དེ་རིང་ནི2024ལོའི་ཟླ10པའི་ཚེས18ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཀྲུང་གོའི་མཚོ་སྔོན་རྒྱལ་སྤྱིའི་མི་རིགས་སྲོལ་རྒྱུན་མདའ་འཕེན་རྩེ་གྲ་བའི་འགྲན་བསྡུར་སྐབས་བརྒྱད་པ་རྐང་ཚ་རུ་བདེ་བླག་ངང་མཇུག་སྒྲིལ།

2023-07-04 16:14:01   |   946

རྩོམ་སྒྲིག   སངས་དོན།   ཡོང་ཁུངས།   རྐང་ཚ་རྫོང་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས།     བཤེར་འབེབས།  རིན་ཆེན་ཚེ་རིང་། 


2222.jpg

  ཟླ7ཚེས3ཉིན། ཀྲུང་གོའི་མཚོ་སྔོན་རྒྱལ་སྤྱིའི་མི་རིགས་སྲོལ་རྒྱུན་མདའ་འཕེན་རྩེ་གྲ་བའི་འགྲན་བསྡུར་སྐབས་བརྒྱད་པ་རྐང་ཚ་རྫོང་དུ་མཇུག་གྲིལ། ཞིང་ཆེན་མདའ་འཕེན་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་མགོན་པོ་བཀྲ་ཤིས་དང་། ཞིང་ཆེན་ལུས་རྩལ་ཅུའི་ཕྱི་ཕྱོགས་སྤེལ་རེས་མཉམ་ལས་ཁྲུའུ་ཡི་ཁྲུའུ་ཀྲང་ཝང་ཝུའེ་ཀྲང་། རྐང་ཚ་རྫོང་གི་ཚན་ཁག་ཆེན་པོ་བཞིའི་མགོ་ཁྲིད་བཅས་མཛད་སྒོར་ཞུགས་པ་དང་རྫོང་ཨུའི་རྒྱུན་ཨུའམ་རྫོང་དཔོན་གཞོན་པ་ཅི་ཧྲིན་ཝུའེ་ཡིས་མཇུག་སྒྲིལ་མཛད་སྒོར་གཙོ་སྐྱོང་གནང་།

1.jpg

2.png

 སྐབས་འདིའི་འགྲན་བསྡུར་ལ་རྒྱལ་སྤྱིའི་མདའ་འཕེན་འགྲན་བསྡུར་གྱི་སྒྲིག་སྲོལ་གཞིར་བཟུང་ཐོག  གཞུ་རིགས་བཞི་དང་རྣམ་གྲངས་ལྔ་བཀོད་སྒྲིག་བྱས་ཡོད་པ་དང་། འགྲན་བསྡུར་དེ་ས་ཁོངས་དང་། མི་རིགས། ཤ་མདོག་བཅས་ཀྱི་དབྱེ་བ་མེད་པར་རྒྱལ་ཁབ་དང་ས་ཁུལ24ཡི་རུ་ཁག52བདམས་ཐོན་བྱས་ཡོད་ལ་མི900ལྷག་ཙམ་འགྲན་བསྡུར་ནང་ཞུགས་ཡོད། ཉིན་གསུམ་གྱི་འགྲན་བསྡུར་བརྒྱུད། རྒྱ་ཆེའི་རྩལ་ཁྲིད་པ་དང་། ཤན་འབྱེད་པ། དང་བླངས་པ། ལས་དོན་མི་སྣ་བཅས་ཀྱིས་ཚད་མཐོའི་ལས་བཀུར་སྙིང་སྟོབས་ལ་བརྟེན་ནས་འགྲན་བསྡུར་གྱི་བྱེད་སྒོ་ཁག་བདེ་བླག་ངང་སྤེལ་རྒྱུར་འགན་ལེན་ནུས་ལྡན་བྱས་པ་དང་། སྨྱན་སྦྱོར་དང་གསར་འགྱུར་གསར་འགོད་པས་སྨྱུ་གུ་དང་གསོན་ཉམས་དོད་པའི་པར་རྩལ་ལ་བརྟེན་ནས་འགྲན་བསྡུར་གྱི་ངོ་མཚར་ཆེ་བའི་སྐད་ཅིག་མ་དེ་བརྒྱུད་སྤྲོད་བྱས་ཏེ། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་གྲུབ་འབྲས་དང་རྐང་ཚའི་མཛེས་ཉམས་མངོན་པར་བྱས་པས།  བོད་མཁར་རྐང་ཚའི་ཤུགས་རྐྱེན་ཐེབས་ནུས་དང་སྙན་གྲགས་ཆོད་ཚད་གོང་མཐོར་བཏང་། 

