དེ་རིང་ནི2025ལོའི་ཟླ05པའི་ཚེས31ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཁུལ་ཉིང་རྡུལ་རྟེན་གཞི་གནས་རྙིང་སྲུང་སྐྱོང་ལས་དོན་ཚོགས་འདུ་འཚོགས།

2023-09-04 17:07:49   |   1248

རྩོམ་སྒྲིག  དམ་ཆོས་བསམ་འགྲུབ། ཡོང་ཁུངས།  མཚོ་བྱང་ཁུལ་རྒྱང་སྒྲོག་བརྙན་འཕྲིན་ཁང་བོད་སྐད་འཕྲིན་སྟེགས།   བཤེར་འབེབས། རིན་ཆེན་ཚེ་རིང་། 


微信图片_20230904183414.jpg

ཉེ་ཆར། ཁུལ་གྱི་ཉིང་རྡུལ་མཚོན་ཆ་ཞིབ་བཟོའི་རྟེན་གཞིའི་གནས་རྙིང་སྲུང་སྐྱོང་བེད་སྤྱོད་ལས་དོན་མགོ་ཁྲིད་ཚན་ཆུང་གིས་ཚོགས་འདུ་ཐེངས་བརྒྱད་པ་འཚོགས་ཤིང་། ཁུལ་ཨུའི་ཧྲུའུ་ཅིའམ་ལས་དོན་མགོ་ཁྲིད་ཚན་ཆུང་གི་ཚན་གཙོ་ཤ་བོ་སྐྱབས་ཀྱིས་ཚོགས་འདུར་གཙོ་སྐྱོང་གནང་བ་དང་འབྲེལ་གསུང་བཤད་གནང་། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན། མགོ་ཁྲིད་ཚན་ཆུང་གི་ཚན་གཙོ་ཀྲང་ཧྲིང་ཡོན་ཚོགས་འདུར་ཕེབས་པ་དང་འབྲེལ་གསུང་བཤད་གནང་།ཤ་བོ་སྐྱབས་ཀྱིས་གསུང་བཤད་གནང་སྐབས་ཁུལ་ཡོངས་ཀྱི་གོང་འོག་ཚང་མས་གསར་བརྗེའི་རིག་དངོས་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་དང་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ། ཐོག་མཐའ་བར་གསུམ་དུ་རྟེན་གཞིའི་གནས་རྙིང་སྲུང་སྐྱོང་དང་བེད་སྤྱོད་ལས་དོན་དེ“རྒྱལ་ཁབ་ཀྱི་དོན་ཆེན”དང“ལས་གྲྭ་ཨང་དང་པོ”ཞིག་ཏུ་བརྩི་དགོས་པ་ནན་བཤད་གནང་། 

微信图片_20230904183420.jpg

ཤ་བོ་སྐྱབས་ཀྱིས་རྟེན་གཞིའི་གནས་རྙིང་སྲུང་སྐྱོང་ལས་དོན་གྱི་གལ་ཆེའི་རང་བཞིན་ལ་ངོས་འཛིན་གཏིང་ཟབ་བྱས་ཏེ་ཆབ་སྲིད་ཀྱི་འགན་འཁྲི་འཁུར་ཤུགས་ཆེ་རུ་གཏོང་བ་དང་། དངོས་སྒྲུབ་གལ་ཆེན་མཐའ་འཁྱོངས་བྱེད་པ། ནུས་ཤུགས་ཡོད་རྒུས་བརྩེ་སེམས་བཅངས་ནས་ལས་དོན་སྒྲུབ་པ་བཅས་བྱས་ཏེ་རྟེན་གཞིའི་གནས་རྙིང་སྲུང་སྐྱོང་དང་བེད་སྤྱོད་ཀྱི་ལས་དོན་ཚང་མར་ཚད་བརྒལ་གསར་པ་ཡོང་བའི་འགན་ལེན་བྱེད་དགོས། བཟོ་གྲྭ་བཅོ་བརྒྱད་ཀྱི་ལོ་རྒྱུས་འབྱུང་ཁུངས་དང་ངེས་གནས་ལ་དམིགས་ནས་སྤྱིའི་བཀོད་པ་དང་མ་ལག་ཇུས་འགོད་ཟུང་འབྲེལ་བྱ་རྒྱུ་མཐའ་འཁྱོངས་དང་། རྩེ་རིམ་ཇུས་འགོད་ལ་ཤུགས་སྣོན་རྒྱག་པ། འཆར་འགོད་བཟོ་བཅོས་ལས་དོན་ལ་སྐུལ་འདེད་མགྱོགས་སུ་གཏོང་བ་བཅས་བྱས་ཏེ་འཇུ་ལག་དང་རྐང་ཚ། མདའ་བཞི་བཅས་རྫོང་གསུམ་གྱི་དམག་དོན་རྗེས་ཤུལ་སྲུང་སྐྱོང་དང་བེད་སྤྱོད་ལས་དོན་དུས་གཅིག་ཏུ་ཡག་པོ་བསྒྲུབ་དགོས། རྣམ་གྲངས་ཚད་ལྡན་དོ་དམ་ལ་མུ་མཐུད་ཤུགས་སྣོན་བརྒྱབ་ནས་ཀྲུང་གོ་ཉིང་རྡུལ་ཚོགས་པ་དང་ཀྲུང་གོ་དངོས་ལུགས་ཞིབ་འཇུག་སློབ་གླིང་སོགས་འབྲེལ་ཡོད་ཚན་པ་དང་འབྲེལ་གཏུག་དང་བཅར་འདྲི་བྱ་རྒྱུར་མུ་མཐུད་ཤུགས་སྣོན་རྒྱག་པ་དང་། མཚོ་སྔོན་དགེ་འོས་སློབ་ཆེན་དང་མཚོ་སྔོན་མི་རིགས་སློབ་ཆེན་གྱི་རིག་སྟོབས་དང་ཤེས་ལྡན་པའི་ཐོན་ཁུངས་གཡར་སྤྱོད་བྱེད་པ། འཐབ་ཇུས་མཉམ་ལས་ཀྱི་གྲོས་མཐུན་རེ་རེ་བཞིན་དོན་འཁྱོལ་བྱེད་པ། ཁུལ་དང་རྫོང་གི་ལས་ཀའི་སྟོབས་ཤུགས་བསྡུ་སྒྲིལ་བྱེད་པ། ༢༢༡རྟེན་གཞིའི་གནས་རྙིང་ཡིག་ཚགས་ལེགས་སྒྲིག་དང་དྲན་ཐོ། ངག་ཐོག་ལོ་རྒྱུས། རྣམ་ཐར་གཏམ་རྒྱུད་སྔོག་འདོན་བཅས་དང་དེ་བཞིན་དངོས་རྫས་བསྡུ་རུབ་སོགས་ཀྱི་ལས་དོན་མགྱོགས་སུ་གཏོང་དགོས། གསོན་ཤུགས་ལྡན་པའི་བེད་སྤྱོད་དེ་ཁྱད་ལྡན་ཐོན་ལས་དང་རིག་གནས་ཡུལ་སྐོར། གྲོང་གསེབ་དར་རྒྱས་སོགས་དང་ཟུང་འབྲེལ་བྱས་ཏེ་སྨྱན་སྦྱོར་གྱི་སྤེལ་གཏོང་སྤྱད་དེ་དྲིལ་བསྒྲགས་འོས་སྦྱོར་ལ་ཤུགས་སྣོན་བརྒྱབ་ནས་ཀྲུང་གོའི་རྡུལ་ཕྲན་གྲོང་གི་སྐད་གྲགས་ཆོད་ཚད་དང་ཤུགས་རྐྱེན་ཐེབས་ཤུགས་རྒྱུན་མཐུད་ངང་ཆེ་རུ་གཏོང་དགོས་པ་ནན་གྱིས་བསྟན།

