དེ་རིང་ནི2025ལོའི་ཟླ04པའི་ཚེས30ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

མདོ་ལས་དབུལ་ཐར་འགག་སྒྲོལ་དང་གྲོང་གསེབ་དར་སྤེལ་ལེགས་པོར་སྦྲེལ་བའི་ཚོགས་འདུ་བསྡུས་པ།

2023-06-21 10:19:11   |   7359

རྩོམ་སྒྲིག དམ་ཆོས་བསམ་འགྲུབ། ཡོང་ཁུངས། མདོ་ལ་རྫོང་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས། བཤེར་འབེབས། རིན་ཆེན་ཚེ་རིང་། 


ཟླ6པའི་ཚེས19ཉིན། མདོ་ལ་རྫོང་གིས་དབུལ་ཐར་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་རྒྱ་བསྐྱེད་པ་གྲོང་གསེབ་དར་སྤེལ་དང་སྦྲེལ་མཐུད་ནུས་ལྡན་བྱས་པའི་ཕྱིར་ལྡོག་གནད་དོན་དག་ཐེར་ལ་ཞིབ་དཔྱོད་དཔྱད་དཔོག་གི་ལས་དོན་བཀོད་གཏོང་ཚོགས་འདུ་བསྡུས།

640.jpg

རྫོང་ཨུའི་ཧྲུའུ་ཅི་དང་རྫོང་ཡོངས་ཀྱི་དབུལ་ཐར་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་རྒྱ་བསྐྱེད་པ་གྲོང་གསེབ་དར་སྤེལ་དང་སྦྲེལ་མཐུད་ནུས་ལྡན་བྱེད་པའི་གནད་དོན་དག་ཐེར་ལས་དོན་མགོ་ཁྲིད་ཚན་ཆུང་གི་ཚན་གཙོ་ཧོ་པིན་གྱིས་ཚོགས་འདུར་གཙོ་སྐྱོང་གནང་བ་དང་གཏམ་བཤད་སྤེལ།

640 (1).jpg

640 (3).jpg

ཚོགས་འདུའི་ཐོག་གཅིག་ནས་ལངས་གནས་མཐོ་རུ་བཏང་ནས་ནུས་ཤུགས་ཆེ་དྲགས་ཀྱིས་གནད་དོན་དག་ཐེར་དམ་པོར་འཛིན་པ། ཡུལ་གྲོང་ཁག་དང་སྡེ་ཚན་སོ་སོས་ངེས་པར་དུ་ཆབ་སྲིད་གླེང་བའི་མཐོ་ཚད་ནས་གནད་དོན་ལ་བལྟ་བ་དང་། གནད་དོན་དག་ཐེར་ལས་དོན་གྱི་གལ་ཆེའི་རང་བཞིན་དང་དགོས་གཏུག་རང་བཞིན་ལ་ངོས་འཛིན་གང་ལེགས་བྱས་ཏེ་བསམ་བློ་དང་བྱ་སྤྱོད་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་ཐོག་གཅིག་གྱུར་ཡོང་བ་བྱེད་པ་དང་། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྤྱིའི་བཀོད་སྒྲིག་སྟེང་གཅིག་གྱུར་ཡོང་བ་བྱེད་པ། ཞིང་ཆེན་དང་ཁུལ་རྫོང་གི་སྤྱིའི་འཆར་གཞི་སྟེང་གཅིག་གྱུར། གནད་དོན་དག་ཐེར་གྱི་བྱ་བའི་བླང་བྱའི་སྟེང་གཅིག་གྱུར་བྱེད་དགོས། སྤུས་ཚད་མཐོ་བས་གནད་དོན་དག་ཐེར་ལེགས་འགྲུབ་བྱེད་པ་དེ“འདུ་ཤེས་བཞི”ཇེ་དྲག་ཏུ་གཏོང་བ་དང་། “རང་རྟོན་བཞི”བརྟན་པོར་འཛིན་པ། “སྲུང་སྐྱོང་གཉིས”སྒྲུབ་པའི་གལ་ཆེའི་ཞིབ་དཔྱད་བྱེད་པ་རུ་འཛིན་དགོས་ཤིང་། ཐོག་མའི་འགན་འཁྲི་ལག་ཏུ་བསྟར་བའི་མངོན་སྟངས་ཡིན། གཙོ་གནད་ལྟེ་བར་འཛིན་པ་དང་། འགག་རྩར་དམིགས་པ། དཀའ་གནད་ལ་གདོང་གཏུག་ནས་སེམས་ཤུགས་བརྟན་པོ་དང་། ཚད་གཞི་དོམ་པོ། ཤུགས་ཚད་དྲག་པོ། བྱེད་ཐབས་དངོས་ཡོད་ཀྱིས་སྦྲེལ་མཐུད་ནུས་ལྡན་གྱི་ཞིབ་དཔྱོད་དཔྱད་དཔོག་བྱས་པའི་ཕྱིར་ལྡོག་གནད་དོན་ལ་ཕྱོགས་ཡོངས་ནས་དག་ཐེར་དང་མཐིལ་རྟོགས་གཙང་སེལ་བྱེད་དགོས། 

