དེ་རིང་ནི2025ལོའི་ཟླ05པའི་ཚེས31ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཆིང་ཧྭ་སློབ་ཆེན་གྱི་བུད་མེད་སློབ་མ་འདིར་གསེར་གྱི་རྟགས་མ་ཐོབ་འདུག

2023-08-05 09:25:14   |   227

རྩོམ་སྒྲིག  དམ་ཆོས་བསམ་འགྲུབ།  ཡོང་ཁུངས།  ཀྲུང་གོའི་བོད་ལྗོངས་དྲ་བ།   བཤེར་འབེབས། རིན་ཆེན་ཚེ་རིང་། 


“ཤཱ་ཡུས་ཡུས་ཀྱིས་རྒྱུག་ཤར་གློད་མགྱོགས་སུ་བཏང་སོང་།”

“རྣམ་པར་རྒྱལ་ཐུབ་སོང་།”

“མོས་མཐའ་མའི་གདོང་མཆོང་བྱེད་འགོ་ཚུགས་སོང་།”

ཀྲུང་གོའི་བདམས་ཐོན་པ་ཤཱ་ཡུས་ཡུས་ཀྱིས་ནུས་ཤུགས་ཡོད་རྒུ་བཏོན་པས་ཨང་དང་པོ་ཐོབ་ཉེ་འདུག

མོས་སྐར་མ33དང་སྐར་ཆ48དང35ཡི་ཐོག་ནས་ཨང་དང་པོ་བླངས་སོང་། 

བསྐོར་བ་ཆེས་རྗེས་མ་དེ་རྒྱག་འགོ་བཙུགས་པ་ནས་བཟུང་ཡུལ་དངོས་སུ་ཡོད་པའི་གསལ་འགྲེལ་པའི་བཤད་སྟངས་ཀྱང་ལྟད་མོ་བ་ཚོའི་སེམས་ལྟར་ངར་ཤུགས་ཇེ་ཆེར་སོང་། 

11.jpg

ཤཱ་ཡུས་ཡུས་ཀྱིས་འགྲན་བསྡུར་ཚར་རྗེས་རྟེན་འབྲེལ་བྱེད་བཞིན་པ། 

ཟླ8པའི་ཚེས1ཉིན་གྱི་དགོང་མོར།  ཁྲེང་ཏུའུ་སློབ་ཆེན་སློབ་མའི་ལུས་རྩལ་འགྲན་ཚོགས་ཀྱི་བུད་མེད་ཀྱི་སྨི10000ཡི་འགྲན་བསྡུར་ཁྲོད།  ཀྲུང་གོའི་བུ་མོ་ཤཱ་ཡུས་ཡུས་ཡིས་བསྐོར་བ་ཆེས་རྗེས་མར་འགྲན་ཡ་དག་ལས་རྣམ་པར་རྒྱལ་ནས།  སྐབས་འདིའི་སློབ་ཆེན་སློབ་མའི་ལུས་རྩལ་འགྲན་ཚོགས་ཀྱི་ཀྲུང་གོའི་འཐུས་མི་ཚོགས་པའི་འགྲན་བསྡུར་རྣམ་གྲངས་ཀྱི་གསེར་གྱི་རྟགས་མ2པ་དེ་བླངས། 

2.jpg

གཞན་ཡང་ཀྲུང་གོའི་བདམས་ཐོན་པ་མཱ་ཤིའུ་ཀྲེན་དང་ཉིའུ་ལི་ཧྭ་ལ་ཨང་བཞི་པ་དང་ཨང་བཅུ་གཅིག་པའི་བྱ་དགའ་ཐོབ། 

སྨི10000ཡི་འགྲན་བསྡུར་ཁྲོད་ལུས་རྩལ་པ་དག་གིས་འགྲན་རའི་ཐོག་རྒྱུན་མཐུད་ནས་སྐོར་བ25རྒྱག་དགོས་པས།  འདི་བཟོད་ཤུགས་དང་སྙིང་རུས་ཐད་ཀྱི་འགྲན་སློང་དྲག་པོ་ཞིག་ཡིན། 

