དེ་རིང་ནི2025ལོའི་ཟླ05པའི་ཚེས31ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཞོགས་པའི་ཇ་ཡུན་གསར་འགྱུར།

2023-09-01 08:29:02   |   4127

སྒྲིག་སྒྱུར།  སངས་དོན།   ཡོང་ཁུངས།   མི་དམངས་ཉིན་རེའི་ཚགས་པར་འཕྲིན་སྟེགས།    བཤེར་འབེབས།   རིན་ཆེན་ཚེ་རིང་།


གསར་འགྱུར་གལ་ཆེན།

000.jpg

  • ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུ་ཡིས་ཟླ8ཚེས31ཉིན་ཚོགས་འདུ་འཚོགས་ནས《ལས་བྱེད་པའི་སློབ་གསོ་གསོ་སྦྱོང་ལས་དོན་སྲོལ་ཡིག》དང《རྒྱལ་ཡོངས་ཀྱི་ལས་བྱེད་པའི་སློབ་གསོ་གསོ་སྦྱོང་འཆར་འགོད(2023ལོ་ནས2027ལོ་བར)》ལ་གྲོས་ཞིབ་བྱས། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཚོགས་འདུར་གཙོ་སྐྱོང་གནང་།

1.jpg

  • རྒྱལ་ཡོངས་ཀྱི་ཕྱིར་ལོག་རང་མི་དང་ཕྱིར་སྡོད་རང་མིའི་ཁྱིམ་མིའི་འཐུས་མི་ཚོགས་ཆེན་ཐེངས་བཅུ་གཅིག་པ་དེ་ཟླ8ཚེས31ཉིན་གྱི་སྔ་དྲོ་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་འཚོགས། ཞི་ཅིན་ཕིང་དང་། ལི་ཆང་། ཀྲའོ་ལེ་ཅི། ཝང་ཧུའུ་ཉིང་། ཚའེ་ཆི། ཏིང་ཞུའེ་ཞང་། ཧན་ཀྲེང་སོགས་ཏང་དང་རྒྱལ་ཁབ་ཀྱི་མགོ་ཁྲིད་པ་ཚོགས་འདུར་ཕེབས་ནས་རྟེན་འབྲེལ་ཞུས་པ་དང་། ལི་ཤིས་ཀྱིས་ཏང་ཀྲུང་དབྱང་གི་ཚབ་ཞུས་ནས་ཤིས་ཚིག་ཕུལ།

  • ཟླ9ཚེས1ཉིན་པར་སྐྲུན་བྱེད་པའི《བདེན་འཚོལ》ཐེངས17པའི་ཐོག་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གི་གསུང་རྩོམ་གལ་ཆེན་སྟེ《རིག་གནས་རྒྱུན་འཛིན་འཕེལ་རྒྱས་ཀྱི་བཞུགས་མོལ་གྲོས་ཚོགས་སྟེང་གི་གཏམ་བཤད》སྤེལ་རྒྱུ་རེད།

  • ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཉེ་ཆར་ཨན་ཧུའེ་ཞིང་ཆེན་ཆན་ཧྲན་ཡེ་ཀྲའེ་སློབ་འབྲིང་གི་དམག་དཔོན་སློབ་གྲྭར་གསར་དུ་རྒྱུགས་འཕྲོད་པའི་སློབ་གྲོགས20ལ་འཕྲིན་ལན་སྤྲིངས་ནས་ཁོང་ཚོར་བྱམས་བརྩེའི་སྐུལ་ལྕག་གནང་།

  • ཟླ8ཚེས29ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཨ་རིའི་དམག་དཔོན་ཧྲི་ཏི་ཝུའེ(史迪威)ཡི་ཚ་བོ་ཡོ་ཧན·དབྱི་སི་ཐེ་པུའུ་ལུའུ་ཁེར་འཕྲིན་ལན་སྤྲིངས།

  • ཉེ་ཆར། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས《མི་སྒེར་གྱི་ཐོབ་ཁྲལ་གྱི་འབྲེལ་ཡོད་ཆེད་དོན་ཟུར་སྣོན་འཐེན་འཕྲིའི་ཚད་གཞི་མཐོ་རུ་གཏོང་རྒྱུའི་སྐོར་གྱི་བརྡ་ཐོ》པར་འགྲེམས་བྱས།

