དེ་རིང་ནི2025ལོའི་ཟླ05པའི་ཚེས31ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཞོགས་པའི་ཇ་ཡུན་གསར་འགྱུར།

2023-08-15 08:34:25   |   1328

སྒྲིག་སྒྱུར། མཁའ་འགྲོ་མཚོ། ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར་འཕྲིན་སྟེགས། བཤེར་འབེབས། རིན་ཆེན་ཚེ་རིང་། 


གསར་འགྱུར་གལ་ཆེན།

  • དེ་རིང་རང་རྒྱལ་གྱིས་ཁྲིམས་ལྟར་བཙུགས་པའི་རྒྱལ་ཡོངས་ཀྱི་སྐྱེ་ཁམས་ཉིན་མོ་དང་པོ་དེ་བསུས་པ་ཡིན།

  • སྔོ་ཚལ་ཐོན་བརྟན་མཁོ་སྤྲོད་འགན་ལེན་བྱ་ཆེད། ཞིང་ལས་གྲོང་གསེབ་པུས་སྔོ་ཚལ་གྱི་ཞོད་སྐྱོན་སྔོན་འགོག་དང་གནོད་འཚེ་ཉུང་གཏོང་། སྟོན་དགུན་ཐོན་སྐྱེད་སྐོར་བྲེལ་མྱུར་ངང་བཀོད་སྒྲིག་བྱས།

  • རྒྱལ་ཁབ་ནུས་རྒྱུ་ཅུ་ཡིས་གྲངས་གཞི་ལས་མངོན་པར། ཟླ་བདུན་པར་སྤྱི་ཚོགས་ཡོངས་ཀྱི་གློག་སྤྱོད་ཚད་དུས་མཚུངས་ལས6.5%འཕར།

  • ཚེས14ཉིན། ཚོང་དོན་པུ་སོགས་སྡེ་ཚན་དགུ་ཡིས《རྫོང་ཁོངས་ཚོང་ལས་ཀྱི་ལོ་གསུམ་བྱེད་སྒོའི་འཆར་གཞི(2023ལོ་ནས2025ལོ་བར)》མཉམ་འབྲེལ་ཐོག་ཁྱབ་སྒྲོག་བྱས།

  • ཆེས་མཐོའི་མི་དམངས་ཁྲིམས་ཁང་གིས་ནགས་ཚལ་ཐོན་ཁུངས་ལ་གཏོར་བཤིག་གཏོང་བའི་ཉེས་གསོག་གི་བྱས་ཉེས་གཏན་འཁེལ་དང་ཉེས་ཆད་ཚད་གཞི་གསལ་པོར་གཏན་ལ་ཕབ་ཅིང་། ཟླ8ཚེས15ཉིན་ནས་བཟུང་ལག་བསྟར་བྱ་རྒྱུའི་ཁྲིམས་འཛིན་འགྲེལ་བཤད་ཁྱབ་སྒྲོག་བྱས།

  • ད་ལོའི་ལོ་སྟོད་དུ་རྒྱལ་ཡོངས་ཁྲོམ་རའི་ལྟ་སྐུལ་དོ་དམ་སྡེ་ཚན་གྱིས་ཚོང་རྟགས་དང་ཆེད་ཁེའི་ཁྱབ་ཁོངས་ཀྱི་ཁྲིམས་འགལ་གྱོད་གཞི་ཁྲི1.71ཞིབ་བཤེར་ཐག་གཅོད་བྱས།

  • ཉེ་ཆར། ཕ་ཁི་སི་ཐན་གྱི་ཀྲུང་གོ་ཕྱོགས་ཀྱི་རྣམ་གྲངས་རླངས་འཁོར་རུ་ཁག་ཅིག་ལ་འཇབ་རྒོལ་ཕོག་སྟེ། ཚེས14ཉིན་ཕྱི་འབྲེལ་པུའི་མགྲིན་ཚབ་པས་ཀྲུང་ཕའི་མཛའ་གྲོགས་དང་ཀྲུང་ཕའི་དཔལ་འབྱོར་བར་ཁྱམས་འཛུགས་སྐྲུན་ལ་གཏོར་བཤིག་གཏོང་རྒྱུའི་རེ་ངན་འཆང་བའི་རེ་ངན་དག་འགྲུབ་མི་སྲིད་ཅེས་བཤད།

