དེ་རིང་ནི2025ལོའི་ཟླ05པའི་ཚེས04ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཞོགས་པའི་ཇ་ཡུན་གསར་འགྱུར།

2023-07-19 08:37:33   |   2254

སྒྲིག་སྒྱུར། མཁའ་འགྲོ་མཚོ། ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར་འཕྲིན་སྟེགས། བཤེར་འབེབས། རིན་ཆེན་ཚེ་རིང་། 


གསར་འགྱུར་གལ་ཆེན།

·1~1.jpg

  • ཟླ7ཚེས17ནས18ཉིན་བར། རྒྱལ་ཡོངས་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ཚོགས་ཆེན་པེ་ཅིང་དུ་འཚོགས་ཤིང་། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་ཚོགས་འདུར་ཕེབས་ཏེ་གསུང་བཤད་གལ་ཆེན་གནང་།

    11~1.jpg

  • ཟླ7ཚེས18ཉིན་གྱི་ཕྱི་དྲོ། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེན་མོ་ནས་ཀྲུང་གོར་རྒྱལ་དོན་འཚམས་འདྲི་གནང་བར་ཕེབས་པའི་ཨར་ཅི་ལི་ཡའི(阿尔及利亚)ཙུང་ཐུང་ཐེ་པུན་དང་གྲོས་མོལ་གནང་།

  • ཆུ་བེད་པུས་སྒྲིག་འཛུགས་བྱས་ཏེ་རྩོམ་སྒྲིག་བྱས་པའི《ཞི་ཅིན་ཕིང་གི་ཆུ་བཅོས་སྐོར་གྱི་དཔྱད་བརྗོད་གལ་ཆེན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་དགོས》ཞེས་པའི་དེབ་དེ་ཉེ་ཆར་མི་དམངས་དཔེ་སྐྲུན་ཁང་གིས་པར་དུ་སྐྲུན་ནས་རྒྱལ་ཡོངས་སུ་འགྲེམ་སྤེལ་བྱས།

  • རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་གྱིས་གནས་ཚུལ་སྤེལ་བར་གཞིགས་ན། ལོ་སྟོད་དུ་རྒྱལ་ཡོངས་ཀྱི་གྲོང་ཁྱེར་དང་གྲོང་རྡལ་དུ་མི་ཁྲི678གསར་དུ་ལས་ཞུགས་ཐུབ་པ་དེ་དུས་མཚུངས་ལས་མི་ཁྲི24མང་དུ་ཕྱིན་ནས་ལོ་ཧྲིལ་པོའི་དམིགས་ཚད་ལས་འགན་གྱི56.5%ལེགས་གྲུབ་བྱུང་།

  • རྒྱལ་ཁབ་སྡོམ་རྩིས་ཅུ་ཡིས་ཡོངས་སྒྲོག་བྱས་པའི་གཞི་གྲངས་ལས་མངོན་པར། ལོ་སྟོད་དུ་རང་རྒྱལ་གྱི་ལག་རྩལ་མཐོ་བའི་ཐོན་ལས་ལ་མ་འཇོག་བྱེད་ཚད་དུས་མཚུངས་ལས12.5%འཕར་ཞིང་། མ་འཇོག་ཡོངས་རྫོགས་ལས་མངོན་གསལ་དོད་པོས་མགྱོགས་པ་ཡིན།

  • རྒྱལ་ཁབ་ཤེས་བྱའི་ནོར་དབང་ཅུ་ཡིས་གནས་ཚུལ་སྤེལ་བར་གཞིགས་ན། ད་ལོའི་ཟླ་དྲུག་པའི་ཟླ་མཇུག་བར། རང་རྒྱལ་གྱི་གསར་གཏོད་ཆེད་ཁེ་ནུས་ལྡན་བྱེད་ཚད་ཁྲི456.8ཟིན་པ་དེ་དུས་མཚུངས་ལས16.9%འཕར།

  • རྒྱལ་ཁབ་སྨན་རྫས་ལྟ་སྐུལ་ཅུ་ཡིས་གནས་ཚུལ་སྤེལ་བར་གཞིགས་ན། ཉེ་བའི་ལོ་ལྔའི་ནང་། ཀྲུང་ལུགས་སྨན་རྫས་འཐེན་བཤེར་ལོན་ཚད99%ཡན་རྒྱུན་འཁྱོངས་ཐུབ་ཡོད།