གཉིས་ནས་དངོས་འཚོལ་དོན་གཉེར་དང་བྱེད་ཐབས་དངོས་ཀྱིས་གནད་དོན་དག་ཐེར་ལེགས་པོར་འཛིན་དགོས། གནད་དོན་དག་ཐེར་གྱི་ཕན་འབྲས་དེ་མཐར་གཏུགས་ན་གྲོང་གསེབ་དར་སྤེལ་དང་སྦྲེལ་མཐུད་ནུས་ལྡན་བྱེད་པའི་ཐོག་ནས་ཕྱིར་མཚོན་བྱེད་དགོས། དབུལ་ལོག་སྔོན་འགོག་གི་རྟོག་འཇལ་རོགས་འདེགས་དང་། དབུལ་སྐྱོར་མ་དངུལ་གང་འགབ་ཅི་སྤྱོད། རོང་འབྲོག་ཁུལ་གྱི་མི་སྡོད་ཁོར་ཡུག་བཅོས་སྐྱོང་། ཡུལ་སྲོལ་དཔལ་ཡོན། གཞི་གྲངས་སྡོམ་རྩིས། ལས་གཞི་འཛུགས་སྐྲུན་སོགས་ཕྱོགས6གི་གཙོ་གནད་ལས་འགན་ལ་དམ་པོར་དམིགས་ནས་དབུལ་ཐར་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་རྒྱ་བསྐྱེད་པ་གྲོང་གསེབ་དར་སྤེལ་དང་སྦྲེལ་མཐུད་ནུས་ལྡན་ཏན་ཏིག་སྐུལ་འདེད་གཏོང་དགོས། 

