དེ་རིང་ནི2025ལོའི་ཟླ05པའི་ཚེས31ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཞོགས་པའི་ཇ་ཡུན་གསར་འགྱུར།

2023-08-18 08:37:07   |   2392

སྒྲིག་སྒྱུར། མཁའ་འགྲོ་མཚོ། ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར་འཕྲིན་སྟེགས། བཤེར་འབེབས། རིན་ཆེན་ཚེ་རིང་། 


གསར་འགྱུར་གལ་ཆེན།

  • ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུ་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཟླ8ཚེས17ཉིན་ཚོགས་འདུ་འཚོགས་ཏེ། འབྲུབ་འགོག་ཆུ་འགོག་གེགས་སེལ་དང་གེགས་རྗེས་སླར་གསོ་བསྐྱར་སྐྲུན་གྱི་ལས་དོན་ལ་ཞིབ་འཇུག་དང་བཀོད་སྒྲིག་བྱས་པ་རེད། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་གསུང་བཤད་གལ་ཆེན་གནང་།

    1.jpg

  • ད་ལོའི་ལོ་སྟོད་དུ་རང་རྒྱལ་གྱི་གྲུ་ཁས་དངོས་ཟོག་འདོན་འཇུག་བྱེད་ཚད་ཏུན་དུང་ཕྱུར81.9ཟིན་པ་དེ་དུས་མཚུངས་ལས8%འཕར།

  • གྲངས་གཞི་གསར་ཤོས་ལས་མངོན་པར། ད་ལོའི་ཟླ་དང་པོ་ནས་བདུན་པའི་བར་རང་རྒྱལ་གྱིས་ཕྱི་ཕྱོགས་ལ་དངུལ་རྩའི་རིགས་མིན་པའི་ཐད་ཀའི་མ་དངུལ་མི་དམངས་ཤོག་སྒོར་དུང་ཕྱུར5009.4འཇོག་པ་དེ་དུས་མཚུངས་ལས18.1%འཕར།

  • ཟླ་བདུན་པའི་ཟླ་མཇུག་བར་རྒྱལ་ཡོངས་སུ་རིམ་རྩིས་བྱས་ན་གློག་འདོན་འཕྲུལ་ཆོས་ནས་གློག་གཏོང་ཚད་སྟོང་ཝ་དུང་ཕྱུར27.4ཟིན་པ་དེ་དུས་མཚུངས་ལས11.5%འཕར།

  • ཆུ་བེད་པུས་ཐེན་ཅིན་དང་ཧོ་པེའི་ཆུ་ལོག་སྔོན་འགོག་གི་རིམ་པⅢཔའི་མཁོ་སྒྲུབ་དང་ལེན་རྒྱུན་འཁྱོངས་བྱས་པ་དང་། ནང་སོག་དང་། ཀན་སུའུ། མཚོ་སྔོན། ཉིང་ཞ་སོགས་ཞིང་ཆེན་དང་རང་སྐྱོང་ལྗོངས་བཞིའི་ཐན་སྐྱོན་འགོག་སྲུང་རིམ་པⅣཔའི་མཁོ་སྒྲུབ་དང་ལེན་རྒྱུན་འཁྱོངས་བྱས།

    2.jpg

  • ཚེས17ཉིན་རང་རྒྱལ་གྱིས་རང་བདག་ཇུས་འགོད་བྱས་ནས་བསྐྲུན་པའི་ཨེ་ཤེ་ཡའི་སྒོར་དབྱིབས་ཀྱི་འཕྱོ་རྣམ་པའི་ཐོན་སྐྱེད་སྣུམ་འདོན་སྒྲིག་ཆས་ཐོག་མ་དེ“རྒྱ་མཚོའི་རྡོ་སྣུམ122”གྲུ་གཟིངས་བཟོ་སྐྲུན་ལེགས་གྲུབ་བྱུང་།

  • ཨ་རིས་སྲིད་འཛིན་བཀའ་རྒྱ་ཁྱབ་བསྒྲགས་བྱས་ནས་ཀྲུང་གོར་མ་འཇོག་བྱེད་པར་ཚོད་འཛིན་བྱེད་པའི་བླང་བྱ་བཏོན། ཚེས17ཉིན་ཚོང་དོན་པུས་ཀྲུང་གོ་ཕྱོགས་ཀྱིས་དེའི་ཐད་དོ་ཁུར་ནན་པོ་བྱས་ཏེ་དགོས་ངེས་ཀྱི་ཁ་གཏད་གཅོག་ཐབས་སྤྱོད་རྒྱུ་ཡིན་ཞེས་ལན་བཏབ།