  • རིག་གནས་གནས་སྐོར་པུས་ཀྲུང་གོ་དངུལ་ཁང་དང་མཉམ་དུ་བརྡ་ཐོ་བཏང་སྟེ། མ་འོངས་པའི་ལོ་གསུམ་ནང་རྫོང་ཁོངས་ཀྱི་རིག་གནས་དང་། གནས་སྐོར། བཟའ་བཏུང་ཞག་སྡོད་རིགས་ཀྱི་ཚོང་འགྲུལ་པ་ལ་གསར་དུ་དངུལ་བུན་སྒོར་དུང་ཕྱུར100ལས་མི་ཉུང་བ་གཏོང་རྒྱུ་ཡིན་པ་གཏན་འབེབས་བྱས།

  • ཚེས18ཉིན། ཀྲུང་གོའི་རུ་ཁག་གིས2023ཧྥུའུ་ཀང་ཆུ་རྐྱལ་འཛམ་གླིང་གཟེངས་རྟགས་འགྲན་བསྡུར་གྱི་རྐྱལ་མཆོང་མཉམ་བསྲེས་ཚོགས་པའི་རྟིང་འགྲན་ཁྲོད་གསེར་གྱི་རྟགས་མ་བླངས་ཤིང་། མིག་སྔའི་བར་ཆུ་མཆོང་རྣམ་གྲངས8ཀྱི་རྟིང་འགྲན་ལེགས་གྲུབ་ཟིན་པ་དང་ཀྲུང་གོའི་རུ་ཁག་གིས་གསེར་གྱི་རྟགས་མ་ཚང་མ་བླངས་པ་ཡིན།

སྤྱི་ཚོགས།

33~1.jpg

  • ཀྲུང་དབྱང་གནམ་གཤིས་ཀྱིས་རྒྱ་མཚོའི་རླུང་དམར་སྔོན་པོའི་ཉེན་བརྡ་ཁྱབ་སྒྲོག་བྱས། དེ་རིང་རྒྱ་མཚོའི་རླུང་དམར“ཐའེ་ལི”ཡིས་ཀོང་ཞི་དང་། ཀུའེ་ཀྲོའུ། ཡུན་ནན་སོགས་ལ་མུ་མཐུད་ཤུགས་རྐྱེན་ཐེབས་ནས་རླུང་འཚུབ་ཆེན་པོ་དང་དྲག་ཆར་འབབ་རྒྱུ་ཡིན། 

    44~1.jpg

  • རང་རྒྱལ་གྱིས་རང་བདག་ཞིབ་བཟོ་བྱས་པའི་མེ་གསོད་དང་མཚོ་ཐོག་རོགས་སྐྱོབ་ཀྱི་སྐམ་མཚོ་ཉིས་སྤྱོད་ཀྱི་གནམ་གྲུ་ཆེ་གྲས“ཁུན་ལུང”AG600གིས་དཔེ་མཚོན་གྱི་མེ་གསོད་རྣམ་པའི་ཚོད་ལྟའི་འཕུར་སྐྱོད་ཀྱི་སྡེ་ཚན་ལེགས་སྒྲུབ་བྱུང་བས། མེ་གསོད་ལས་འགན་སྒྲུབ་པའི་ནུས་པ་ལྡན་པ་ཡིན།

    55~1.jpg

  • རྒྱལ་ནང་གི་ཆིང་ནུས་རྒྱུའི་ས་འོག་ལྕགས་ལམ་གྱི་ལས་སྒྲུབ་རླངས་འཁོར་ཐོག་མ་དེ་ཚེས18ཉིན་དངོས་སུ་བཀོལ་སྤྱོད་བྱས། དེ་ནི་སྲོལ་རྒྱུན་གྱི་འབར་སྣུམ་ལས་སྒྲུབ་རླངས་འཁོར་དང་བསྡུར་ཚེ་བཀོལ་སྤྱོད་ཀྱི་དུས་འཁོར་ཧྲིལ་པོར་རིམ་རྩིས་བྱས་ན་ཐཱན་འབུད་ཚད་ཏུན225ཉུང་དུ་འགྲོ་རྒྱུ་ཡིན།

