དེ་རིང་ནི2025ལོའི་ཟླ05པའི་ཚེས31ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཞོགས་པའི་ཇ་ཡུན་གསར་འགྱུར།

2023-08-22 08:35:41   |   4744

སྒྲིག་སྒྱུར། སངས་རྒྱས་སྐྱིད། ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར་འཕྲིན་སྟེགས། བཤེར་འབེབས། རིན་ཆེན་ཚེ་རིང་།


གསར་འགྱུར་གལ་ཆེན།

  • ཟླ8ཚེས21ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་ལྷོ་ཨ་ཧྥེ་རི་ཁ་སྤྱི་མཐུན་རྒྱལ་ཁབ་ཀྱི་ཙུང་ཐུང་ལཱ་མ་ཕུའུ་ས་ཡི་གདན་ཞུས་ལྟར་ཆེད་སྤྱོད་གནམ་གྲུར་བཞུགས་ནས་པེ་ཅིང་དང་ཞལ་གྱེས་ཏེ། ཡོ་ཧན་ནེ་སི་པའོ་རུ་གསེར་སྦྲམ་རྒྱལ་ཁབ་ཀྱི་མགོ་ཁྲིད་པའི་མཇལ་འཛོམས་ཐེངས་བཅོ་ལྔ་པར་ཞུགས་པ་མ་ཟད། ལྷོ་ཨ་ཧྥེ་རི་ཁར་རྒྱལ་དོན་འཚམས་འདྲི་གནང་། ལྷོ་ཨ་ཧྥེ་རི་ཁར་བཞུགས་རིང་། ཞི་ཅིན་ཕིང་གིས་ད་དུང་ལཱ་མ་ཕུའུ་ས་དང་མཉམ་དུ་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མགོ་ཁྲིད་པའི་གླེང་མོལ་ཚོགས་འདུ་གཙོ་སྐྱོང་གནང་རྒྱུ་རེད།

  • ཟླ8ཚེས21ཉིན། ཡོ་ཧན་ནེ་སི་པའོ་རུ་ཕེབས་ཏེ་གསེར་སྦྲམ་རྒྱལ་ཁབ་ཀྱི་མགོ་ཁྲིད་པའི་མཇལ་འཛོམས་ཐེངས་བཅོ་ལྔ་པར་ཞུགས་པ་དང་། ལྷོ་ཨ་ཧྥེ་རི་ཁར་རྒྱལ་དོན་འཚམས་འདྲི་གནང་བའི་སྐབས་སུ། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ལྷོ་ཨ་ཧྥེ་རི་ཁའི《སྐར་མའི་ཚགས་པར》དང་།《ཁེ་ཕུའུ་ཡི་སྐབས་དོན་ཚགས་པར》《ལྷག་པའི་ཚགས་པར》དང་། ལྷོ་ཨ་ཧྥེ་རི་ཁའི་རང་བཙན་སྨྱན་སྦྱོར་དྲ་ཚིགས་བཅས་སུ《ཀྲུང་གོ་དང་ལྷོ་ཨ་ཧྥེ་རི་ཁའི་མཛའ་མཐུན་མཉམ་འབྲེལ་གྱི་འཁོར་ཆེན་མདུན་ནས་མདུན་དུ་སྐྱོད་པར་གྱིས་ཤིག》ཅེས་པའི་མཚན་བཀོད་རྩོམ་ཡིག་སྤེལ།

  • རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་སྲིད་འཛིན་ཁྲིམས་སྲོལ14ཡི་དོན་ཚན་ཁ་ཤས་ལ་བཟོ་བཅོས་བྱ་རྒྱུའི་ཐག་བཅད་པ་དང་།《ཐོན་རྫས་ཀྱི་སྤུས་ཀར་ལྟ་སྐུལ་བྱེད་པའི་ཚོད་ལྟའི་བྱེད་ཐབས》མེད་པར་བཟོ་རྒྱུ་རེད།