    1.gif

  • ཚེས14ཉིན། རང་རྒྱལ་གྱིས་ཞི་ཁྲང་འཁོར་སྐར་འཕེན་གཏོང་ལྟེ་གནས་སུ་མྱུར་གྲུ་ཨང་དང་པོའི་སྐྱེལ་འདྲེན་མེ་ཤུགས་འཕུར་མདའ་སྤྱད་དེ་འཇར་མན་ཨང་གསུམ་པའི་འཁོར་སྐརA~Eསོགས་འཁོར་སྐར5འཕེན་གཏོང་བྱས་པ་རེད།

    སྤྱི་ཚོགས།

  • ཆུ་བེད་པུས་འབྲུབ་དུས་ཀྱི་གནས་ཚུལ་བརྡ་ཁྱབ་བཏང་སྟེ། ཚེས14ཉིན་གྱི་ཆུ་ཚོད15ཡི་སྟེང་ནང་སོག་དང་། ཀན་སུའུ། མཚོ་སྔོན། ཉིང་ཞ་སོགས་ཞིང་ཆེན་དང་རང་སྐྱོང་ལྗོངས་བཞིར་དམིགས་ནསⅣརིམ་པའི་ཐན་པ་སྔོན་འགོག་མཁོ་བསྟུན་དང་ལེན་བྱེད་མགོ་ཚུགས།

  • རྒྱལ་སྲིད་སྤྱི་ཁྱབ་ཁང་བདེ་འཇགས་ཨུ་ལྷན་གྱིས་ཧེ་ལུང་ཅང་ཞིང་ཆེན་ཆི་ཆི་ཧར་གྲོང་ཁྱེར་གྱི་སློབ་འབྲིང34པའི་ལུས་རྩལ་ཁང་དུ་བྱུང་བའི་ལས་འཛོལ་ཚབས་ཆེན་ལ་ཞིབ་བཤེར་ཐག་གཅོད་བྱ་རྒྱུར་སྒོ་བྱང་བཀལ་ནས་ལྟ་སྐུལ་བྱ་རྒྱུ་གཏན་འབེབས་བྱས།

  • མིག་སྔའི་བར་ལྷོ་ཆུ་བྱང་འདྲེན་གྱི་དབུས་རྒྱུད་ཀྱི་དུས་ཐེངས་དང་པོའི་བཟོ་སྐྲུན་ལ་རིམ་རྩིས་བྱས་ན་ཆུ་འདྲེན་ཚད་སྨི་རྒྱ་དཔངས་གྲུ་བཞི་མ་དུང་ཕྱུར580ལས་བརྒལ་ཡོད།

  • ཧང་ཀྲོའུ་ཨེ་ཤེ་ཡའི་ལུས་རྩལ་འགྲན་ཚོགས་ཀྱི་ལུས་རྩལ་འགྲན་བསྡུར་རྣམ་གྲངས21གི་སྒོ་འཛིན་ཚེས14ཉིན་འཚོང་མགོ་ཚུགས་པ་ཡིན།

    2.jpg

  • འཛམ་གླིང་འབྲུག་གྲུའི་གཟེངས་རྟགས་འགྲན་བསྡུར་སྐབས་བཅུ་དྲུག་པ་དེ་ཚེས13ཉིན་གྱི་དགོང་མོར་ཐེ་ལན་རྒྱལ་ཁབ་ཀྱི་པ་ཏི་ཡ་རུ་མཇུག་འགྲིལ་ཞིང་། ཀྲུང་གོའི་རུ་ཁག་ལ་གསེར་གྱི་རྟགས་མ30དང་། དངུལ་གྱི་རྟགས་མ17། ཟངས་ཀྱི་རྟགས་མ6བཅས་ཐོབ་ནས་འཛམ་གླིང་གཟེངས་རྟགས་འགྲན་བསྡུར་ནང་ཞུགས་ཚུན་གྱི་གྲུབ་འབྲས་ཡག་ཤོས་བཏོད་ཡོད།

    3.png

  • ཉེ་ཆར། ཧེ་ལུང་ཅང་ནགས་ལས་ལས་དོན་པས་ཕྱི་རོལ་གྱི་དམར་ཕྱིའི་པར་ཆས་བརྒྱུད་ནས་རི་སྐྱེས་བྱང་ཤར་སྟག་སྟེ“བན་ཏ་རི་བོ་རྟགས་ཅན་དང་པོ”སླར་ཡང་ཤེས་རྟོགས་བྱུང་།

