དེ་རིང་ནི2025ལོའི་ཟླ04པའི་ཚེས30ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཞོགས་པའི་ཇ་ཡུན་གསར་འགྱུར།

2023-08-08 08:45:11   |   258

སྒྲིག་སྒྱུར།  ཀླུ་མོ་མཚོ།    ཡོང་ཁུངས།   མི་དམངས་ཉིན་རེའི་ཚགས་པར་འཕྲིན་སྟེགས།   བཤེར་འབེབས།  རིན་ཆེན་ཚེ་རིང་། 


གསར་འགྱུར་གལ་ཆེན།

  • རྒྱལ་ཁབ་འབྲུབ་འགོག་ཐན་འགོག་སྤྱི་ཁྱབ་བཀོད་འདོམས་གཞུང་ལས་ཁང་དང་འཕྲལ་བསྟུན་དོ་དམ་པུས་མཚོ་ཆུ་རྒྱུག་ཁུལ་དང་བྱང་ཤར་ས་ཁུལ་གྱི་འབྲུབ་འགོག་གེགས་སེལ་ལས་དོན་བཀོད་སྒྲིག་བྱས་ནས་སླར་ཡང་ཀྲུང་དབྱང་དངོས་ཟོག་འཕྲལ་མར་དབོར་འདྲེན་བྱས་ནས་ཐེན་ཅིན་གྱི་འབྲུབ་འགོག་ཉེན་སེལ་ལ་རྒྱབ་སྐྱོར་བྱས། 

  • རྒྱལ་ཁབ་ཕྱི་དངུལ་དོ་དམ་ཅུས་གྲངས་གཞི་ལས་མངོན་པ་ལྟར་ན། ཟླ་བདུན་པའི་ཟླ་མཇུག་ཏུ་རང་རྒྱལ་གྱི་ཕྱི་དངུལ་གསོག་འཇོག་གཞི་ཁྱོན་ཨ་སྒོར་དུང་ཕྱུར32043ཡིན། 

  • རྒྱལ་ཁབ་སྡོམ་རྩིས་ཅུས་གནས་ཚུལ་སྤེལ་བར་གཞིགས་ན། ད་ལོའི་ལོ་སྟོད་དུ་རྒྱལ་ཡོངས་ཀྱི་རྨང་གཞིའི་སྒྲིག་བཀོད་གསར་པ་འཛུགས་སྐྲུན་ལ་མ་འཇོག་བྱེད་ཚད་དུས་མཚུངས་ལས16.2%འཕར་ཡོད། 

  • སྡོད་ཁང་འཛུགས་སྐྲུན་པུས་ཉེ་ཆར་བརྡ་ཐོ་བཏང་ནས་སྡོད་ཁང་སྤྱི་གསོག་མ་དངུལ་མི་སྒེར་གྱི་དཔང་ཡིག་དོན་ཚན“ཨང་གྲངས་གསལ་པོ་བཟོས་ནས་སྒྲུབ་ཆོག་པ”སྐུལ་འདེད་བཏང་། 

  • ད་ལོའི་ལོ་སྟོད་དུ་རྒྱལ་ཡོངས་ཁྲིམས་ཁང་གིས་གྱོད་གཞི་ཁྲི1526.2ཞིབ་གཅོད་མཇུག་སྒྲིལ་བྱས་པ་དེ་དུས་མཚུངས་ལས9.65%འཕར་ཡོད། 

  • ཀྲུང་གོ་ཟོག་འགྲེམས་དང་ཉོ་སྒྲུབ་མཉམ་འབྲེལ་ལྷན་ཚོགས་ཀྱིས་གནས་ཚུལ་སྤེལ་བར་གཞིགས་ན། ཟླ་བདུན་པར་ཀྲུང་གོའི་དྲ་ཐོག་ཚོང་དོན་གྱི་ཟོག་འགྲེམས་སྟོན་གྲངས110.9ཡིན་ལ་བསྟུད་མར་འཕར་བའི་རྣམ་པ་རྒྱུན་འཁྱོངས་ཐུབ་ཡོད། 