  • འཇར་པན་གྱི་ཧྥུ་ཏའོ་ཉིང་རྡུལ་གློག་ཁང་དང་པོས་གསོག་ཉར་བྱས་པའི་ཉིང་རྡུལ་སྦགས་བཙོག་ཆུ་ཕྱིར་ཤོར་བ་ཡིན། ཚེས17ཉིན་ཕྱི་འབྲེལ་པུས་ཀྲུང་གོ་ཕྱོགས་ཀྱིས་འཇར་པན་ཕྱོགས་ལ་སླར་ཡང་མཚོ་ཐོག་བཙན་འབུད་ཀྱི་འཆར་གཞི་མཚམས་འཇོག་བྱ་རྒྱུའི་ལྕག་སྐུལ་བཏང་།

    སྤྱི་ཚོགས།

  • རང་བྱུང་ཐོན་ཁུངས་པུ་དང་ཀྲུང་གོ་གནམ་གཤིས་ཅུ་ཡིས་མཉམ་འབྲེལ་ཐོག་ས་གཤིས་གནོད་འཚེའི་གནམ་གཤིས་ཉེན་ཁའི་སྔོན་བརྡ་བཏང་བ་དང་། ཚེས17ཉིན་གྱི་ཆུ་ཚོད20ནས་ཚེས18ཉིན་གྱི་ཆུ་ཚོད20བར་སི་ཁྲོན་དབུས་ལྷོ་རྒྱུད་དང་ཡུན་ནན་བྱང་ཤར་རྒྱུད་སོགས་ས་ཁུལ་ཤས་སུ་ས་གཤིས་གནོད་འཚེ་ཐོན་པའི་གནམ་གཤིས་ཀྱི་ཉེན་ཁ་ཅུང་ཆེན་པོ་ཡོད།

    33.jpg

  • འབྲུབ་འགོག་ཉེན་སེལ་གེགས་སེལ་ཁྲོད་དཔའ་ངར་ངང་རང་སྲོག་བློས་བཏང་བའི་ཅི་ལིན་ཧྲུའུ་ལན་གྲོང་ཁྱེར་མི་དམངས་དྲག་དཔུང་པུའི་ཆབ་སྲིད་ཨུ་ཡོན་ཀྲོའུ་ཁུན་ཞུན་ལ་སྔོན་གཤེགས་དཔའ་བོར་ཆོག་མཆན་སྤྲད་པ་དང་། ཕུལ་བྱུང་གུང་ཁྲན་ཏང་ཡོན་རྗེས་འབོག་བྱས་པ། བྱས་རྗེས་རིམ་པ་དང་པོ་བཀོད་པ་བཅས་བྱས་པ་ཡིན།

  • སྡོམ་རྩིས་གྲངས་གཞི་ལས་མངོན་པར། 2023ལོའི་དབྱར་གསེང་གི་གློག་བརྙན་སྤ་སེ་འཚོང་ཚད་སྒོར་དུང་ཕྱུར177.78(སྔོན་འཚོང་དུས་ཐོག་ཚུད་པ)ལས་བརྒལ་ཏེ་ཀྲུང་གོའི་གློག་བརྙན་ལོ་རྒྱུས་ཀྱི་དུས་མཚུངས་སྤ་སེ་འཚོང་ཚད་ཀྱི་ཟིན་ཐོ་གསར་པ་བཏོད།

  • ལྕགས་ལམ་སྡེ་ཚན་གྱིས་ནུས་པ་མང་བའི་མེ་འཁོར་སྒུག་པའི་རྐུབ་སྟེགས་གཉེར་སྐྱོང་ཞབས་ཞུ་བཅོས་སྒྲིག་དང་ཚད་ལྡན་དུ་བཏང་ནས་ནུས་པ་མང་བའི་མེ་འཁོར་སྒུག་པའི་རྐུབ་སྟེགས་ཀྱི་གྲངས་འབོར་དེ་མེ་འཁོར་སྒུག་པའི་རྐུབ་སྟེགས་ཡོངས་ཀྱི20%ལས་བརྒལ་མི་ཆོག་པའི་བླང་བྱ་བཏོན།

  • ཉེ་ཆར་ཀྲུང་གོའི་ཚན་རིག་པས་ཚོད་ལྟ་ཁང་དུ་དབྱང་གཉིས་ཐཱན་རྫས་ནས་མངར་ཆའི་བར་གྱི་གནད་སྨིན་མཉམ་འདྲེས་མངོན་འགྱུར་བྱུང་ནས་མིའི་ཐབས་ལ་བརྟེན་ནས་འདྲེས་སྦྱོར་མངར་ཆ་འགག་རྩའི་གོམ་སྟབས་སྤོས།

