར་ཁྲི500གཅོད་རྒྱུ་ཡིན་ཞེས་བསྟན།

  • ཉེ་ཆར་རང་རྒྱལ་གྱི་ཚན་ཞིབ་ཚོགས་པས“གཟུགས་ཅན”གྱི་སྐྱེ་དངོས་དུས་ཚོད་གནས་པ་དང་དེའི་ཚིགས་འགྲོས་སྙོམས་སྒྲིག་ལམ་སྲོལ་གསལ་སྟོན་བྱས།

  • ཚེས4ཉིན་སི་ཁྲོན་ལེ་ཧྲན་དུ་རི་བོ་མཐོན་པོ་རྡིབ་པའི་དོན་རྐྱེན་བྱུང་བ་དང་། ཉིན་དེའི་ཆུ་ཚོད20བར་མི19རྐྱེན་ལམ་དུ་ཤོར།

  • ཉེ་ཆར་ཨན་ཧེ་སུའུ་སུང་གི་དྲ་རྒྱའི་གཙོ་སྒྲོག་པ5ཡིས་ཞེན་རྨོངས་ཇེ་མང་དུ་འགྲོ་བའི་ཆེད་དུ་ཐད་གཏོང་ནང་རྡུང་རེས་རྒྱག་པའི་གྲོས་དན་བྱས་པས་ཚང་མ་སྲིད་འཛིན་བཀག་ཉར་བྱས།

    微信图片_20230605084911.jpg

  • ལོ31ལ་སླེབས་པའི་ཁེར་རྐྱང་ནད་ཀྱི་དྲག་སྐྱེད་དགེ་རྒན་ཀྲུའུ་ཧུང་ལིན་ཉེ་ཆར་ནད་གཞི་ཡི་རྐྱེན་གྱིས་ཚེ་ལས་འདས་པ་དང་། མོ་རང་འཚོ་བཞུགས་སྐབས་རང་ཉིད་ཀྱི་དབང་པོ་ཚང་མ་ཞལ་འདེབས་རྒྱག་རྒྱུའི་ཐག་བཅད།

སྲིད་ཇུས།

  • ཀོང་ཞིས་ཀྱིས་བྱ་ཐབས་བཟོ་བཅོས་བྱས་ཏེ། ས་ཁང་བདག་ཁོངས་གསར་སྤེལ་ཁེ་ལས་ཀྱིས་སྔོན་འཚོང་ཆོག་མཆན་མ་ཐོབ་གོང་ཚོང་ཟོག་ཁང་པ་ཕྱིར་ཚོང་བྱེད་སྒོ་སྤེལ་མི་ཆོག

  • ཧོ་པེ་ཡིས2023ལོའི་ལོ་མཇུག་བར་དུ་ཞིང་ཆེན་ཡོངས་ཀྱི་རྒན་གསོའི་སྒྲིག་གཞི་དང་རིམ་པ་གཉིས་པ་ཡན་གྱི་སྨན་བཅོས་སྒྲིག་གཞིའི་དབར་གན་རྒྱ་འཇོག་ཚད100%ཟིན་རྒྱུ་ཡིན་པ་ཁ་གསལ་བཏོན། 

  • ཧྲའན་ཞིས་ཀྱིས“མི་གཅིག་དུད་ཚང”གི་གུན་སྐྱོབ་ཁྱབ་ཁོངས་རྒྱ་ཆེར་བཏང་བ་དང་། དམའ་སྲུང་མཐའ་མཚམས་ཁྱིམ་ཚང་གི་ནུས་པ་ཤོར་བ་ཚབས་ཆེན་ཡིན་པ་དང་། ནུས་པ་ཡོངས་སུ་ཤོར་བའི་རྒན་པ་ཡིན་ན“མི་གཅིག་དུད་ཚང”ལྟར་དམའ་སྲུང་ཁྱབ་ཁོངས་ནང་འཇུག་རྒྱུ་རེད།

འཚོ་བའི་དྲན་སྐུལ།

  • དེ་རིང་གི་གནམ་གཤིས། ཡུན་ནན་གྱི་དབུས་ཤར་རྒྱུད་དང་། ཧོ་ནན་གྱི་ཤར་ལྷོའི་རྒྱུད། ཨན་ཧེ་དང་ཀོང་ཏུང་གི་ལྷོ་ནུབ་རྒྱུད། ཧེ་ནན་གླིང་ཕྲན་སོགས་ས་ཁུལ་ཁ་ཤས་སུ་ཆར་པ་འབྲིང་བ་ནས་ཆེ་བ་འབབ་རྒྱུ་ཡིན་པ་དང་། དེའི་ནང་ཀའེ་ཀྲོའུ་ཡི་ནུབ་རྒྱུད་དང་བྱང་ཤར་རྒྱུད། ཧུ་པེའི་ལྷོ་ནུབ་རྒྱུད། ཅང་སུའུ་ཡི་ཤར་ལྷོའི་རྒྱུད་སོགས་ས་ཁུལ་ཁ་ཤས་སུ་དྲག་ཆར་དང་དྲག་ཆར་ཆེན་པོ་འབབ་རྒྱུ་རེད།

    微信图片_20230605084917.jpg


མཉམ་སྤྱོད།