  • ཚེས7ཉིན་ཕྱི་འབྲེལ་པུས་ཨ་རིའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་དོན་དངོས་ལ་མ་བལྟོས་པར་གསལ་བསྒྲགས་སྤེལ་བར་ཀྲུང་གོ་ཕྱོགས་ཀྱིས་ཁྲིམས་མཐུན་མཚོ་ཐོག་ཁེ་དབང་སྲུང་སྐྱོང་གི་ཁྲིམས་འཛིན་བྱ་སྤྱོད་ལ་རྒོལ་རྡུང་བཏང་ནས་ཧྥི་ལི་ཕིན་ཕྱོགས་ཀྱིས་ཁྲིམས་འགལ་ངང་འཁྲུག་རྐྱེན་སློང་བའི་བྱེད་སྤྱོད་ཀྱི་སྟེགས་བུའི་རྒྱབ་ཤོག་ཏུ་མིང་རྟགས་བཀོད་པར་ཀྲུང་གོ་ཕྱོགས་ཀྱིས་ངོ་རྒོལ་མཐའ་གཅིག་ཏུ་བྱ་རྒྱུ་ཡིན་ཞེས་བསྟན། 

    1.jpg

  • ས་གནས་དེ་གའི་དུས་ཚོད་ཚེས6ཉིན། 2023ལོའི་རྒྱལ་སྤྱིའི་ཐོག་མདའ་ཞབས་བྲོའི་འགྲན་བསྡུར་ཆེ་མོའི་རྟིང་རྩོད་ཁྲོད་ཀྲུང་གོའི་ཐོག་མདའ་ཞབས་བྲོ་རུ་ཁག་གི་རུ་མི་ཝང་རུའེ་མེའོ་དང་ལིའུ་ཆིང་དབྱི་སོ་སོར་སྐྱེས་པ་དང་སྐྱེས་མ་གཉིས་ཀྱི་ཨང་དང་པོ་ཐོབ་ཡོད། 

  • ཚེས7ཉིན། ཁམ་ཕུ་ཁྲེའི་རྒྱལ་པོ་ནུའོ་ལུའོ་ཏུན་ཞི་ཧ་མོ་ཉིས་ཕ་ནོམ་ཕེན་དུ་རྒྱལ་པོའི་བཀའ་རྒྱར་མིང་རྟགས་བཀོད་དེ་ཧུང་མ་ནའེ་དབུ་བཞུགས་བློན་ཆེན་གསར་པར་བསྐོ་གཞག་བྱས་པ་དང་འགན་འཁུར་ཡུན་ལོ5ཡིན་པ་རེད། 

    སྤྱི་ཚོགས།

    2.jpg

  • ཚེས10ནས12ཉིན་བར། ནུབ་རླུང་ཤུར་དང་རྒྱ་མཚོའི་རླུང་འཚུབ“ཁ་ནུའོ”ཡིས་ཐུན་མོང་ཐོག་ཤུགས་རྐྱེན་ཐེབས་པའི་དབང་གིས་བྱང་ཤར་ས་ཁུལ་གྱི་ཤར་རྒྱུད་དང་བྱང་རྒྱུད་དུ་ཆར་པ་ཆེན་པོ་དང་དྲག་ཆར་འབབ་རྒྱུ་རེད། 

  • རྒྱལ་ཁབ་ལྕགས་ལམ་ཚོགས་པས་མིག་སྔར་པེ་ཅིང་དང་ཐེན་ཅིན། ཧོ་པེ་བཅས་དང་བྱང་ཤར་ས་ཁུལ་གྱི་ཆུས་གཏོར་སྐྱོན་ཕོག་པའི་ལམ་ཐིག་མྱུར་བཟོ་བྱེད་བཞིན་ཡོད་པས་སྐྱེལ་འདྲེན་བྱེད་མཚམས་འཇོག་པའི་མེ་འཁོར་མུ་མཐུད་སླར་གསོ་བྱེད་བཞིན་ཡོད་ཅེས་བཤད། 