    图片1.jpg

  • འགག་སྒོ་ལས་ཁུངས་ཀྱིས་བསྡོམས་རྩིས་བྱས་པར་གཞིགས་ན། ད་ལོའི་ཟླ་དང་པོ་ནས་བདུན་པའི་བར་རང་རྒྱལ་གྱིས་གསེར་སྦྲམ་རྒྱལ་ཁབ་གཞན་དག་ལ་ཕྱིར་གཏོང་ནང་འདྲེན་བྱེད་ཚད་སྒོར་དུང་ཕྱུར་ཁྲི2.38ཟིན། དེ་དུས་མཚུངས་ལས19.1%འཕར་ཡོད།

  • ནོར་སྲིད་པུ་དང་ཆུ་བེད་པུ་ཡིས་སླར་ཡང་སྒོར་དུང་ཕྱུར5བཏང་སྟེ། ཐེན་ཅིན་དང་ཧོ་པེ་ཡི་མང་ཚོགས་ཀྱི་ཞིང་ལས་སྐྱེ་དངོས་དང་ཆེད་ལས་གསོ་ཚགས་སོགས་ཀྱི་ཆུ་སྐྱོན་གྱི་གྱོང་གུན་ལ་ཁ་གསབ་སྤྲོད་རྒྱུར་རྒྱབ་སྐྱོར་བྱས་ཏེ། གེགས་ཁུལ་གྱི་རྒྱུན་གཏན་གྱི་ཐོན་སྐྱེད་དང་འཚོ་བའི་སྒྲིག་ལམ་གང་མགྱོགས་སྒོས་སླར་གསོ་ཐུབ་རྒྱུར་རོགས་རམ་བྱ་རྒྱུ་རེད།

  • རྒྱལ་ཁབ་རླུང་འཕྲིན་གློག་བརྙན་བརྙན་འཕྲིན་སྤྱི་ཁྱབ་ཅུ་སོགས་སྡེ་ཚན་གྱིས་ཚོགས་འདུ་འཚོགས་ཏེ། ད་ལོའི་ལོ་མཇུག་སྔོན་དུ། བརྙན་འཕྲིན་གྱི“གྲོན་དངུལ་བསྡུ་མང་བ་དང་། གྲོན་དངུལ་བསྡུ་མཁན་མང་བ། གྲོན་དངུལ་བསྡུས་པ་ཁ་གསལ་མིན་པ”བཅས་ཀྱི་གནད་དོན་ཐག་གཅོད་བྱ་རྒྱུར་དམིགས་ཏེ། ཚོད་ལྟའི་ལས་དོན་དང་ཆེད་དོན་བཅོས་སྒྲིག་བྱེད་དགོས་པའི་བླང་བྱ་བཏོན།

  • ནོར་སྲིད་པུས་ཡོངས་བསྒྲགས་བྱས་པའི་གཞི་གྲངས་ལས་མངོན་པ་ལྟར་ན། ཟླ་དང་པོ་ནས་བདུན་པའི་བར་རྒྱལ་ཡོངས་ཀྱི་སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་ཡོང་འབབ་སྒོར་དུང་ཕྱུར139334ཟིན། དེ་དུས་མཚུངས་ལས11.5%འཕར་ཡོད།

    图片2.jpg

  • ཚེས21ཉིན་གྱི་ཆུ་ཚོད1:45སྟེང་། རང་རྒྱལ་གྱིས་ཅིའུ་ཆོན་སྲུང་སྐར་འཕེན་གཏོང་ལྟེ་གནས་སུ་རྒྱང་སྐྱོད་ཨང་བཞི་པ་རྟགས་ཅན་གྱི་སྐྱེལ་འདྲེན་མེ་ཤུགས་འཕུར་མདའ་སྤྱད་དེ་སྐར་མ་མཐོན་པོ་ཨང་བཅུ་གཉིས་པའི་སྲུང་སྐར04འཕེན་གཏོང་བྱས་པ་དང་། སྲུང་སྐར་བདེ་བླག་ངང་དེ་སྔོན་གཏན་འཁེལ་བྱས་པའི་འཁོར་ལམ་དུ་བསྐྱོད་པས། འཕེན་གཏོང་ལས་འགན་ལེགས་པར་གྲུབ།