  • ཧྲན་ཞིའི་ཉེན་རྟོག་ཕྱོགས་ཀྱིས་རྟོག་བཟོའི་དངུལ་ལོརUSDTསྤྱད་དེ་བཙོག་དངུལ་གཙང་སྒྱུར་བྱས་པའི་གཡོ་ལེན་གྱོད་གཞི་ཞིག་རྩད་ཆོད་པ་དང་གྱོད་འབྲེལ་དངུལ་འབོར་མི་དམངས་ཤོག་སྒོར་ལ་ཕབ་ན་སྒོར་དུང་ཕྱུར3.8ལྷག་ཙམ་ཟིན་ཡོད།

    66~1.jpg

  •  ཀྲེ་ཅང་ཧང་ཀྲོའུ་ཡི་བུད་མེད་ཅིག་ལ་རླངས་འཁོར་གྱི་དོན་རྐྱེན་བྱུང་ནས་རླངས་འཁོར་གྱི་མཐིལ་དུ་ལྷུང་། ཉེན་ཁ་ཆེ་བའི་སྐབས་སུ་ལམ་འགྲོ་བ་བཅུ་ཕྲག་ལྷག་གིས་མགྱོགས་མྱུར་ངང་མདུན་དུ་རྒྱུགས་ནས་སྐར་ཆ32ནང་བུད་མེད་དེ་བསྐྱབས་ཐུབ་བྱུང་།

སྲིད་ཇུས།

  • ཧུའུ་པེས་སྲིད་ཇུས་བཏོན་ཏེ་ཆ་རྐྱེན་དང་མཐུན་པའི་མི་སྒེར་གྱི་ལས་གཏོད་པའི་ལས་གཏོད་ཁག་ཐེག་དངུལ་བུན་གཏོང་ཚད་སྒོར་ཁྲི30བར་མཐོ་རུ་བཏང་།

  • ཧྲན་ཞིས་སྤྱི་ཚོགས་གུན་སྐྱོབ་ཐེབས་རྩ་མགོ་སྐོར་གཡོ་ལེན་དང་། རྒྱས་འགེབས། སྒེར་སྤྱོད་སོགས་ཁྲིམས་འགལ་སྒྲིག་འགལ་གྱི་གནད་དོན་ཐེར་འདོན་བྱས་ཚེ་ཆེས་མཐོའི་བྱ་དགའ་སྒོར་ཁྲི10སྟེར་རྒྱུ་ཡིན་པ་བཏོན་ཡོད།

དེ་རིང་གནམ་གཤིས།

77~1.jpg

  • ཅང་ཧོའེ་ས་ཁུལ་མང་ཆེ་བ་དང་། ཅང་ཧན་གྱི་ས་ཆ་མང་ཆེ་བ། འབྲི་ཆུའི་ལྷོ་རྒྱུད་ཀྱི་ས་ཆ་མང་ཆེ་བ། ལྷོ་ནུབ་ས་ཁུལ་གྱི་ཤར་རྒྱུད་དང་ལྷོ་རྒྱུད། ཧྭ་ལྷོའི་ས་ཆ་མང་ཆེ་བ། ཐའེ་ཝན་གླིང་ཕྲན་སོགས་ས་ཁུལ་ཁ་ཤས་སུ་ཆར་པ་འབྲིང་བ་ནས་ཆེ་བ་འབབ་རྒྱུ་ཡིན། དེའི་ཁྲོད་ཀུའེ་ཀྲོའུ་ཡི་ལྷོ་ནུབ་རྒྱུད་དང་། ཡུན་ནན་གྱི་ཤར་ལྷོའི་རྒྱུད། ཀོང་ཞིའི་ནུབ་རྒྱུད་སོགས་ས་ཁུལ་ཁ་ཤས་སུ་དྲག་ཆར་དང་དྲག་ཆར་ཆེན་པོ་འབབ་རྒྱུ་ཡིན།


མཉམ་སྤྱོད།