  • ཀྲུང་གོ་མི་དམངས་དངུལ་ཁང་དང་རྒྱལ་ཁབ་དངུལ་རྩ་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུ་ཡིས་མཉམ་འབྲེལ་ཐོག་ཡིག་ཆ་བཀྲམ་ནས་གསོག་འཇོག་བྱས་པའི་སྡོད་ཁང་དངུལ་བུན་གྱི་སྐྱེད་ཀ་ཐོག་མ་དམའ་རུ་བཏང་བ་དང་། ཚོང་ལས་དངུལ་བུན་གྱི་ཐོག་མའི་དངུལ་སྤྲོད་བསྡུར་ཚད་དམའ་ཤོས་ལེགས་སྒྲིག་བྱས་ཡོད།

  • ཚོང་དོན་པུའི་གྲངས་གཞི་ལས་མངོན་པ་ལྟར་ན། ཟླ1པོ་ནས7པའི་བར་རང་རྒྱལ་གྱི་ཞབས་ཞུའི་ཕྱིར་གཏོང་ནང་འདྲེན་སྡོམ་འབོར་མི་དམངས་ཤོག་སྒོར་དུང་ཕྱུར36669.1ཟིན་པ་དང་། དུས་མཚུངས་ལས8.1%འཕར་ཡོད།

  • ཟླ8པར་ཀྲུང་གོའི་བཟོ་སྐྲུན་ལས་རིགས་ཀྱི་ཉོ་སྒྲུབ་ཅིང་ལིའི་སྟོན་གྲངས49.7%ཟིན་པ་དང་། ཟླ་བ་གོང་མ་ལས་བརྒྱ་ཆའི་གྲངས0.4འཕར་ནས་ཟླ་བ3ལ་བསྟུད་མར་འཕར་ཡོད་པ་རེད།

2.jpg

  • ཟླ8ཚེས31ཉིན། རང་རྒྱལ་གྱིས་ཤིས་ཁྲང་སྲུང་སྐར་འཕེན་གཏོང་ལྟེ་གནས་སུ་རྒྱང་སྐྱོད་ཨང་གཉིས་པའི་སྐྱེལ་འདྲེན་མེ་ཤུགས་འཕུར་མདའ་སྤྱད་དེ་རྒྱང་ཚོར་ཨང་སོ་དགུ་པའི་སྲུང་སྐར་འཕེན་གཏོང་བྱས་པ་རེད།

སྤྱི་ཚོགས།

3.jpg

  • ཀྲུང་དབྱང་གནམ་གཤིས་ལས་ཁུངས་ཀྱིས་ཟླ8ཚེས31ཉིན་མུ་མཐུད་དུ་རྒྱ་མཚོའི་རླུང་འཚུབ་ཀྱི་ཉེན་བརྡ་དམར་པོ་ཁྱབ་བསྒྲགས་བྱས་པ་སྟེ། སྔོན་དཔག་བྱས་ན་རྒྱ་མཚོའི་རླུང་འཚུབ“སུའུ་ལ”ཟླ9ཚེས1ཉིན་གྱི་ཕྱི་དྲོ་ནས་མཚན་མོ་བར་ཀོང་ཏུང་ཧུའེ་ལའེ་ནས་ཤང་ཀང་རྒྱུད་ཀྱི་མཚོ་རྒྱུད་དུ་སྐམ་སར་འབུད་རྒྱུ་རེད།

  • རྒྱལ་ཁབ་འབྲུབ་འགོག་ཐན་འགོག་སྤྱི་ཁྱབ་བཀོད་འདོམས་པུས་ཟླ8ཚེས31ཉིན་འབྲུབ་འགོག་དང་རྒྱ་མཚོའི་རླུང་འཚུབ་འགོག་པའི་འཕྲལ་སྡོམ་དང་ལེན་རིམ་པ་གསུམ་པར་མཐོ་རུ་བཏང་ནས་ལས་དོན་ཚོགས་ཆུང་ཀྲེ་ཅང་དུ་ལས་དོན་ལ་གཞོགས་འདེགས་དང་མཛུབ་ཁྲིད་བྱེད་པར་མངགས་ཡོད།

  • ད་ལོའི་དབྱར་གསེང་རིང་། རྒྱལ་ཡོངས་མཐའ་མཚམས་ཞིབ་བཤེར་ལས་ཁུངས་ཀྱིས་ས་མཚམས་ནས་འགྲོ་འོང་བྱེད་མཁན་མི་ཐེངས་ཁྲི8241.3ལ་ཞིབ་བཤེར་བྱས།