  • རྒྱལ་ཁབ་སྦྲག་སྲིད་ཅུས་གནས་ཚུལ་སྤེལ་བར་གཞིགས་ན། ཟླ་དང་པོ་ནས་བདུན་པའི་བར་རང་རྒྱལ་གྱི་མྱུར་སྐྱེལ་ལས་སྒོའི་གྲངས་འབོར་རིམ་རྩིས་བྱས་ན་དུང་ཕྱུར703.0ཟིན། དེ་དུས་མཚུངས་ལས15.5%འཕར་ཡོད།

  • ཚེས21ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་ཐའེ་ཝན་ལས་དོན་གཞུང་ལས་ཁང་གིས་བསྟན་དོན། འགག་སྒོ་སྤྱི་ཁྱབ་ཧྲུའུ་ཡིས2023ལོའི་ཟླ8ཚེས21ཉིན་ནས་བཟུང་ཐའེ་ཝན་ས་ཁུལ་གྱི་ཨ་མྲ་ནང་ལོགས་སུ་ནང་འདྲེན་བྱེད་མཚམས་འཇོག་རྒྱུའི་གཏན་འབེབས་བྱས།

སྤྱི་ཚོགས།

图片3.jpg

  • ཀྲུང་དབྱང་གནམ་གཤིས་ལས་ཁུངས་ཀྱིས་དྲག་ཆར་གྱི་སྔོན་བརྡ་སྔོན་པོ་བཏང་བ་སྟེ། དེ་རིང་། ནང་སོག་གི་བྱང་ཤར་རྒྱུད་དང་། ཧེ་ལུང་ཅང་གི་ནུབ་རྒྱུད། ཅི་ལིན་གྱི་དབུས་ཤར་རྒྱུད། ལེའོ་ཉིང་གི་ཤར་རྒྱུད་སོགས་ཀྱི་ས་ཁུལ་ཁག་ཅིག་ཏུ་ཆར་ཆེན་ནས་དྲག་ཆར་འབབ་རྒྱུ་རེད།

  • ཉེ་ཆར། རྒྱལ་ཁབ་བདེ་འཇགས་ལས་ཁུངས་ཀྱིས་ཨ་རིའི་ཀྲུང་དབྱང་གསང་འཕྲིན་ཅུའི་གསང་མྱུལ་གྱོད་གཞི་ཞིག་རྩད་ཆོད།

  • ཀྲེ་ཅང་མཚོ་དོན་ཅུས་གནས་ཚུལ་སྤེལ་བར་གཞིགས་ན། དེ་རིང་གི་ཆུ་ཚོད6པ་ནས13པའི་བར། ཤར་རྒྱ་མཚོར་མདེའུ་དངོས་འཕེན་པའི་སྦྱོང་བརྡར་བྱེད་རྒྱུ་ཡིན་པས་མཚོ་སྐྱོད་བྱེད་མི་ཆོག

  • 2023ལོའི་ཀྲུང་གོའི་རྩིས་ཤུགས་ཚོགས་ཆེན་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། མིག་སྔའི་བར་དུ། རང་རྒྱལ་གྱི་རྩིས་ཤུགས་ཀྱི་སྤྱིའི་གཞི་ཁྱོན་གོ་ལ་ཧྲིལ་པོའི་ཨང་གཉིས་པར་སླེབས་པ་དང་། ཉེ་བའི་ལོ་ལྔའི་ནང་དུ་ལོ་རེའི་ཆ་སྙོམས་འཕར་ཚད30%ཙམ་ཟིན་ཡོད།

  • ཀྲུང་གོའི་ཡིག་གཟུགས་མཁས་ཅན་མཐུན་ཚོགས་ཀྱི་མཚན་འཛིན་ཀྲུའུ་ཞི་སྐུ་ཞབས་ཧྲེན་ཕུང་སྙུང་གཞི་ཡི་རྐྱེན་གྱིས་སྨན་བཅོས་བྱས་ཀྱང་མ་ཕན་པར2023ལོའི་ཟླ8ཚེས21ཉིན་པེ་ཅིང་དུ་སྐུ་གཤེགས། སྐུ་གཤེགས་སྐབས་དགུང་ལོ92ཡིན།

