དེ་རིང་ནི2025ལོའི་ཟླ05པའི་ཚེས05ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཞོགས་པའི་ཇ་ཡུན་གསར་འགྱུར།

2023-06-28 08:19:43   |   2441

སྒྲིག་སྒྱུར། སངས་རྒྱས་སྐྱིད། ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར་འཕྲིན་སྟེགས། བཤེར་འབེབས། རིན་ཆེན་ཚེ་རིང་། 


གསར་འགྱུར་གལ་ཆེན།

  • ཟླ6ཚེས27ཉིན་གྱི་ཕྱི་དྲོར་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེན་མོར་ཀྲུང་གོར་དངོས་གཞིའི་འཚམས་འདྲི་གནང་བར་ཕེབས་པའི་པ་པ་ཏོ་སིའི(巴巴多斯)ཙུང་ལི་མོ་ཐེ་ལི(莫特利)དང་མཇལ་འཕྲད་གནང་།

  • ཟླ6ཚེས27ཉིན་གྱི་ཕྱི་དྲོར་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེན་མོར་ཀྲུང་གོར་དངོས་གཞིའི་འཚམས་འདྲི་གནང་བར་ཕེབས་པའི་ནེའུ་ཙི་ལན(新西兰)གྱི་ཙུང་ལི་ཞི་ཕུའུ་ཅིན་སི(希普金斯)དང་མཇལ་འཕྲད་གནང་།

  • ཟླ6ཚེས27ཉིན་གྱི་ཕྱི་དྲོར་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེན་མོར་ཀྲུང་གོར་དངོས་གཞིའི་འཚམས་འདྲི་གནང་བར་ཕེབས་པའི་མོང་གོལ་རྒྱལ་ཁབ(蒙古国)ཀྱི་ཙུང་ལི་ཨོ་ཡུན་ཨེར་ཏེང(奥云额尔登)དང་མཇལ་འཕྲད་གནང་།

  • ཟླ6ཚེས27ཉིན་གྱི་ཕྱི་དྲོར་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེན་མོར་ཀྲུང་གོར་དངོས་གཞིའི་འཚམས་འདྲི་གནང་བར་ཕེབས་པའི་ཝེ་ཐེ་ནམ(越南)གྱི་ཙུང་ལི་ཧྥན་མིང་ཀྲེང(范明政)དང་མཇལ་འཕྲད་གནང་།

  • བཟོ་འཕྲིན་པུས་གནས་ཚུལ་སྤེལ་བར་གཞིགས་ན། 2022ལོའི་ལོ་མཇུག་ཏུ་རང་རྒྱལ་གྱི་གཞི་ཁྱོན་ཡན་གྱི་བཟོ་ལས་ཁེ་ལས་ཆུང་འབྲིང་གི་གཉེར་སྐྱོང་ཡོང་འབབ་སྒོར་དུང་ཕྱུར་ཁྲི80ལས་བརྒལ།

  • ཀྲུང་དབྱང་དྲ་འཕྲིན་གཞུང་དོན་ཁང་གིས་ཚེས27ཉིན་ནས་བཟུང་དབྱར་གནང་སྐབས་ཀྱི་ན་སོ་དར་ལ་མ་བབས་པའི་ན་གཞོན་གྱི་དྲ་རྒྱའི་ཁོར་ཡུག་བཅོས་སྒྲིག་གི་ཆེད་དོན་བྱེད་སྒོ་སྤེལ་རྒྱུ་རེད། ཆེད་དོན་བྱེད་སྒོའི་གཙོ་གནད་ནི་དྲ་རྒྱའི་བརྙས་བཅོས་དང་ཡུལ་གྱིས་བསྐལ་བའི་འཆལ་རྩེད་སོགས་གནད་དོན་ཕྱོགས་བདུན་ཡིན། 

  • ཚེས27ཉིན། རང་རྒྱལ་གྱིས་འཛམ་གླིང་ཚོང་དོན་རྩ་འཛུགས་ཀྱི《ཉ་ལས་ཁ་གསབ་གྲོས་ཆོད》ཀྱི་གྲོས་ཆོད་ཡི་གེ་དངོས་སུ་དང་ལེན་བྱས།

    1.jpg

  • 2023ལོའི་སྐྱེས་མའི་ལག་རྩེད་སྤོ་ལོའི་ཨེ་ཤེ་ཡ་བུམ་པའི་འགྲན་སྡུར་ནང་ཀྲུང་གོའི་སྐྱེས་མའི་ལག་རྩེད་སྤོ་ལོའི་རུ་ཁག་གིས་སྐར་གྲངས80:46གི་ཐོག་ནས་ནེའུ་ཙི་ལན་རུ་ཁག་ལས་རྣམ་པར་རྒྱལ་བ་དང་། ཚན་ཆུང་འགྲན་སྡུར་ལ་བསྟུད་མར་ཐེངས་གཉིས་ལ་རྒྱལ་ཁ་ཐོབ།