  • རྒྱལ་ཁབ་སྨན་རྫས་ལྟ་སྐུལ་ཅུ་དང་འགག་སྒོ་སྤྱི་ཁྱབ་ཧྲུའུ་ཡིས་སྤྱི་བསྒྲགས་སྤེལ་ནས་ཐའེ་ཀྲོའུ་གྲོང་ཁྱེར་ཐའེ་ཀྲོའུ་གྲུ་ཁའི་འགག་སྒོ(泰州口岸)དེ་སྨན་རྫས་ནང་འདྲེན་གྱི་འགག་སྒོར་ཁ་སྣོན་བྱས་ཡོད།

  • ཟླ8ཚེས31ཉིན། ཧྥུའུ་ཅན་ཞ་མོན་འབྲིང་རིམ་མི་དམངས་ཁྲིམས་ཁང་གི་འདྲི་གཅོད་དང་པོའི་ཁྲིམས་ར་ཡོངས་བསྒྲགས་ངང་འཚོགས་ནས་ཧྲང་ཧའེ་གྲོང་ཁྱེར་མི་དམངས་ཞིབ་དཔྱོད་ཁང་གི་དེ་སྔའི་ཏང་ཙུའི་ཧྲུའུ་ཅི་དང་ཞིབ་དཔྱོད་དཔོན་ཀྲང་པིན་ཚའེ་ཡིས་ལྐོག་རྔན་བླངས་པའི་གྱོད་གཞི་དེར་ཞིབ་གཅོད་བྱས་པ་རེད།

  • ཟླ8པའི་ཚེས31ཉིན། ཧྥུའུ་ཅན་ནན་ཕིང་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས་ཅང་ཆེ་གེ་མོས་ལིན་ཆེ་གེ་མོས་བརྙས་བཅོས་དང་སྐུར་འདེབས་བྱས་པའི་གོང་གཏུག་གྱོད་གཞིར་འདྲི་གཅོད་གཉིས་པའི་བཅད་ཁྲ་ཁྱབ་བསྒྲགས་བྱས་ཏེ། གོང་གཏུག་ཕྱིར་སློག་བྱས་ནས་ཐོག་མའི་དཔྱད་མཚམས་སོར་བཞག་བྱ་རྒྱུའི་བཀའ་བཅད་བཏང་།

4.png

  • ཟླ8པའི་ཚེས31ཉིན། 2023ལོའི་ཨེ་ཤ་ཡའི་བུད་མེད་ཕའེ་ཆིའུ་སྤོ་ལོའི་འགྲན་བསྡུར་ཁྲོད། ཀྲུང་གོའི་བུད་མེད་ཕའེ་ཆིའུ་སྤོ་ལོའི་རུ་ཁག་གིས་ཧྥི་ལི་ཕིན་གྱི་བུད་མེད་ཕའེ་ཆིའུ་སྤོ་ལོ་ལས་རྣམ་པར་རྒྱལ་ནས་བསྟུད་མར་ཐེངས་གཉིས་ལ་རྒྱལ་ཁ་བླངས།

5.jpg

  • ཟླ8ཚེས31ཉིན། 2023ལོའི་ལན་ཆིའུ་སྤོ་ལོའི་འཛམ་གླིང་བུམ་པའི་འགྲན་བསྡུར་ནང་ཀྲུང་གོའི་སྐྱེས་པའི་ལན་ཆིའུ་སྤོ་ལོའི་རུ་ཁག་གིས་ཨན་ཀོ་ལའི་སྐྱེས་པའི་ལན་ཆིའུ་སྤོ་ལོ་ལས་རྣམ་པར་རྒྱལ་ནས་སྐབས་འདིའི་འཛམ་གླིང་བུམ་པའི་འགྲན་བསྡུར་གྱི་རྒྱལ་ཁ་དང་པོ་བླངས་པ་རེད།

  • ཀྲུང་གོ་མི་བཞུགས་འཇིག་རྟེན་འཕུར་སྐྱོད་བཟོ་སྐྲུན་གཞུང་ལས་ཁང་གིས་སྤྱི་བསྒྲགས་སྤེལ་ནས་སྤྱི་ཚོགས་ལ་ཕྱོགས་ནས2024ལོའི་མི་བཞུགས་འཇིག་རྟེན་འཕུར་སྐྱོད་ལས་འགན་གྱི་མཚོན་རྟགས་ཡོངས་བསྒྲགས་ངང་བསྡུ་རུབ་བྱས་ཡོད།

