དེ་རིང་ནི2025ལོའི་ཟླ05པའི་ཚེས05ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཞོགས་པའི་ཇ་ཡུན་གསར་འགྱུར།

2023-07-24 08:46:51   |   1478

སྒྲིག་སྒྱུར། ཀླུ་མོ་མཚོ།  ཡོང་ཁུངས།   མི་དམངས་ཉིན་རེའི་ཚགས་པར་འཕྲིན་སྟེགས།   བཤེར་འབེབས།  རིན་ཆེན་ཚེ་རིང་། 


གསར་འགྱུར་གལ་ཆེན། 

  • ཞིང་ལས་གནས་ཚུལ་བཀོད་གཏོང་གསར་ཤོས་ལས་མངོན་པ་ལྟར་ན། མིག་སྔར་རྒྱལ་ཡོངས་ཀྱི་སྔ་སྨིན་འབྲས་བཅུ་ཆའི་བརྒྱད་ལྷག་བསྡུས་ཡོད་པ་རེད། 

  • རྒྱལ་ཁབ་ཁྲལ་དོན་སྤྱི་ཁྱབ་ཅུས་ཡོངས་བསྒྲགས་བྱས་པའི་གྲངས་གཞི་ལྟར་ན། ད་ལོའི་ལོ་སྟོད་དུ་རྒྱལ་ཡོངས་ཀྱིས་ཞིང་ཆེན་བརྒལ་ནས་ཡུལ་གཞན་དུ་གློག་རྡུལ་འཇལ་ཁྲལ་ཁྱོན་ཁྲི27ལྷག་བསྒྲུབས་པ་དེ་ན་ནིང་གི་ལོ་ཧྲིལ་པོའི་ལས་སྒོའི་གྲངས་འབོར་གྱི85%ལས་བརྒལ་ཡོད་པ་རེད། 

  • རྒྱལ་ཁབ་ནུས་ཁུངས་ཅུས་གནས་ཚུལ་སྤེལ་བར་གཞིགས་ན། ཟླ་དང་པོ་ནས་དྲུག་པའི་བར་རྒྱལ་ཡོངས་ཀྱི་བསྐྱར་སྐྱེས་ཐུབ་པའི་ནུས་ཁུངས་ཀྱི་གློག་གཏོང་འཕྲུལ་འཁོར་ནས་གློག་གཏོང་ཚད་སྟོང་ཝ་དུང་ཕྱུར1.09མང་དུ་ཕྱིན་པ་དེས་རྒྱལ་ཡོངས་ཀྱི་གསར་འཕར་གློག་འདོན་འཕྲུལ་འཁོར་གྱི་གློག་འདོན་ཚད་ཀྱི77%ཟིན་ཡོད། 

  • རྒྱལ་ཁབ་སྨན་བཅོས་གུན་སྐྱོབ་ཅུས་ཉིན་ཤས་གོང2023ལོའི《སྨན་རྫས་རྒྱུན་མཐུད་སྒྲིག་སྲོལ་གཟུ་གྲོས་བྱེད་པའི་སྐོར་གྱི་སྒྲིག་སྲོལ》ཁྱབ་བསྒྲགས་བྱས་ནས། སྨན་རྫས་ཀྱི་ཚེ་སྲོག་དུས་འཁོར་ཧྲིལ་པོར་གཞི་རྩའི་ཆ་ནས་ཁྱབ་པའི་གཏོང་སྤྲོད་ཚད་གཞི་ལེགས་སྒྲིག་སྒྲིག་སྲོལ་འཛུགས་རྒྱུ་ཁ་གསལ་བཟོས་ཡོད། 

  • ད་ལོའི་ལོ་སྟོད་དུ། རྒྱལ་ཡོངས་འགག་སྒོས་ནང་འདྲེན་གྱི་སྐུར་སྐྱེལ་དང་འཁྱེར་བའི་དངོས་རྫས་ནང་རིམ་རྩིས་བྱས་ན་ནང་འདྲེན་བྱེད་མི་ཆོག་པའི་སྲོག་ཆགས་དང་རྩི་ཤིང་རིགས1405བཀག་སྡོམ་བྱས་ཡོད། 