  • ཚེས27ཉིན་ཨུ་རུ་སུའི་རྒྱལ་ཕྲན་མཉམ་འབྲེལ་བདེ་འཇགས་ཅུ་ཡིས་ཝ་ཀེ་ན(瓦格纳)རྩ་འཛུགས་ཀྱི་སྲོལ་གཏོད་པ་ཕུའུ་ལི་ཀེ་རེན(普里戈任)ལ་དམིགས་པའི་ཉེས་དོན་ཐོ་འགོད་ཕྱིར་འཐེན་བྱས་ཞེས་ཁྱབ་བསྒྲགས་བྱས།

སྤྱི་ཚོགས།

  • དེ་རིང་དང་སང་ཉིན་བར། ཧོ་པེའི་ལྷོ་རྒྱུད་དང་། ཧོ་ནན། ཧྲན་ཏུང་གི་ནུབ་བྱང་ཁུལ་གྱི་ས་ཁུལ་ཁ་ཤས་བཅས་ཀྱི་ཆེས་དམའ་བའི་དྲོད་ཚད30℃ཡས་མས་ཟིན་རྒྱུ་རེད།

  • སློབ་གསོ་པུས་བརྡ་ཐོ་བཏང་བ་སྟེ། ཞིབ་འཇུག་སློབ་སྦྱོང་དང་དབྱར་སྒར་སོགས་ཀྱི་མིང་ཐོག་ནས་སྒྲིག་འགལ་ངང་དབྱར་གནང་སྐབས་ཀྱི་སློབ་ཚན་རིགས་ཀྱི་གསོ་སྦྱོང་སྤེལ་བའི་གནད་དོན་ལ་གཅིག་སྡུད་ཐོག་བཅོས་སྒྲིག་བྱ་རྒྱུ་ཡིན་ཞེས་བསྟན།

  • ཞིང་ལས་དང་གྲོང་གསེབ་པུས་གསལ་བསྒྲགས་སྤེལ་བ་སྟེ། ཉེ་ཆར་ཁྲིམས་འགལ་བས་ཞིང་ལས་གྲོང་གསེབ་པུ་དང་། ནོར་སྲིད་པུ། ཀྲུང་ཧྭ་རྒྱལ་ཡོངས་མཁོ་འཚོང་མཉམ་ལས་སྤྱི་ཁྱབ་ཁང་བཅས་ཀྱི་མིང་ཐོག་ནས་ཡིག་ཆ་རྫུན་བཟོ་དང་། རྫུན་བཟོ་བྱས་པའི་སྡེ་ཁག་གི་གཞུང་ཐམ་ཡང་ཡིག་ཆའི་སྟེང་བརྒྱབ་འདུག་པས། སྤྱི་ཚོགས་ཀྱི་ལས་རིགས་ཁག་གིས་མགོ་སྐོར་འོག་ཚུད་པར་དོགས་ཟོན་བྱ་དགོས།

  • ཚེས27ཉིན་གྱི་ཐོ་རེངས་སུ། སི་ཁྲོན་ཝུན་ཁྲོན(汶川)ལ་ཤྭ་འོད་དང་འདམ་རུད་ཀྱི་གནོད་འཚེ་བྱུང་། མིག་སྔའི་བར་དུ་གནོད་འཚེའི་རྐྱེན་གྱིས་མི་གསུམ་ལ་འབྲེལ་བ་ཆད་པ་དང་མི4རྐྱེན་ལམ་དུ་ཤོར།

  • ཞིང་ལས་དངུལ་ཁང་གིས་སྤྱི་བསྒྲགས་སྤེལ་བ་སྟེ། ཟླ7པ་ནས་བཟུང་མི་སྒེར་གྱི་ཡུན་རིང་མི་བཀོལ་བའི་བཅོལ་འཛིན་རྩིས་ཁྲར་གྲལ་བཤེར་གཙང་བཤེར་ལས་དོན་སྔ་རྗེས་སུ་སྤེལ་རྒྱུ་ཡིན་ཞེས་བསྟན།