3.jpg

ཤཱ་ཡུས་ཡུས(མདུན་གྱི་དཀྱིལ)ཀྱིས་འགྲན་བསྡུར་བྱེད་བཞིན་པ། 

བརྡ་གཏོང་མེ་མདའི་སྒྲ་གྲགས་པ་དང་འགྲན་བསྡུར་བྱེད་འགོ་བརྩམས་ཤིང་། 

ཤཱ་ཡུས་ཡུས་དང་ཐུར་ཁེའི་བདམས་ཐོན་པ་གཉིས་ལས་ཚོགས་པ་དང་པོ་མྱུར་དུ་གྲུབ་ནས། 

འགྲན་ཞུགས་ལུས་རྩལ་པ་གཞན་དང་བར་ཐག་རིམ་གྱིས་ཆོད།  འོན་ཀྱང་འགྲན་རིམ་ཕྱེད་ཀ་ལྷག་ཙམ་བར་ཐུར་ཁེའི་ལུས་རྩལ་པ་གཉིས་རེས་མོས་ཀྱིས་མདུན་དུ་རྒྱུག་པ་དང་ཤཱ་ཡུས་ཡུས་ཁོ་གཉིས་ཀྱི་རྒྱབ་ཏུ་རྒྱུག

4.png

འགྲན་བསྡུར་ལ་སྐོར་བ་གཉིས་ལས་ལྷག་མེད་སྐབས།  ཐུར་ཁེའི་བདམས་ཐོན་པ་ཞིག་ལ་ལུས་ཤུགས་མ་འདང་བས་གོ་སྐབས་སྒུག་བཞིན་པའི་ཤཱ་ཡུས་ཡུས་ཀྱིས་སྐབས་དེར་བསྟུན་གཞན་ལས་རྣམ་པར་རྒྱལ་ནས་ཨང་གཉིས་པར་སླེབས་པ་དང་།  ཚོགས་ར་ཡོངས་ཀྱི་ལྟད་མོ་བའི་ངར་སྐུལ་འོག་ཤཱ་ཡུས་ཡུས་སྐོར་བ་མཇུག་ཤོས་སུ་སླེབས་སྐབས།  ཐེངས་གཅིག་ལ་ཐུར་ཁེའི་ལུས་རྩལ་པ་གཞན་ཞིག་སྟེ་ཁི་ལེ་ཆི·ཀེ་ནེན་ལས་རྣམ་པར་རྒྱལ་རྗེས།  ཤཱ་ཡུས་ཡུས་ཀྱིས་དེ་འཕྲལ་གོམ་ཞེང་ཆེན་པོས་མདུན་དུ་རྒྱུག་ནས་ལེགས་ཆ་བཟང་པོ་མུ་མཐུད་རྒྱུན་འཁྱོངས་ཀྱིས་མཐར་འགྲན་ཐིག་དང་ཐུག་མཁན་ཐོག་མ་དེར་འགྱུར་ཏེ་རྣམ་གྲངས་དེའི་གསེར་གྱི་རྟགས་མ་བདེ་བླག་ངང་བླངས་པ་རེད། 

5.jpg

རྒྱང་རྒྱུག་རྒྱུག་མྱོང་མཁན་ཞིག་ཡིན་ཚེ།  ད་གཟོད་གཞི་ནས་མཐར་རྒྱུག་ཤར་ཇེ་མགྱོགས་སུ་བཏང་ནས།  འགྲན་ཡ་ལས་རྣམ་པར་རྒྱལ་སྐབས་ཀྱི་དཀའ་སྡུག་དག་ཚོར་ཐུབ།  ཁྱེད་ལ་བསྔགས་བརྗོད་བྱ་རྒྱུ་ཡིན་ལ།  བཀྲ་ཤིས་བདེ་ལེགས་ཀྱང་ཞུ་རྒྱུ་ཡིན།  ཁྱེད་རང་དངོས་གནས་ཡག་པོ་འདུག”

“ཀྲུང་གོའི་བུ་མོ།  ཅི་འདྲའི་མཛེས་ལ་དཔའ་ཉམས་ལྡན་པ་ལ་ཨང་།”

6.jpg

ཤཱ་ཡུས་ཡུས་ཀྱིས་འགྲན་རའི་ཐོག་སྐོར་བ25རྒྱག་སྐབས་མྱུར་ཚད་མགྱོགས་པོས་འགྲན་ཡ་ལས་རྣམ་པར་རྒྱལ་བས།  དྲ་གྲོགས་ཚོའི་བསྔགས་བརྗོད་ཆེན་པོ་ཐོབ། 

7.jpg

ཨང་དང་པོ་ཡིན་པའི་ཤཱ་ཡུས་ཡུས(མདུན་གྱི་གཡོན)དང་ཨང་གཉིས་པ་ཡིན་པའི་ཐུར་ཁེའི་བདམས་ཐོན་པ་ཁེ་ལེ་ཆི·ཀེ་ནེན་གཉིས་ཀྱིས་འགྲན་བསྡུར་ཚར་རྗེས་རྟེན་འབྲེལ་ཞུ་བཞིན་པ། 