  • ཀྲུང་གོ་སྒུལ་བདེའི་གནས་ཚུལ་སྤེལ་བར་གཞིགས་ན། རྒྱལ་ནང་གི་ཚོང་སྤྱོད་ཀྱི5Gའཕེན་ཚད་བསྡུ་ལེན་ཐུབ་པའི་ཉིང་ལྷེབ་ཐོག་མ་ཞིབ་བཟོ་ལེགས་གྲུབ་བྱུང་ནས་རང་རྒྱལ་གྱི5Gདྲ་རྒྱའི་ལྟེ་བའི་སྒྲིག་ཆས་ཀྱི་རང་བརྟེན་ཚོད་འཛིན་ཐུབ་ཚད་ནུས་ལྡན་ངང་མཐོ་རུ་ཕྱིན་ཡོད་པ་རེད།

  • ཉེ་ཆར། ཧོ་ནན་ཤིན་ཤང(河南新乡)ཉེན་རྟོག་ཕྱོགས་ཀྱིས་འབར་མའི་བྱང་རྒྱུད་ཀྱི་གློག་འཕྲིན་གཡོ་ལེན་ཚོགས་པ་ཆེན་པོ་ཞིག་མེད་པ་བཟོས་ནས་ཉེས་གསོག་དོགས་ཅན་མི225བཟུང་བ་དང་། གྱོད་འབྲེལ་དངུལ་འབོར་སྒོར་དུང་ཕྱུར1.4ཟིན་ཡོད།

སྲིད་ཇུས།

  • ཧེ་ལུང་ཅང་གིས་ཡིག་ཆ་བཏང་ནས་གསར་གཏོད་འཕེལ་རྒྱས་ལ་སྐུལ་འདེད་བཏང་། གསར་དུ་ཆོག་མཆན་ཐོབ་པའི་རྒྱལ་ཁབ་ཚོད་ལྟ་ཁང་གི་རྟེན་གཞིར་ཐེངས་གཅིག་ལ་སྒོར་ཁྲི1000གི་རོགས་སྐྱོར་བྱས་ཡོད།

  • ཧོ་ནན(河南)གྱིས་ལས་རིགས་ཞིང་པ་གསར་པའི་གོ་མིང་རེ་ཞུ་དཔྱད་ཞིབ་ཆ་རྐྱེན་ཁ་གསལ་བཟོས། དེའི་ནང་ལས་རོགས་ཞིང་ལས་ལག་རྩལ་པས་ངེས་པར་དུ་ཞིང་ལས་ཐོན་སྐྱེད་ལས་དོན་ལོ་གསུམ་སྤེལ་དགོས།

  • ཧའེ་ནན་གྱིས2023ལོར་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་སྨན་བཅོས་འགན་བཅོལ་གྱི་མི་སྒེར་གྱི་གྲོན་དངུལ་ཚད་གཞི་མི་རེར་སྒོར380ཡིན་པ་ཁ་གསལ་བཏོན་ཡོད།

དེ་རིང་གི་གནམ་གཤིས།

6.jpg

  • ཀོང་ཏུང་གི་ཤར་རྒྱུད་དང་། ཧྥུའུ་ཅན་གྱི་ལྷོ་རྒྱུད། ཅང་ཤིས་ལྷོ་རྒྱུད། ཐའེ་དབན་གླིང་ཕྲན་གྱི་ལྷོ་རྒྱུད་སོགས་སུ་དྲག་ཆར་ནས་དྲག་ཆར་ཆེན་པོ་འབབ་པ་དང་། དེའི་ནང་། ཀོང་ཏུང་གི་ཤར་ལྷོའི་རྒྱུད་དང་ཧྥུའུ་ཅན་གྱི་ཤར་ལྷོའི་རྒྱུད་སོགས་ས་ཁུལ་ཁ་ཤས་སུ་དྲག་ཆར་འབབ་པ་དང་། ཀོང་ཏུང་ཤར་ལྷོའི་རྒྱུད་ཀྱི་ས་ཁུལ་དུ་དྲག་ཆར་ཆེན་པོ་འབབ་ཀྱི་རེད།


མཉམ་སྤྱོད།