  • ཀོང་ཞི་ཡི་ལི་ཆེ་གེ་མོ་སོགས་མི་བཅུ་གཅིག་གིས་སྤ་སེ་འཕྲོག་པའི་མཉེན་ཆས་རང་གིས་བཟོས་ཏེ། ས་ཆ་མང་པོའི་མཛེས་ལྗོངས་ཁུལ་གྱི་སྤ་སེའི་ལས་དོན་མ་ལག་ལ་ཕར་རྒོལ་བྱས་པས་ཁྲིམས་འགལ་ངང་ཁེ་བཟང་སྒོར་ཁྲི100ལྷག་ཙམ་ཐོབ། མིག་སྔར་པེ་ཅིང་ཉེན་རྟོག་ཕྱོགས་ཀྱིས་ཉེས་དོན་བཀག་ཉར་བྱས་ཡོད།

    སྲིད་ཇུས།

  • ཡུན་ནན་གྱིས་ཆ་རྐྱེན་འཛོམས་པའི་ཁེ་ལས་ཀྱིས་མི་གཅིག་ལས་ཞུགས་སུ་བསྡུས་ན་ཐེངས་གཅིག་རང་བཞིན་གྱི་ལས་གནས་རྒྱ་སྐྱེད་ཀྱི་ཁ་གསབ་སྒོར1500སྤྲོད་རྒྱུ་ཁ་གསལ་བཏོན།

  • མཚོ་སྔོན་གྱིས་སྤྱི་བསྒྲགས་སྤེལ་བ་སྟེ། གནས་སྐོར་བ་མི་མེད་ཁུལ་དང་སྒོ་ཕྱེས་མེད་པ། གསར་སྤེལ་བྱས་མེད་པ་བཅས་ཀྱི་མཛེས་ལྗོངས་ཁུལ་དུ་བསྐྱོད་དེ་མྱུལ་དཔྱད་དང་གནས་སྐོར་སོགས་ཀྱི་བྱེད་སྒོ་སྤེལ་རྒྱུ་གཏན་འགོག་བྱེད་རྒྱུ་རེད།

  • ཧྲན་ཞི་ཡིས་བརྡ་ཐོ་བཏང་བ་སྟེ། ཁེ་ལས་ཀྱིས་གསར་དུ་བསྡུས་པའི་ལས་མིར་གསོ་སྦྱོང་བྱེད་པར་རྒྱབ་སྐྱོར་བྱེད་རྒྱུ་ཡིན་པ་དང་། ཆ་རྐྱེན་འཛོམས་པའི་ཁེ་ལས་ལ་གསོ་སྦྱོང་གྲོན་དངུལ་དངོས་ཀྱི70%ལས་མི་བརྒལ་བའི་ཁ་གསབ་སྤྲོད་རྒྱུ་རེད།

དེ་རིང་གི་གནམ་གཤིས།

图片5.jpg

  • ནང་སོག་གི་བྱང་ཤར་རྒྱུད་དང་། ཧེ་ལུང་ཅང་གི་ནུབ་རྒྱུད། ཅི་ལིན་གྱི་དབུས་ཤར་རྒྱུད། ལེའོ་ཉིང་གི་ཤར་རྒྱུད། ཅང་སུའུ་ཡི་དབུས་རྒྱུད། ཨན་ཧུའེ་ཡི་དབུས་ལྷོ་རྒྱུད། ཀྲེ་ཅང་།ཅང་ཞིའི་དབུས་བྱང་རྒྱུད། ཧུའུ་པེའི་ཤར་རྒྱུད། ཧུའུ་ནན་གྱི་དབུས་རྒྱུད། ཀུའེ་ཀྲོའུ་ཡི་ལྷོ་རྒྱུད། ཡུན་ནན་གྱི་ནུབ་བྱང་རྒྱུད་དང་ཤར་རྒྱུད་སོགས་ཀྱི་ས་ཁུལ་ཁ་ཤས་སུ་ཆར་ཆེན་ནས་དྲག་ཆར་འབབ་རྒྱུ་ཡིན་པ་དང་། དེ་དག་ལས་ཅི་ལིན་གྱི་ཤར་ལྷོའི་རྒྱུད་དང་། ཅང་ཞིའི་བྱང་ཤར་རྒྱུད་སོགས་ས་ཁུལ་ཁ་ཤས་ལ་དྲག་ཆར་ཆེན་པོ་འབབ་རྒྱུ་རེད།


མཉམ་སྤྱོད།