དེ་རིང་ནི2025ལོའི་ཟླ06པའི་ཚེས15ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

མདོ་ལས་རིག་རྩལ་གནས་སྐོར་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོགས།

2023-06-27 14:26:43   |   6014

རྩོམ་སྒྲིག དམ་ཆོས་བསམ་འགྲུབ། ཡོང་ཁུངས། མདོ་ལ་རྫོང་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས། བཤེར་འབེབས། རིན་ཆེན་ཚེ་རིང་། 


ཟླ6པའི་ཚེས25ཉིན། “ལྷ་ཁམས་མདོ་ལ། སྙན་ངག་དང་རྒྱང་རིང་གི་ཁྱིམ་གཞིས”——མདོ་ལ་རྫོང་གི2023ལོའི་རིག་རྩལ་གནས་སྐོར་བྱེད་སྒོའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་དེ་མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེར་ཤིན་ཧྭ་ལེན་སུའོ་ཧྥེ་ཐི་མགྲོན་བྲང་ཆེན་མོར་འཚོགས་ཤིང་། མདོ་ལ་རྫོང་མི་དམངས་སྲིད་གཞུང་གི་འབྲེལ་ཡོད་འགན་འཁུར་བ་ཡོངས་བསྒྲགས་ཚོགས་འདུར་ཞུགས་པ་དང་འབྲེལ་ཤིས་ཚིག་ཕུལ། མདོ་ལ་རྫོང་རིག་རྩལ་གནས་སྐོར་རྒྱང་བརྙན་ཅུའི་འགན་འཁུར་བས་བྱེད་སྒོའི་འབྲེལ་ཡོད་གནས་ཚུལ་ངོ་སྤྲོད་བྱས་ཤིང་ཡུལ་དངོས་ནས་གསར་འགོད་པའི་དྲི་བར་ལན་བཏབ། ཀྲུང་གོ་གསར་འགྱུར་ཁང་དང་། མཚོ་སྔོན་ཉིན་རེའི་ཚགས་པར། ནུབ་མཚོ་མཁར་གྲོང་ཚགས་པར། ཟི་ལིང་དགོང་དྲོའི་ཚགས་པར་སོགས་སྨྱན་སྦྱོར་གྲགས་ཅན་གྱི་འཐུས་ཚབ་ཐེངས་འདིའི་ཡོངས་བསྒྲགས་ཚོགས་འདུ་ལ་ཞུགས།