    1~1.jpg

  • ཚེས23ཉིན། རང་རྒྱལ་གྱིས་ཐའེ་ཡོན་སྲུང་སྐར་འཕེན་གཏོང་ལྟེ་གནས་སུ་རྒྱང་སྐྱོད་གཉིས་པ་ངའི་སྐྱེལ་འདྲེན་མེ་ཤུགས་འཕུར་མདའ(长城二号丁运载火箭)སྤྱད་དེ་གླང་ཆེན་བཞི་སྐར་མ01-03དང་། དགུ་ཚིགས་འཇིག་རྟེན་འཕུར་སྐྱོད་སྤྱང་རིག 03བཅས་སྲུང་སྐར4མཁའ་དབྱིངས་སུ་འཕེན་གཏོང་བྱས་པ་དང་། སྲུང་སྐར་བདེ་བླག་ངང་སྔོན་གཏན་འཁེལ་བའི་འཁོར་ལམ་དུ་ཞུགས་ཡོད། 

  • ཚེས22ཉིན་རང་རྒྱལ་གྱི་མི་བཞུགས་ཟླ་བར་སྐྱོད་པའི་མེ་ཤུགས་འཕུར་མདའི་སྒུལ་བྱེད་འཕྲུལ་འཁོར་གཙོ་བོའི་ཚོད་ལྟའི་རླངས་འཁོར་བསྟུད་མར་ལེགས་གྲུབ་བྱུང་ཡོད། 

  • སིང་ཀ་ཕོར་དུ་བཅའ་སྡོད་བྱས་པའི་ཀྲུང་གོའི་གཞུང་ཚབ་ཁང་ཆེ་མོས་གནས་ཚུལ་སྤེལ་བར་གཞིགས་ན། ཚེས26ཉིན་ནས་བཟུང་། རང་རྒྱལ་གྱིས་སིང་ཀ་ཕོར་གྱི་སྤྱི་དམངས་ལ་ཉིན15ཡི་ཐོངས་མཆན་འགོད་མི་དགོས་པའི་སྲིད་ཇུས་སླར་གསོ་བྱ་རྒྱུ་ཡིན་པ་རེད། 

    2~1.jpg

  • 2023ལོའི་ལྷོ་ཁོ་རེ་ཡའི་བྱ་སྒྲོའི་སྤོ་ལོའི་ཡོངས་བསྒྲགས་འགྲན་སྡུར་དེ་ཚེས23ཉིན་མཇུག་བསྡུས་པ་དང་། ཀྲུང་གོའི་བྱ་སྒྲོའི་སྤོ་ལོའི་རུ་ཁག་ལ་བུད་མེད་ཀྱི་གསེར་གྱི་རྟགས་མ་གཉིས་ཐོབ་པ་དང་འབྲེལ་མཉམ་བསྲེས་ཨང་དང་པོ་གཉིས་ཀྱི་ཨང་གཉིས་པ་ཐོབ་པ་རེད། 

སྤྱི་ཚོགས།

  • མ་འོངས་པའི་གཟའ་འཁོར་གཅིག་རིང་ཞིན་ཅང་དང་ཀན་སུའུ་བྱང་རྒྱུད། ནང་སོག་ནུབ་རྒྱུད་སོགས་ས་ཁུལ་གྱི་དྲོད་ཚད་མཐོ་ཤོས་ཡོངས་ཁྱབ་ཏུ37℃ཡན་ལ་སླེབས་རྒྱུ་དང་། ས་ཁུལ་ཁ་ཤས་སུ40℃ལས་བརྒལ་རྒྱུ་རེད། 