གསུམ་ནས་འགན་འཁྲི་བརྟན་པོ་དང་བླང་བྱ་ནན་ཤོས་ལ་བརྟེན་ནས་གནད་དོན་དག་ཐེར་ལ་དམ་འཛིན་ཡག་པོ་བྱེད་དགོས། འགན་འཁྲི་དང་པོ་ཇེ་ནན་དུ་གཏོང་དགོས། ཡུལ་གྲོང་ཁག་དང་སྡེ་ཚན་སོ་སོའི་འགན་འཁུར་བློ་མཐུན་གཙོ་བོ་ནི་འགན་འཁྲི་འཁུར་མཁན་དང་པོ་ཡིན་པས་ཡུལ་སྲུང་གི་འགན་འཁྲི་ཡོད་པ་དང་། ཡུལ་སྲུང་གི་འགན་འཁྲི་འཁུར་བ། ཡུལ་སྲུང་གི་འགན་འཁྲི་ཅི་ལྕོགས་ཀྱིས་འཁུར་བ་བཅས་ཐོག་མཐའ་བར་གསུམ་དུ་གྲོང་གསེབ་དར་སྤེལ་གཏོང་རྒྱུ་དེ་ལས་ཀའི་མགོ་མར་འཇོག་པ་དང་། ལྷག་པར་དུ་ཡུལ་གྲོང་གི་ཏང་ཨུའི་ཧྲུའུ་ཅི་དང་ཡུལ་གྲོང་གི་མགོ་ཁྲིད། དཔོན་པོ་གཙོ་བོའི་གཙོ་འགན་འཁུར་དགོས་ཤིང་། “མཛུབ་སྟོན་པ”བྱེད་དགོས་པའི་མ་ཟད“ལག་བསྟར་རུ་དཔོན”ཡང་བྱེད་དགོས། དངོས་གནས་དག་ཐེར་ཁྱོན་ཡོངས་རྒྱུས་ལོན་དང་། གནད་འགག་ལྷུ་ཚིགས་དངོས་སུ་མཐུན་སྦྱོར། གདུབ་ཚིགས་གལ་ཆེན་དངོས་སུ་བཀོད་གཏོང་། དོན་ཚན་གཙོ་བོ་དངོས་སུ་རྟོག་འདོམས། དཀའ་གནད་འགན་འཁྲི་དངོས་སུ་འཁུར་བ་བྱེད་དགོས། མཐུན་སྦྱོར་འགན་འཁྲི་ནན་ཏན་དུ་སྤེལ་དགོས། རྫོང་ཡོངས“མིག་གདན་གཅིག”གི་བསམ་བློ་བརྟན་པོ་བཙུགས་ཏེ་རྫོང་རིམ་པའི་མགོ་ཁྲིད་ཀྱིས་ཡུལ་གྲོང་གི་ལས་དོན་ལ་འབྲེལ་གཏུག་དང་མཛུབ་ཁྲིད་བྱེད་པའི་ལམ་སྲོལ་ལ་ནན་པོར་གཞིགས་ནས་མང་ཙམ་རྒྱུག་པ་དང་། འདྲི་རྩད་མང་ཙམ་བྱེད་པ། མཐུན་སྦྱོར་མང་ཙམ་བྱེད་པ་བཅས་བྱས་ཏེ་གནད་དོན་དག་ཐེར་ལས་དོན་ལ་དམ་པོར་དམིགས་ནས་གཞི་རིམ་གྱི་དངོས་ཡོད་གནད་དོན་དང་དཀའ་ངལ་ཐག་གཅོད་ཏན་ཏིག་བྱེད་དགོས། ཡུལ་གྲོང་ཁག་དང་སྡེ་ཚན་ཁག་དབར། སྡེ་ཚན་ཕན་ཚུན་དབར་གཅིག་གྱུར་མཐུན་སྦྱོར་ལ་ཤུགས་སྣོན་རྒྱག་པ་དང་། ཕན་ཚུན་སྤེལ་རེས་དང་མཉམ་ཤུགས་ཆགས་པ་བྱས་ཏེ་སྲིད་ཇུས་ཁག་དོན་ཐོག་ཏུ་འཁྱོལ་རྒྱུའི་འགན་ལེན་བྱེད་དགོས། གནད་དོན་དག་ཐེར་ལས་དོན་མགོ་ཁྲིད་ཚན་ཆུང་གཞུང་ལས་ཁང་གིས་སྣེ་ཁྲིད་དང་སྤྱི་ཡོངས་དམ་འཛིན་གྱི་ནུས་པ་འདོན་སྤེལ་གང་ལེགས་བྱེད་དགོས་ཤིང་། ལམ་ལུགས་དང་ལམ་སྲོལ་ཁག་འཐུས་ཚང་དུ་གཏོང་བ། རྒྱུན་དུ་བཀོད་གཏོང་དང་རྒྱུན་དུ་རྟོག་འདོམས་བྱེད་པ། དག་ཐེར་ལས་དོན་གྱི་སྒྲིག་འཛུགས་མཐུན་སྦྱོར་དང་། སྤྱི་ཡོངས་སྐུལ་འདེད། ལས་འགན་དོན་འཁྱོལ་བཅས་ཀྱི་ལས་དོན་ལ་གཅིག་གྱུར་འགན་འཁུར་དགོས། དུས་བཀག་ལྟར་ལས་ཀའི་འཕེལ་རིམ་གནས་ཚུལ་སྙན་སེང་ཞུ་དགོས། སྡེ་སྡོད་རུ་ཁག་གི་འགན་འཁྲི་ཇེ་ནན་དུ་གཏོང་དགོས། ལས་ཀའི་འགན་འཁྲི་དང་ལས་འགན་སྔར་བས་ཁ་གསལ་བཟོས་ནས་སྡེ་བའི་བཅའ་སྡོད་ཧྲུའུ་ཅི་དང་པོ་དང་སྡེ་སྡོད་ལས་དོན་རུ་མིའི་འགན་འཁྲི་ཇེ་ནན་དུ་གཏོང་བ་དང་། སྡེ་སྡོད་ལས་བྱེད་པའི་རྒྱུན་གཏན་གྱི་ལས་སྒྲུབ་ལ་ཤུགས་སྣོན་རྒྱག་པ། ཞིབ་བཤེར་བྱས་འབྲས་དེ་ཕུལ་བྱུང་དཔྱད་བསྡུར་དང་བྱ་དགའ་ཆད་གཅོད་ཀྱི་གཞི་འཛིན་ས་གལ་ཆེན་དུ་བརྩིས་ནས་སྡེ་སྡོད་ཧྲུའུ་ཅི་དང་པོ་དང་ལས་དོན་རུ་ཁག་གིས་འགན་འཁྲི་གཙང་སྒྲུབ་བྱེད་པའི་འགན་ལེན་བྱེད་དགོས། རྩ་འཛུགས་སྡེ་ཚན་གྱིས་ཧྲུའུ་ཅི་དང་པོ་སྡེ་བར་བཅའ་སྡོད་བྱེད་པའི་འབྲེལ་ཡོད་ལམ་ལུགས་དང་གཏན་འབེབས་དོན་འཁྱོལ་ནན་པོ་བྱེད་དགོས་ཤིང་། ཡུལ་གྲོང་ཏང་ཨུས་སྡེ་སྡོད་རུ་མིའི་ལས་ཀ་དང་འཚོ་བའི་འགན་ལེན་ཐག་གཅོད་ཏན་ཏིག་བྱས་ནས་ལས་དོན་རུ་མིས་བློ་བདེ་པོའི་ངང་ལས་ཀ་བྱེད་པ་དང་ནུས་པ་འདོན་སྤེལ་ཐུབ་པའི་འགན་ལེན་བྱེད་དགོས། 