图片1.png

ཡོངས་བསྒྲགས་ཚོགས་འདུའི་སྟེང་། ཡིག་རིགས་འགྲེམས་སྟོན་དང་དྲིལ་སྒྲོག་བརྙན་པར་གཏོང་བའི་རྣམ་པ་བརྒྱུད་མདོ་ལ་རྫོང་གི་ངོ་མཚར་རང་བྱུང་མཛེས་པ་དང་། རྔམ་མཐུག་པའི་དམངས་སྲོལ་གོམས་གཤིས། རྒྱུན་རིང་བའི་ལོ་རྒྱུས་རིག་གནས་བཅས་གཅིག་སྡུད་ཐོག་ཕྱིར་མཚོན་བྱས། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་གྱི་སྲིད་དབང་བཙུགས་ནས་ལོ70འཁོར་བར་རྟེན་འབྲེལ་ཞུ་བ(མདོ་ལ་རྫོང་གི་སྲིད་ཚུགས་ནས་ལོ70འཁོར་བ)དང་རྒྱལ་སྤྱིའི་སྐྱེ་ཁམས་གནས་སྐོར་གྱི་དམིགས་ས་འཛུགས་སྐྲུན། སྐྱེ་ཁམས་གནས་སྐོར་རིག་གནས། ཁྱད་ལྡན་དུས་ཆེན་དང་ལུས་རྩལ་འགྲན་བསྡུར་སོགས་ཀྱི་བརྗོད་དོན་གཙོ་བོར་དམིགས་ནས་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་གྱི་སྲིད་དབང་བཙུགས་ནས་ལོ70འཁོར་བའི་མདོ་ལ་རྫོང་གི་ཆེད་དོན་རིག་རྩལ་དགོང་ཚོགས་དང་། 2023ཀྲུང་གོ•མདོ་ལ་སྐྱེ་ཁམས་རིག་གནས་གནས་སྐོར་དུས་ཆེན། ཀྲུང་གོ•མདོ་ལའི་རྐང་ཐང་འགྲན་བསྡུར་ཆེན་མོ། ཀྲུང་གོ•མདོ་ལའི་སྒར་འདེབས་ཚོགས་ཆེན། ཁྲང་ཡའོ་མདོ་ལའི་བརྗོད་དོན་གཙོ་བོའི་སྙན་ངག་དུས་ཆེན། “ལྷ་ཁམས་རྟགས་མའི”རྟ་རྒྱུགས་རིག་གནས་གནས་སྐོར་འགྲེམས་སྟོན། དར་གོས་ཚོང་ལམ“མདོ་ལ་རིང་མོ་རྟགས་མའི”སྤོ་ལོའི་གདན་ཞུ་འགྲན་བསྡུར་སོགས་རིགས་སྣ་མི་གཅིག་པའི་རིག་རྩལ་གནས་སྐོར་བྱེད་སྒོ་དོན་ཚན11གཙོ་གནད་ཀྱིས་ཁྱབ་བསྒྲགས་བྱས། “གནས་སྐོར+ཁམས་གསེང”གནས་སྐོར་གྱི་རྣམ་པས“རིག་གནས++གནས་སྐོར+++ལུས་རྩལ”གྱི་མཉམ་འདྲེས་ལ་སྐུལ་འདེད་བཏང་ནས། མི་དམངས་མང་ཚོགས་སྔོ་ལྗང་རི་ཀླུང་ཁྲོད་ནས་རང་བྱུང་གི་མཛེས་པ་དང་སྦྱོང་བརྡར་གྱི་མཛེས་པ། རིག་གནས་ཀྱི་མཛེས་པའི་དགོས་གཏུག་གི་དགོས་མཁོའི་བློ་ཡིད་ཚིམས་པ་བྱས་ཏེ། རིག་གནས་རང་རྟོན་བར་མ་ཆད་པར་ཇེ་བརྟན་དུ་གཏོང་བ། རིག་གནས་གནས་སྐོར་ཐོན་ལས་འཕེལ་རྒྱས་ཀྱི་གསོན་ཤུགས་སླར་གསོ་དང་། གྲོང་གསེབ་དར་སྤེལ་ལ་རོགས་འདེགས་སྒོས་མདོ་ལ་རྫོང་གི་སྤྱི་ཚོགས་དཔལ་འབྱོར་ཁྱོན་ཡོངས་འཕེལ་རྒྱས་ཀྱི་གོམ་སྟབས་ཇེ་མགྱོགས་སུ་གཏོང་དགོས།