  • ཧང་ཀྲོའུ་ཨེ་ཤེ་ཡའི་ལུས་རྩལ་འགྲན་ཚོགས་ཀྱི་འགྲན་སྡུར་མིང་ཐོ་འགོད་པའི་ལས་དོན་ཉེ་ཆར་མཇུག་འགྲིལ་བ་དང་ལུས་རྩལ་པ་12500ལྷག་གི་མིང་ཐོ་འགོད་པའི་གཞི་ཁྱོན་སྐབས་རིམ་བྱུང་གི་ཆེས་མཐོ་ཤོས་སུ་སླེབས་ཡོད། 

  • ཉེ་ཆར། ཀྲུང་གོའི་བྱང་འཁྱགས་རོམ་རྒྱ་མཚོའི་ཚན་རིག་རྟོག་ཞིབ་རུ་ཁག་ཐེངས13པས་པའེ་ལིང་ཧའེ་ཀུང་མཚོ་མཚོ་ཁོངས་སུ་རྒྱ་མཚོ་ཆེ་མོའི་ཚན་རིག་རྟོག་ཞིབ་ལས་དོན་འཁྲབ་སྦྱོང་ཐོག་མ་ལེགས་གྲུབ་བྱུང་ཡོད། 

    3~1.jpg

  • ཚེས23ཉིན། ཧེ་ལུང་ཅང་ཆི་ཆི་ཧར་སློབ་འབྲིང་དང་པོའི་ལུས་རྩལ་ཁང་གི་ཐོག་ཁང་རྡིབ་ཅིང་། མིག་སྔའི་བར་ཉེན་ཁར་ཚུད་པའི་མི་11སྐྱོབ་ཐུབ་ཡོད། 

  • མི་རིང་བའི་སྔོན་ལ་རང་རྒྱལ་གྱིས་རང་བརྟེན་ཞིབ་བཟོ་བྱས་པའི་ཉིང་རྡུལ་ཁབ་ལེན་མཉམ་འདར་ཡོ་བྱད་ཞིབ་བཟོ་ལེགས་གྲུབ་བྱུང་ནས་ཐོན་ཚད་མགོ་བརྩམས་ཡོད། 

  • ཧོ་པེ་ཞིན་ཧོ་ཡིས་ཉིན་ཤས་གོང་ལིའང་རྒྱལ་རབས་ཀྱི་གནའ་བོའི་བང་སོ་ཞིག་རྙེད་པ་དང་། ད་ལྟའི་བར་ལོ1116འགོར་ཡོད། 

    4~1.jpg

  • ཨ་རིའི་རྒྱལ་ས་ཝ་ཧྲེང་ཏུན་གྱི་ཧྲི་སྨི་སེན་སློབ་ཚོགས་ཀྱི་རྒྱལ་ཁབ་སྲོག་ཆགས་གླིང་དུ་སྡོད་པའི་དོམ་ཁྲ་མོ“མེ་ཞང(美香)”ཚེས་22ཉིན་ལོ25ལ་སླེབས་པའི་སྐྱེས་སྐར་བསུས་ཡོང་བ་རེད། 

  • ཆིང་ཏའོ་མཚོ་དོན་ཅུས་མཚོ་འགྲུལ་གྱི་ཐ་ཚིག་བསྒྲགས་པ་དང་། ཚེས23ཉིན་གྱི་ཆུ་ཚོད15ནས26ཉིན་གྱི་ཆུ་ཚོད15བར་ཧོང་ཧའེ་མཚོ་ཁོངས་ཁག་ཤས་སུ་དངོས་དམག་འཁྲབ་སྦྱོང་བྱས་ནས་མཚོ་སྐྱོད་མི་ཆོག་པ་རེད།