རྫོང་ཨུའི་ཧྲུའུ་ཅི་གཞོན་པའམ་རྫོང་དཔོན། རྫོང་ཡོངས་ཀྱི་དབུལ་ཐར་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་རྒྱ་བསྐྱེད་པ་གྲོང་གསེབ་དར་སྤེལ་དང་སྦྲེལ་མཐུད་ནུས་ལྡན་བྱེད་པའི་གནད་དོན་དག་ཐེར་ལས་དོན་མགོ་ཁྲིད་ཚན་ཆུང་གི་ཚན་གཙོ་ཧོ་ཧྲེང་ཅེ་ཡིས“འགག་རྩ་གཉིས”ཁོང་དུ་ཆུད་པ་དང་། “ཚོགས་སྤྱི་རིགས་གཉིས”ལ་དོ་ཁུར། “དམིགས་ཚད་བཞི”ལ་དམིགས་པ། “མཐོར་འདེགས་གཉིས”ལྟེ་བར་འཛིན་པ། “འགན་འཁྲི་གསུམ”དོན་འཁྱོལ་བྱེད་པ་སོགས་ཕྱོགས་ལྔ་ནས་དུས་མཚམས་རྗེས་མའི་དག་ཐེར་ལས་དོན་ལ་བཀོད་སྒྲིག་ཞིབ་ཕྲ་བྱས། 

རྫོང་ཡོངས་ཀྱི་དབུལ་ཐར་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་རྒྱ་བསྐྱེད་པ་གྲོང་གསེབ་དར་སྤེལ་དང་སྦྲེལ་མཐུད་ནུས་ལྡན་བྱེད་པའི་གནད་དོན་དག་ཐེར་ལས་དོན་མགོ་ཁྲིད་ཚན་ཆུང་གི་ཚན་གཙོ་དང་ཚན་གཙོ་གཞོན་པ། དེ་བཞིན་ཁོངས་མིའི་ཚན་པ་ཁག་གི་འགན་འཁུར་བ་གཙོ་བོ་ཚོགས་འདུར་ཞུགས།


མཉམ་སྤྱོད།