微信图片_20230904183324.jpg

ཀྲང་ཧྲིང་ཡོན་གྱིས་ངོས་འཛིན་མཐོ་རུ་གཏོང་བ་དང་ཆབ་སྲིད་ཀྱི་འགན་འཁྲི་བརྟན་དུ་བཏང་ནས་རྒྱལ་ཁབ་པུའུ་ཨུ་དང་ཞིང་ཆེན་ཐད་གཏོགས་འབྲེལ་ཡོད་སྡེ་ཚན་དང་འབྲེལ་གཏུག་དང་སྙན་སེང་ཞུ་ཤུགས་མུ་མཐུད་ཆེ་རུ་བཏང་ནས། རྟེན་གཞིའི་གནས་རྙིང་སྲུང་སྐྱོང་དང་བེད་སྤྱོད་ཆུ་ཚད་མཐོ་རུ་ཤུགས་ཆེན་གཏོང་དགོས་པ་དང་། ཞིང་ཆེན་དང་ཁུལ་གྱི་མགོ་ཁྲིད་ཚན་ཆུང་རིམ་བྱུང་གི་ཚོགས་འདུའི་ལས་ཀའི་བླང་བྱ་ལག་བསྟར་ཡག་པོ་བྱས་ཏེ། མཚོ་བྱང་དེ་གསར་བརྗེའི་ཞིབ་འཇུག་སློབ་སྦྱོང་སློབ་གསོའི་རྟེན་གཞི་དང“དྲ་གྲགས་ཡོང་འདོད་ཡུལ”ཞིག་ཏུ་གཏོད་དགོས་པ་བསྟན།

ཁུལ་གྱི་མགོ་ཁྲིད་ཧྲི་ཧུང་ཀྲེན་དང་རུང་ཧུང་ཀྲི། གཡུ་སྒྲོན་མཚོ། ཝང་ཡུང་ཁྲང་། ཨ་ཁྱུང་། སངས་འབུམ། ལི་ཞུས་ཀྲེན། ཚའོ་ཅི་ཆང་། མ་རུའུ་ཞང་། ཝུའུ་ཧྲུའུ་རུང་། དེ་བཞིན་མཚོ་སྔོན་དགེ་འོས་སློབ་ཆེན་གྱི་དགེ་རྒན་ཆེན་མོ་ཝང་ཀྲའོ་ཉིང་། མཚོ་སྔོན་མི་རིགས་སློབ་ཆེན་གྱི་དགེ་རྒན་ཆེན་མོ་མ་ཝུན་ཞང་། ཁུལ་གྱི་རྟེན་གཞིའི་གནས་རྙིང་སྲུང་སྐྱོང་བེད་སྤྱོད་ལས་དོན་མགོ་ཁྲིད་ཚན་ཆུང་གི་ཁོངས་ཞུགས་ལས་ཁུངས་ཁག་དང་། མཚོ་བྱང་ཡན་ལག་དམག་ཁུལ། མཚོ་སྔོན་ཉིང་པེ་གློག་གཏོང་ཚད་ཡོད་འགན་འཁྲི་ཀུང་སིའི་འགན་འཁུར་བློ་མཐུན་བཅས་ཚོགས་འདུར་ཞུགས་ཡོད་པ་རེད།


མཉམ་སྤྱོད།