    5~1.jpg

  • ཧོ་པེ་ཏིང་ཀྲོའུ་ཡི་རྒན་པ་ཞིག་འགྲོ་སྐྱོད་སྟབས་བདེ་མེད་པའི་རྐྱེན་གྱིས་གཞུང་ལམ་བརྒལ་སྐབས་འདར་སིག་སིག་བྱེད་པ་ན། ལམ་བར་དུ་ཡོད་པའི་ཀྲེན་ཡུ་ཡིས་མཐོང་འཕྲལ་བློ་ཐག་ཆོད་པོས་རླངས་འཁོར་ལས་བབས་ཏེ་རང་འགུལ་ངང་རྒན་པ་པང་ནས་གཞུང་ལམ་གྱི་ཁ་གཏད་དུ་བསྐྱལ། 

སྲིད་ཇུས།

  • ཀྲེ་ཅང་གིས་བསམ་འཆར་བཏོན་ནས། ཟླ8ཚེས1ཉིན་ནས་བཟུང་། རྫོང་དང་ཡུལ་ཚོ་རིམ་པ་གཉིས་ཀྱིས་ལས་གནས་ངེས་ཅན་ཞིག་བཏོན་ནས་ས་གནས་དེ་གའི་ཐེམ་ཐོ་ཡོད་པའམ་ཡང་ན་ས་གནས་དེ་གར་ཡུན་རིང་འཚོ་བ་སྐྱེལ་མཁན་དམག་ཁོངས་ནས་ཕྱིར་ལོག་པའི་དམག་མིར་ཕྱོགས་ནས་རྒྱུགས་ལེན་བྱ་རྒྱུའི་སྐུལ་ལྕག་བྱས་པ་རེད། 

  • ཧྲན་ཏུང་གིས་ཁེ་ལས་ཀྱིས་བདེ་འཇགས་གསོ་སྦྱོང་གི་ཚད་གཞི་ལོན་མེད་པ་དང་ཐོབ་ཐང་ལག་ཁྱེར་ཐོབ་མེད་པའི་མཐོ་སའི་ལས་ཀ་བྱེད་མཁན་གདན་ཞུ་དང་གདན་ཞུ་གཏན་འགོག་བྱེད་དགོས་པ་ཁ་གསལ་བཟོས། 

  • ཧུའུ་པེས་བྱེད་ཐབས་ཁྱབ་བསྒྲགས་བྱས་ནས། ཁེ་ལས་འབྲིང་ཆུང་ཕྲན་གསུམ་དུ་ལས་ཞུགས་བྱེད་པར་ཡོང་བའི་མཐོ་རིམ་སློབ་ཐོན་སློབ་མར་མི་རེར་ཐེངས་གཅིག་རང་བཞིན་གྱི་ལས་ཞུགས་ཁ་གསབ་སྒོར1000སྤྲོད་རྒྱུ་རེད། 

དེ་རིང་གི་གནམ་གཤིས། 

6~1.jpg

  • སི་ཁྲོན་གཤོང་སའི་ནུབ་རྒྱུད་དང་དབུས་ལྷོ་རྒྱུད། ཁྲུང་ཆིང་ལྷོ་རྒྱུད་དང་དེ་བཞིན་ཧེ་ལུང་ཅང་གི་ནུབ་རྒྱུད། ཀྲེ་ཅང་གི་དབུས་ལྷོ་རྒྱུད། ཧྥུ་ཅན་གྱི་དབུས་བྱང་རྒྱུད། ཅང་ཞིའི་དབུས་ལྷོ་རྒྱུད། ཧུའུ་ནན་ཤར་ལྷོའི་རྒྱུད། བོད་ལྗོངས་ཀྱི་ཤར་ལྷོའི་རྒྱུད་དང་བྱང་རྒྱུད་སོགས་ས་ཁུལ་ཁག་གཅིག་ཏུ་དྲག་ཆར་ཆེན་པོ་ཡོད་པ་དང་། དེའི་ནང་སི་ཁྲོན་གཤོང་སའི་ལྷོ་ནུབ་རྒྱུད་སོགས་ས་ཁུལ་ཁག་གཅིག་ཏུ་དྲག་ཆར་ཆེན་པོ་འབབ་རྒྱུ་རེད། 


མཉམ་སྤྱོད།