  • ཚེས7ཉིན་ཧོ་པེ་ཞིང་ཆེན་འགྲིམ་འགྲུལ་སྐྱེལ་འདྲེན་ཐིང་གིས་གནས་ཚུལ་སྤེལ་བར་གཞིགས་ན། ཚེས6ཉིན་གྱི་ཆུ་ཚོད17བར་ཞིང་ཆེན་ཡོངས་ཀྱིས་ཆུ་ལོག་གིས་རྐྱེན་པས་གཞུང་ལམ་འགག་པ1470མྱུར་བཟོ་བྱས་ཡོད། 

    3.jpg

  • པེ་ཅིང་གྲོང་ཁྱེར་མོན་ཐོའུ་ཀོའུ་ཆུས་ལུང་ཆོན་གྲོང་རྡལ་གྱི་ཀྲེན་ཀྲང་གཞོན་པ་ལིའུ་ཅེ་ཉེན་སེལ་གེགས་སེལ་ཁྲོད་སྟབས་མ་ལེགས་པར་རྐྱེན་ལམ་དུ་ཤོར་བ་དང་ལོ་ན48ལས་ལོན་མེད། 

  • ཚེས6ཉིན་ཀང་ཀྲུའུ་ཨའོ་ཟམ་ཆེན་གྱི་ཀྲུའུ་ཧའེ་གཞུང་ལམ་འགག་སྒོའི་ཉིན་གཅིག་ལ་ས་མཚམས་ནས་འགྲོ་འོང་བྱེད་མཁན་རླངས་འཁོར་ཐེངས་ཁྲི1ལས་ཐོག་མར་བརྒལ་ནས་འགག་སྒོའི་ཉིན་རེའི་ཟིན་ཐོ་ཆེས་མཐོ་ཤོས་སུ་སླེབས་ཡོད།

    4.jpg 

  • ཚེས7ཉིན། རང་རྒྱལ་གྱིས་རང་བརྟེན་ཇུས་འགོད་བྱས་ནས་བསྐྲུན་པའི་སྨི་རྒྱ་དཔངས་གྲུ་བཞི་མ8200(གཤེར་འགྱུར་རང་བྱུང་སོལ་རླངས)ཁ་སྣོན་གྲུ་གཟིངས་ཅང་སུའུ་ཆི་ཏུང་རྒྱ་མཚོར་ཞུགས་ནས་ཚོད་ལྟ་བྱས། 

  • ཚེས7ཉིན། ཉིང་པོ་གནམ་ཐང་དུ་ཟོག་འདྲེན་གནམ་གྲུ་ཞིག་སྐམ་སར་འབབ་དུས་རྒྱུག་ལམ་ལས་བྲལ་བའི་དོན་རྐྱེན་བྱུང་ཞིང་། མི་སྣ་ཤི་རྨས་བྱུང་མེད་པའི་བརྡ་ཁྱབ་བཏང་། 

  • ཉེ་ཆར་ཀོང་ཏུང་ཅེ་དབྱང་ཉེན་རྟོག་ཕྱོགས་ཀྱིས་སྤྱི་བདེ་པུས་སྒྲུབ་སྐུལ་བྱས་པའི་དུག་རྫས་གྱོད་གཞི་ཞིག་རྩད་ཆོད་ནས་དུག་རྫས་དང་འབྲེལ་བའི་ཁྲིམས་འགལ་ཉེས་གསོག་དོགས་ཅན164འཛིན་བཟུང་བྱས། 

    6.jpg

  • ཨན་ཧུའེ་ཞོན་ཁྲེང་གི་མཛེས་ལྗོངས་ཁུལ་ཞིག་ཏུ་བྱིས་པ་ཞིག་སེམས་ཆུང་མ་བྱས་པར་ཆུ་ནང་དུ་ལྷུང་བ་དང་། མཚོ་འགྲམ་དུ་བསྐྱབས་དུས་ཚེ་སྲོག་གི་ལུས་རྟགས་ཉམས་ཞན་ཡིན། ཛ་དྲག་ཆེ་བའི་འགག་རྩའི་དུས་སུ་གུང་གསེང་གཏོང་བཞིན་པའི་ནད་གཡོག་ཧྲེན་ཡུས་ཐིང་གིས་འཕྲལ་དུ་གློ་སྙིང་སླར་གསོ་བྱས་ནས་བྱིས་པའི་ཚེ་སྲོག་སྐྱོབ་ཐུབ་པ་བྱུང་། 