图片2.png

ཉེ་བའི་ལོ་ཤས་རིང་། མདོ་ལ་རྫོང་གིས་ཞིང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་སྐྱེ་ཁམས་དཔལ་ཡོན་གྱི་བཙན་ས་གསར་སྐྲུན་དང་རྒྱལ་སྤྱིའི་སྐྱེ་ཁམས་གནས་སྐོར་དམིགས་ས་འཛུགས་སྐྲུན་བྱེད་པའི་འཐབ་ཇུས་བཀོད་སྒྲིག་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ཏེ། དར་ཆ་སྒྲེང་བ་དང་། དམངས་སེམས་གཅིག་སྒྲིལ། མི་གསར་གསོ་སྐྱོང་། རིག་གནས་དར་སྤེལ། སྣང་བརྙན་མངོན་པ་བཅས་ཀྱི་འགན་འཁྲི་ལ་དམ་པོར་དམིགས་ནས། རིག་གནས་ཀྱིས་གནས་སྐོར་བསྐྱེད་པ་དང་གནས་སྐོར་གྱིས་རིག་གནས་མངོན་པ་རྒྱུན་འཁྱོངས་སྒོས་རིག་གནས་བྱ་གཞག་དང་རིག་གནས་ཐོན་ལས། གནས་སྐོར་ལས་རིགས་བཅས་དར་རྒྱས་གོང་འཕེལ་འབྱུང་བར་སྐུལ་འདེད་བཏང་། “སྙན་ངག”དང“རྒྱང་རིང”གི་རི་མོ་གསར་དུ་བྲིས་པས། རིག་གནས་ཀྱིས་བླ་སྲོག་གཏོད་པ་དང་རིག་གནས་ཀྱིས་ནུས་ཤུགས་སྩོལ་བ། གནས་སྐོར་དམངས་དོན་དུ་གཉེར་བ། གནས་སྐོར་གྱིས་སྣེ་ཁྲིད་པ་བཅས་ཀྱི་བྱེད་ལས་ཕུན་སུམ་ཚོགས་པར་མངོན། “ལྷ་ཁམས་མདོ་ལའི”གནས་སྐོར་སྤུས་རྟགས་ཀྱི་སྐད་གྲགས་ཆོད་ཚད་དང་སྙན་གྲགས་རྒྱས་ཚད་ཟམ་མ་ཆད་པར་གོང་དུ་འཕེལ།

图片3.png

ཤེས་རྟོགས་བྱུང་བར་གཞིགས་ན། མདོ་ལ་རྫོང་གིས་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་གྱི་སྲིད་དབང་བཙུགས་ནས་ལོ70འཁོར་བར་རྟེན་འབྲེལ་ཞུ་བ་དང་མདོ་ལ་རྫོང་གི་སྲིད་དབང་བཙུགས་ནས་ལོ70འཁོར་བར་རྟེན་འབྲེལ་ཞུ་བའི་གཙོ་ཐིག་ལ་དམ་པོར་དམིགས་ཏེ། གཙོ་གནད་ལས་དོན་དང་རིག་གནས་གནས་སྐོར་ལས་དོན་གྱི་དོན་དངོས་དང་ཟུང་འབྲེལ་ཐོག2023ལོའི་རིག་གནས་གནས་སྐོར་བྱེད་སྒོར་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་གྱི་ཆ་དང་ལྡན་པར་སྤེལ་རྒྱུ་ཡིན་པ་མ་ཟད། དེང་རབས་རིག་གནས་མཉམ་འདྲེས་ཀྱི་ཆའང་ལྡན་པའི་སྒོ་ནས། སྔར་བས་ལྟད་མོ་མོད་པ་དང་སྔར་བས་དོན་སྙིང་གིས་ཕྱུག་པའི་ཁྱད་ཆོས་ལྡན་པའི་རིག་གནས་གནས་སྐོར་བརྒྱུད། མདོ་ལའི་ཁྱད་ཆོས་ལྡན་པའི་གནས་སྐོར་ལས་རིགས་འཕེལ་རྒྱས་ཀྱི་འཕྲེད་ཚད་དང་བར་མཐོངས་སྔར་བས་ལྷག་པར་རྒྱ་བསྐྱེད་རྒྱུ་དང་། རིག་གནས་གནས་སྐོར་མཉམ་འདྲེས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ། མང་ཚོགས་ཀྱི་བསམ་པའི་རིག་གནས་ཀྱི་འཚོ་བ་སྔར་བས་ཕུན་སུམ་ཇེ་ཚོགས་སུ་གཏོང་བ་དང་། ལྷ་ཁམས་མདོ་ལའི་གནས་སྐོར་སྤུས་རྟགས་ཀྱི་སྐད་གྲགས་ཆོད་ཚད་གོང་དུ་སྤེལ་ནས། འབྱོར་ཕྱུག་དཔལ་ཡོན་འཆམ་མཐུན་མཛེས་སྡུག་ལྡན་པའི་དེབ་རབས་ཅན་གྱི་མདོ་ལ་གསར་བ་འཛུགས་སྐྲུན་བྱེད་པར་སྟོབས་ཤུགས་འབུལ་རྒྱུ་རེད།


མཉམ་སྤྱོད།