    སྲིད་ཇུས།

  • ཅང་སུའུ་ཡིས་ཡིག་ཆ་བཀྲམ་ནས་གླ་རྒྱག་ཞིང་པའི་གླ་ཆ་སྤྲོད་རྒྱུ་འགན་ལེན་བྱེད་དགོས་པའི་བླང་བྱ་བཏོན་པ་དང་། ཟླ9ཚེས1ཉིན་ནས་བཟུང་ཞིང་ཆེན་ཡོངས་ཀྱི་འཛུགས་སྐྲུན་བྱེད་བཞིན་པའི་རྣམ་གྲངས་ཀྱི་ཁེ་ལས་ཆ་འཕྲིན་དང་ལས་མི་བཀོལ་སྤྱོད་མི་སྣའི་ཆ་འཕྲིན་ཚང་མ་མིང་ངོ་མ་འགོད་པའི་ལམ་ལུགས་ཀྱི་དོ་དམ་ཁྱབ་ཁོངས་ནང་འཇུག་རྒྱུ་ཡིན།

  • ཀོང་ཏུང་གིས་བསམ་འཆར་བསྡུ་ལེན་མ་ཡིག་ཁྱབ་སྒྲོག་བྱས་ཏེ། སློབ་ཕྱིའི་གསོ་སྦྱོང་སྒྲིག་གཞིས“སློབ་ཚན་ཐེངས་གཅིག་ཁྲིད་ནས་དངུལ་ཐེངས་གཅིག་སྤྲོད་པའི”སྔོན་ལ་སློབ་སྦྱོང་དང་རྗེས་སུ་དངུལ་སྤྲོད་པའི་རྣམ་པ་སྤྱོད་རྒྱུར་སྐུལ་ལྕག་བྱ་རྩིས་ཡོད།

  • ཡུན་ནན་གྱིས་འབྲུ་རྡོག་ཆུང་བའི་ཁ་ཧྥེ་རབ་དང་རིམ་པའི་ས་གནས་ཀྱི་ཚད་གཞི་ཁག9ཁྱབ་སྒྲོག་བྱས་པ་དང་ཟླ10ཚེས10ཉིན་ནས་བཟུང་དངོས་སུ་ལག་བསྟར་བྱ་རྒྱུ་ཡིན།

    དེ་རིང་གི་གནམ་གཤིས།

    4.jpg

  • ནང་སོག་གི་བྱང་ཤར་རྒྱུད་དང་། ཞིན་ཅང་རྒྱུད་ཀྱི་ཐེན་ཧྲན་ས་ཁུལ། ཞིན་ཅང་ལྷོ་རྒྱུད་ཀྱི་གཤོང་སའི་བྱང་རྒྱུད། བོད་ལྗོངས་ཀྱི་ཤར་ལྷོའི་རྒྱུད། མཚོ་སྔོན་གྱི་ཤར་ལྷོའི་རྒྱུད། ཀན་སུའུ་ལྷོ་རྒྱུད། སི་ཁྲོན་ནུབ་རྒྱུད་དང་ལྷོ་རྒྱུད། ཡུན་ནན་གྱི་ཤར་ལྷོའི་རྒྱུད། ཀུའེ་ཀྲོའུ་ཡི་ཤར་ལྷོའི་རྒྱུད། ཧུའུ་ནན་ལྷོ་རྒྱུད། ཅང་ཞིའི་བྱང་རྒྱུད་དང་ལྷོ་རྒྱུད། ཀྲེ་ཅང་ཤར་རྒྱུད་ཀྱི་མཚོ་རྒྱུད། ཧྥུའུ་ཅན་ཤར་རྒྱུད་ཀྱི་མཚོ་རྒྱུད། ཀོང་ཞིའི་ཤར་ལྷོའི་རྒྱུད་ཀྱི་མཚོ་རྒྱུད་སོགས་ས་ཁུལ་ཁ་ཤས་སུ་དྲག་ཆར་འབྲིང་བ་ནས་ཆེ་བ་འབབ་རྒྱུ་ཡིན།


མཉམ་སྤྱོད།