 ཐེངས་འདིའི་འགྲན་བསྡུར་ནང་གཞོང་ཐང་རྫོང་རུ་ཁག་དང་། ཧྲེན་ཀྲེན་རུ་ཁག  དམར་གཙང་ཆུས་རུ་ཁག མཚོ་བྱང་ཁུལ་རུ་ཁག  གུང་ཧོ་རྫོང་རུ་ཁག་བཅས་ཀྱི་གནའ་དེང་གཞུའི་བུད་མེད་མི10ཡི་ཚོགས་ཆུང་། གནང་དེང་གཞུའི་མི5ཡི་ཚོགས་ཆུང་། རྭ་གཞུའི་སྐྱེས་པའི་མི10ཡི་ཚོགས་ཆུང་། གཞུ་འཁོར་ལོ་མའི་སྐྱེས་པའི་མི10ཡི་ཚོགས་ཆུང་། མཉམ་འདུས་གཞུའི་སྐྱེས་པའི་མི10ཡི་ཚོགས་ཆུང་བཅས་ལ་ཨང་དང་པོ་ཐོབ་པ་དང་། མདའ་བཞི་རྫོང་རུ་ཁག་དང་། སི་ཁྲོན་ཞིང་ཆེན་རུ་ཁག  རེབ་གོང་གྲོང་ཁྱེར་རུ་ཁག  ཟི་ལིང་གྲོང་ཁྱེར་གྲོང་ཤར་ཆུས་རུ་ཁག མཚོ་ལྷོ་ཁུལ་རུ་ཁག་བཅས་ཀྱི་གནང་དེང་གཞུའི་བུད་མེད་མི10ཡི་ཚོགས་ཆུང་དང་། གནང་དེང་གཞུའི་མི5ཡི་ཚོགས་ཆུང་། རྭ་གཞུ་སྐྱེས་པའི་མི10ཡི་ཚོགས་ཆུང་།  གཞུ་འཁོར་ལོ་མའི་སྐྱེས་པའི་མི10ཡི་ཚོགས་ཆུང་། མཉམ་འདུས་གཞུའི་སྐྱེས་པའི་མི10ཡི་ཚོགས་ཆུང་བཅས་ལ་འགྲན་བསྡུར་གྱི་ཨང་གཉིས་པ་ཐོབ། གྲོ་ཚང་ཆུས་རུ་ཁག་དང་། ནང་སོག་ཧུ་ཧོ་ཧོ་ཐུལ་རུ་ཁག   གཞོང་ཐང་རྫོང་རུ་ཁག  དཔའ་ལུང་རྫོང་རུ་ཁག  མཚོ་ནུབ་ཁུལ་རུ་ཁག་བཅས་ཀྱི་གནའ་དེང་གཞུའི་བུད་མེད་མི10ཡི་ཚོགས་ཆུང་དང་། གནང་དེང་གཞུའི་མི5ཡི་ཚོགས་ཆུང་། རྭ་གཞུ་སྐྱེས་པའི་མི10ཡི་ཚོགས་ཆུང་། གཞུ་འཁོར་ལོ་མའི་སྐྱེས་པའི་མི10ཡི་ཚོགས་ཆུང་། མཉམ་འདུས་གཞུའི་སྐྱེས་པའི་མི10ཡི་ཚོགས་ཆུང་བཅས་ལ་ཨང་གསུམ་པ་ཐོབ།  གནའ་དེང་གཞུའི་མི་སྒེར་གྱི་རྣམ་གྲངས་ཀྱི་འགྲན་བསྡུར་ནང་སི་ཁྲོན་ཞིང་ཆེན་རུ་ཁག་གི་ཝང་ཧུང་ཧའོ་དང་། ཐེན་ཅིན་གྲོང་ཁྱེར་རུ་ཁག་གི་ལིའུ་ཀྲེན་ཚོན། ཧྥུའུ་ཅན་ཞིང་ཆེན་རུ་ཁག་གི་ཁྲེན་ཡན་ཆིང་བཅས་ལ་སོ་སོར་ཨང་དང་པོ་དང་། གཉིས་པ། གསུམ་པ་བཅས་ཐོབ།

 ཐེངས་འདིའི་འགྲན་བསྡུར་བདེ་ལེགས་ངང་སྤེལ་བ་དེས་རྐང་ཚ་རྫོང་གི་རིག་གནས་ལུས་རྩལ་བྱ་གཞག་གི་འཕེལ་རྒྱས་ལ་གསོན་ཤུགས་གསར་པ་བསྣན་ཡོད། རྐང་ཚ་རྫོང་གིས་སྤུས་ཚད་མཐོ་བའི་ལུས་རྩལ་འགྲན་བསྡུར་སྔར་བས་མང་བ་གཉེར་ནས་མང་ཚོགས་དང་གནས་སྐོར་བར་ལུས་རྩལ་དང་རིག་གནས་ཀྱི་མྱོང་ཚོར་སྔར་བས་ཕུན་སུམ་ཚོགས་པོ་ཡོང་བ་བྱ་རྒྱུ་རེད།


མཉམ་སྤྱོད།