    སྲིད་ཇུས།

  • པེ་ཅིང་གིས་བརྡ་ཐོ་བཏང་དོན། གནོད་འཚེའི་ཤུགས་རྐྱེན་ཅུང་ཆེ་བ་དང་མ་དངུལ་འབོར་ཆེན་གཏོང་དགོས་པའི་དངུལ་བཅོལ་ལས་བཟོ་བས་རང་ཉིད་ཀྱི་རྩིས་ཁྲའི་ནང་གི་སྡོད་ཁང་སྤྱི་གསོག་མ་དངུལ་ལྷག་མ་ཚང་མ་བླངས་ནས་གནས་སྐབས་འཚོ་བའི་དཀའ་ངལ་ལ་ཁ་གཏད་འཇལ་ཆོག་པ་བཟོས། 

  • སི་ཁྲོན་གྱིས2023ལོའི་ལོ་འཁོར་གྱི་རྩལ་ནུས་མཐོར་གཏོང་གི་ཁ་གསབ་ལས་དོན་སྤེལ་ནས་བླང་བྱ་དང་མཐུན་པ་དང་འབྲེལ་ལས་རིགས་ཐོབ་ཐང་ལག་ཁྱེར་ཐོབ་པའི་ལས་བཟོ་བའམ་ཡང་ན་མི་སྣས་ཟླ་བ12ནང་ཚུན་དུ་ཁ་གསབ་རེ་ཞུ་བྱེད་ཆོག་གི་ཡོད་པ་རེད། 

  • ལེའོ་ཉིང་གིས་ཇུས་གཞི་དཔར་འགྲེམ་བྱས་ནས། 2025ལོར་སླེབས་སྐབས་ཞིང་ཆེན་གྱི་རྒན་པའི་སློབ་གསོའི་སློབ་གཉེར་མ་ལག་ཡོངས་སུ་ཁྱབ་པ་བྱ་རྒྱུ་རེད། 

    དེ་རིང་གི་གནམ་གཤིས།

    5.jpg

  • ཞིན་ཅང་དབྱི་ལིའི་ལུང་གཞུང་དང་བོད་ལྗོངས་ཀྱི་ཤར་ལྷོའི་རྒྱུད། ཧུའུ་ནན་གྱི་དབུས་རྒྱུད། ཅང་ཞིའི་དབུས་རྒྱུད། ཀྲེ་ཅང་གི་ལྷོ་རྒྱུད། ཧྥུ་ཅན་གྱི་ས་ཆ་མང་ཆེ་བ། ཀུའེ་ཀྲོའུ་ཡི་ལྷོ་ནུབ་རྒྱུད། ཡུན་ནན་གྱི་ས་ཆ་མང་ཆེ་བ། ཀོང་ཞིའི་ནུབ་རྒྱུད་དང་ལྷོ་རྒྱུད་ཀྱི་མཚོ་རྒྱུད་སོགས་ས་ཁུལ་ཁ་ཤས་སུ་ཆར་པ་འབྲིང་བ་ནས་ཆེ་བ་འབབ་ཀྱི་ཡོད། དེའི་ནང་ཡུན་ནན་དབུས་རྒྱུད་དང་ལྷོ་རྒྱུད། ཀོང་ཞིའི་ནུབ་རྒྱུད་དང་ལྷོ་རྒྱུད་ཀྱི་མཚོ་རྒྱུད་སོགས་ས་ཁུལ་ཁ་ཤས་སུ་དྲག་ཆར་འབབ་རྒྱུ་རེད། 


མཉམ་སྤྱོད།