  • ཀོང་ཏུང་མཚོ་དོན་ཅུ་ཡིས་ཚེས18ནས22ཉིན་བར་གྱི་ཆུ་ཚོད6པ་ནས་ཆུ་ཚོད22བར་ལྷོ་རྒྱ་མཚོའི་མཚོ་ཁོངས་ཁག་གཅིག་ལ་མེ་མདའ་འཕེན་པའི་དངོས་སྦྱོང་བྱ་རྒྱུ་ཡིན་པས་གྲུ་གཟིངས་བསྐྱོད་མི་ཆོག་པའི་མཚོ་འགྲུལ་ཐ་ཚིག་བསྒྲགས།

    4.gif

  • ཉེ་ཆར། ཀྲེ་ཅང་ཡུང་ཁང་གི་ལོ10ལ་སླེབས་པའི་བུ་མོ་ཆུང་ཆུང་ཁྲེན་ཡན་ཞིན་དང་ཝང་ཝུན་ཡན་གཉིས་ལ་བོར་སོང་བའི་ལོ་གཉིས་ཅན་གྱི་ཕྲུ་གུ་ཞིག་དང་འཕྲད་ནས་ཁོ་གཉིས་ཀྱིས་སྲུང་སྐྱོང་བྱས་ཏེ་ཕྲུ་གུ་དེ་མངག་གཏོང་ཁང་དུ་བསྐྱལ།

    སྲིད་ཇུས།

  • ཀོང་ཞིས་གཏན་འབེབས་གསར་པ་བཏོན་ཏེ། གུན་སྐྱོབ་ཞུགས་པའི་བུད་མེད་ལས་བཟོར་ཕྲུ་གུ་གཅིག་དང་ཕྲུ་གུ་གཉིས་སྐྱེ་མཁན་ལ་བུ་བཙའི་ཕོགས་སྣོན་སྤྲོད་པའི་དུས་ཡུན་དེ་རྒྱལ་ཁབ་ཀྱི་ཁྲིམས་སུ་གཏན་འཁེལ་བྱས་བའི་ངལ་གསོའི་དུས་ཡུན་ཉིན98ཀྱི་རྨང་གཞིའི་ཐོག་ཏུ་ཉིན30ནར་འགྱངས་བྱས་ཏེ་ཉིན128སླེབས།

  • ཧའེ་ནན་གྱིས2025ལོར་སླེབས་སྐབས་གྲོང་ཚོའི་འཕྲོད་བསྟེན་ཁང་རེར་ཉུང་མཐར་ཡང་ཚད་ལྡན་གྱི་གྲོང་གསེབ་སྨན་པ་རེ་བཀོད་སྒྲིག་བྱེད་དགོས་པ་དང་། རྩ་དོན་ཐོག་ཉུང་མཐར་ཡང་སྨན་རྫས་སྣ་ཁ80བཀོད་སྒྲིག་དང་བེད་སྤྱོད་བྱེད་དགོས་པའི་ཇུས་གཞི་པར་འགྲེམས་བྱས།

  • ཧེ་ལུང་ཅང་གིས་ནགས་ཚལ་གུན་སྐྱོབ་གྲོན་དངུལ་གྱི་ཚད3.5‰ནས2.5‰བར་དམའ་རུ་བཏང་བ་དང་། གུན་སྐྱོབ་ཀྱི་དངུལ་གྲངས་མུའུ་རེར་སྒོར600ནས་མུའུ་རེར་སྒོར800བར་མཐོ་རུ་བཏང་བ་གཏན་འབེབས་བྱས།

    དེ་རིང་གི་གནམ་གཤིས།

    5.jpg

  • ཧེ་ལུང་ཅང་གི་དབུས་ནུབ་རྒྱུད་དང་། ཅི་ལིན་གྱི་ནུབ་བྱང་རྒྱུད། པེ་ཅིང་གི་ཤར་རྒྱུད། ཐེན་ཅིན། ཧོ་པེའི་དབུས་ལྷོ་རྒྱུད་དང་བྱང་ཤར་རྒྱུད། ཧྲན་ཏུང་གི་ནུབ་བྱང་རྒྱུད། ཧོ་ནན་བྱང་རྒྱུད། ཁྲོན་ནུབ་མཐོ་སྒང་གི་བྱང་རྒྱུད། སི་ཁྲོན་གཤོང་སའི་ནུབ་རྒྱུད་དང་ལྷོ་རྒྱུད། ཡུན་ནན་གྱི་བྱང་ཤར་རྒྱུད་དང་ནུབ་རྒྱུད། ཀྲེ་ཅང་གི་ཤར་ལྷོའི་རྒྱུད། ཧྥུ་ཅན་གྱི་ཤར་རྒྱུད། ཀོང་ཞིའི་དབུས་བྱང་རྒྱུད། ཀོང་ཏུང་གི་སོགས་ས་ཁུལ་ཁ་ཤས་སུ་དྲག་ཆར་འབྲིང་བ་ནས་ཆེ་བ་འབབ་རྒྱུ་ཡིན།


མཉམ་སྤྱོད།