འགྲན་རའི་ཕྱི་རོལ་དུ།

ཤཱ་ཡུས་ཡུས་ནི་ཆིང་ཧྭ་སློབ་ཆེན་གྱི2021ལོའི་སྤྱི་ཚོགས་ཚན་རིག་སློབ་གླིང་གི་རབ་འབྱམས་ཞིབ་འཇུག་སློབ་མ་ཞིག་ཡིན་ལ།  

ཆིང་ཧྭ་སློབ་ཆེན་གྱི་རྒྱང་རྒྱུག་དང་འབྲིང་རྒྱུག་རུ་ཁག་གི་ཁོངས་མི་ཞིག་ཀྱང་རེད།  

ན་ནིང་ཁོ་མོས་ཆུ་ཚོད2དང་སྐར་མ28སྐར་ཆ57གྱི་གྲུབ་འབྲས་ཐོག་ནས།  “པེ་ཅིང་མ་ལ་སུང་འགྲན་རྒྱུག”ཀྱི་བུད་མེད་ཚོགས་ཆུང་གི་ཨང་དང་པོ་བླངས། 

8.jpg

ན་ནིང་ཤཱ་ཡུས་ཡུས་ཀྱིས་པེ་ཅིང་མ་ལ་སུང་་འགྲན་རྒྱུག་ཁྲོད་ཨང་དང་པོ་བླངས་པ། 

ཆིང་ཧྭ་སློབ་རའི་ནང་སྐྱོད་སྐབས་སུ།

ཤཱ་ཡུས་ཡུས་ཀྱིས་རང་ཉིད་ཀྱི་ངེས་གནས་ཧ་ཅང་གསལ་པོ་ཤེས་ཀྱི་ཡོད་ཅིང་།  

ཁོང་གིས“དང་ཐོག་ང་ནི་སློབ་མ་ཞིག་ཡིན་པ་དང་།  

དེ་རྗེས་གཞི་ནས་ལུས་རྩལ་པ་ཞིག་ཡིན”ཞེས་བརྗོད་ཀྱི་ཡོད།  

རྒྱང་རྒྱུག་དང་འབྲིང་རྒྱུག་རུ་ཁག་གི་མི་ཚང་མ་དང་འདྲ་བར་ཁོང་གིས་སྦྱོང་བརྡར་དང་།  སློབ་སྦྱོང་།  སྤྱི་ཚོགས་ཀྱི་ལས་ཀ་བཅས་ཚང་མར་དམ་འཛིན་ལྷོད་མེད་བྱེད་ཀྱི་ཡོད་ལ།  གཟའ་ཟླ་བ་ནས་གཟའ་པ་སངས་བར་ཉིན་རེའི་ལས་རིམ་སྣ་ཚོགས་བཀོད་སྒྲིག་ཀྱང་ཧ་ཅང་ཡག་པོ་བྱེད་ཀྱི་ཡོད། 

9.jpg

ཆིང་ཧྭ་སློབ་ཆེན་དཔལ་འབྱོར་དོ་དམ་སློབ་གླིང་དུ་དངོས་གཞིའི་ཚན་ཁག་སློབ་གཉེར་བྱེད་བཞིན་པའི་སྐབས་ཀྱི་ཤཱ་ཡུས་ཡུས། 

སློབ་འབྲིང་ནས་རྩལ་ནུས་འབུར་དུ་ཐོན་འགོ་ཚུགས་ཏེ།  

པི་ཅེ་རི་གྲོང་ནས་ཆིང་ཧྭ་སློབ་ཆེན་དུ་བསྐྱོད་པ་དང་།  

དེ་རྗེས་ཡང་བསྐྱར་རྒྱལ་སྤྱིའི་འགྲན་རའི་ཐོག་བསྐྱོད་མཁན་གྱི་ཀུའེ་ཀྲོའུ་ཡི་བུ་མོ་འདིས་སློབ་སྦྱོང་དང་སྦྱོང་བརྡར་གཉིས་ཀར་འཐུས་ཤོར་མི་འགྲོ་ཐབས་བྱས་ཡོད་པ་དོན་དངོས་ལས་ར་འཕྲོད་གང་ལེགས་ཐུབ་ཡོད།  


མཉམ་སྤྱོད།