  • ཧྲན་ཞི(山西)ཞིང་ཆེན་གནའ་རྫས་རྟོག་ཞིབ་ཞིབ་འཇུག་ཁང་གིས་སྙན་ཞུ་ཁྱབ་བསྒྲགས་བྱས་པར་གཞིགས་ན། གནའ་རྫས་རྟོག་ཞིབ་མི་སྣས་དབྱང་ཆོན(阳泉)དུ་ཀྲན་གོའི་དུས་སྐབས་ཀྱི་ཁྲོན་པའི་རྗེས་ཤུལ་ཤེས་རྟོགས་བྱུང་བ་དང་། དེ་ཡིས་ལོ་ངོ2400ཡི་གོང་དུ་ཁྲོན་པ་བཟོ་བའི་ལག་རྩལ་ཡོད་པ་དངོས་སུ་བདེན་དཔང་བྱས།

    2.jpg

  • ཨན་ཧེ་ཙུང་དབྱང(安徽枞阳)གི་ལོ26ཅན་གྱི་རུ་འཁྱུར་དམག་མི་ཞུས་དབྱི་ཧེ(徐毅晖)ཡིས་ཐེངས་གཉིས་ལ་ཆུ་ནང་དུ་མཆོངས་ཏེ་མི་བསྐྱབས། ཡིན་ནའང་ལུས་སྟོབས་ཀྱིས་མ་འདང་བས་སྟབས་མ་ལེགས་པར་ཚེ་ལས་འདས། ནང་མིས་ཁོའི་འཚོ་བཞུགས་སྐབས་ཀྱི་འདོད་བློ་ལྟར་ཁོའི་བེམ་པོ་གསོ་རིག་ལས་དོན་ལ་ཞལ་འདེབས་སུ་ཕུལ།

སྲིད་ཇུས།

  • ཧེ་ལུང་ཅང(黑龙江)གིས་ཞིང་ལས་ཐོན་རྫས་ཀྱི་ཐོན་རྫས་གསར་པ་གསར་སྤེལ་བྱ་རྒྱུར་སྐུལ་མ་བཏང་བ་སྟེ། ལོ་འཁོར་གྱི་ཐོན་རྫས་རྐྱང་པའི་ཕྱིར་ཚོང་ཡོང་འབབ་སྒོར་ཁྲི200ཡན་ཟིན་པའི་ཞིང་ཆེན་གྱི་གཙོ་གནད་ཐོན་རྫས་གསར་པར། ཐོན་རྫས་རྐྱང་པ་ལ་བྱ་དགའ་མཐོ་ཤོས་སྒོར་ཁྲི50སྤྲོད་རྒྱུ་རེད།

  • ཧུའུ་ནན(湖南)གྱིས“གནས་སྐོར་བ་ཧུའུ་ནན་དུ་འདྲེན་པའི”གནས་སྐོར་བྱ་དགའི་བྱ་ཐབས་བཏོན་པ་སྟེ། བླང་བྱ་དང་མཐུན་པའི་གནས་སྐོར་ཁེ་ལས་ལ་བྱ་དགའ་མཐོ་ཤོས་སྒོར་ཁྲི80སྤྲོད་རྒྱུ་ཡིན་པ་དང་། ཟླ6ཚེས30ཉིན་ནས་བཟུང་དངོས་སུ་ལག་བསྟར་བྱ་རྒྱུ་རེད།

དེ་རིང་གི་གནམ་གཤིས།

3.jpg

  • ནང་སོག་གི་དབུས་རྒྱུད་དང་། བོད་ལྗོངས་ཀྱི་བྱང་རྒྱུད། ནུབ་བྱང་ས་ཁུལ་གྱི་ཤར་རྒྱུད། ཧྭ་བྱང་། ཧོང་ཧོའེ(黄淮)ཡི་ཤར་རྒྱུད། ཁྲོན་ནུབ་མཐོ་སྒང(川西高原)གི་བྱང་རྒྱུད། ལྷོ་ནུབ་ས་ཁུལ་གྱི་བྱང་ཤར་རྒྱུད་སོགས་ས་ཁུལ་ཁ་ཤས་སུ་ཆར་བ་འབྲིང་བ་ནས་ཆེ་བ་འབབ་རྒྱུ་རེད། དེ་དག་ལས་ཀན་སུའུ་ཡི་ཤར་ལྷོའི་རྒྱུད་དང་། ཧྲན་ཞི(陕西)ཡི་བྱང་ཤར་རྒྱུད་དང་ལྷོ་ནུབ་རྒྱུད། ཧྲན་ཞི(山西)ཡི་དབུས་རྒྱུད། སི་ཁྲོན་གཤོང་སའི་བྱང་རྒྱུད་སོགས་ས་ཁུལ་ཁ་ཤས་སུ་དྲག་ཆར་དང་དྲག་ཆར་ཆེན་པོ་འབབ་རྒྱུ་རེད།


མཉམ་སྤྱོད།