དེ་རིང་ནི2024ལོའི་ཟླ09པའི་ཚེས20ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཞོགས་པའི་ཇ་ཡུན་གསར་འགྱུར།

2023-09-13 08:22:30   |   3183

སྒྲིག་སྒྱུར། མཁའ་འགྲོ་མཚོ། ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར་འཕྲིན་སྟེགས། བཤེར་འབེབས། རིན་ཆེན་ཚེ་རིང་། 


གསར་འགྱུར་གལ་ཆེན།

  • ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་ཟླ9བའི་ཚེས11ཉིན་ཧུང་ཆི་ལ་ཕུའུ་འགག་སྒོའི་ལས་དོན་པ་ཡོངས་ལ་འཕྲིན་ལན་སྤྲིངས་ནས་འགག་སྒོའི་ཁོངས་གཏོགས་ཀྱི་ལས་བྱེད་ལས་བཟོས་འགན་འཁྲི་དང་ལས་འགན་སྔར་ལས་ཡག་པོ་སྒྲུབ་རྒྱུའི་ཐད་རེ་བ་ནན་པོ་བཏོན།

  • ཟླ9ཚེས12ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ལི་པི་ཡའི་རྒྱ་མཚོའི་རླུང་འཚུབ་ཀྱི་གནོད་འཚེའི་ཐད་ལི་པི་ཡའི་ཙུང་ཐུང་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་མན་ཧྥེ་ལ་འཚམས་འདྲིའི་གློག་འཕྲིན་བཏང་།

  • ཉེ་ཆར་ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས《ཧྥུ་ཅན་གྱིས་མཚོ་འགག་ངོགས་གཉིས་མཉམ་འདྲེས་འཕེལ་རྒྱས་ཀྱི་ལམ་བུ་གསར་པ་འཚོལ་ཞིབ་བྱེད་པར་རྒྱབ་སྐྱོར་བྱས་ནས་ངོགས་གཉིས་མཉམ་འདྲེས་འཕེལ་རྒྱས་ཀྱི་དཔེ་སྟོན་ཁུལ་བསྐྲུན་རྒྱུའི་སྐོར་གྱི་བསམ་འཆར》པར་འགྲེམས་བྱས།

  • ཧང་ཀྲོའུ་ཡི་སྐབས19པའི་ཨེ་ཤེ་ཡའི་ལུས་རྩལ་འགྲན་ཚོགས་ཀྱི་ཀྲུང་གོའི་ལུས་རྩལ་འཐུས་མི་ཚོགས་པ་ཚེས12ཉིན་པེ་ཅིན་དུ་བཙུགས་པ་དང་། འཐུས་མི་ཚོགས་པའི་སྤྱིའི་མི་གྲངས1329ཡོད་པའི་ཁྲོད་ལུས་རྩལ་པ886ཡོད།

  • ཉེ་ཆར་ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་དང་སྤྱི་བདེ་པུས་ཁག་གསུམ་པའི་རྒྱལ་མཚམས་སྒྲོལ་བའི་གློག་འཕྲིན་དང་དྲ་རྒྱའི་ཁ་བསླུས་ཉེས་གསོག་གྱོད་གཞི་ཆེ་གྲས5མཉམ་དུ་བྱང་བུ་བཀལ་ནས་ལྟ་སྐུལ་བྱ་རྒྱུ་ཡིན་པ་བཏོན།

  • ནོར་སྲིད་པུས་བྱ་ཐབས་ཁྱབ་བསྒྲགས་བྱས་ཏེ། ལས་གཏོད་ཁག་ཐེག་དངུལ་བུན་གྱི་མི་སྒེར་གྱི་དངུལ་བུན་གྲངས་འབོར་མཐོ་ཤོས་སྒོར་ཁྲི30བར་མཐོ་རུ་བཏང་།

    微信图片_20230913081120.jpg

  • སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན་པུས་ད་ལོ་རྒྱལ་ཡོངས་སུ་འགན་ལེན་རང་བཞིན་གྱི་བོགས་གཏོང་སྡོད་ཁང་ཁྲི204(ཁང)གྲབས་གསོག་བྱས་ནས་འཛུགས་སྐྲུན་བྱེད་པའི་ལས་འགན་དེ72%ལེགས་གྲུབ་བྱུང་བ་བསྟན།

  • ཚེས12ཉིན་གཏན་འཁེལ་བྱས་པའི་ལས་འགན་ཕུན་སུམ་ཚོགས་པོའི་ངང་ལེགས་སྒྲུབ་བྱུང་སྟེ་མཁའ་གྲུ་ལྔ་པའི་ཟོག་འདྲེན་གནམ་གྲུ་ཚོད་འཛིན་ཐུབ་ནས་སླར་ཡང་རླུང་ཁམས་ཆེན་པོའི་བང་རིམ་དུ་བསྐྱོད།

    微信图片_20230913081125.jpg

  • ཕྱི་འབྲེལ་པུས་ནུབ་ཕྱོགས་རྒྱལ་ཁབ་ཁ་ཤས་ཀྱིས”ཀྲུང་གོའི་དཔལ་འབྱོར་ཉམས་རྒུད་དུ་བཏང་བ”ཞེས་བཤད་པའི་ཐད་ལ་ཀྲུང་གོའི་དཔལ་འབྱོར་རྩ་ཐོར་དུ་སོང་མེད་པ་དང་དེ་ལས་ལྡོག་སྟེ“ཀྲུང་གོའི་ཁ་ཐོར་སྨྲ་བ”ཡང་ཡང་ཐོར་ཞིག་ཏུ་སོང་ཡོད་ཅེས་བཤད།

  • ཚེས12ཉིན་ལི་པི་ཡའི་མི་རིགས་མཐུན་སྒྲིལ་སྲིད་གཞུང་འཕྲོད་བསྟེན་པུས་རྒྱ་མཚོའི་རླུང་འཚུབ“ཏན་ཉིར”གྱིས་ལི་པི་ཡའི་ཤར་རྒྱུད་ཀྱི་ཏེར་ན་གྲོང་ཁྱེར་དུ་མི2300ཙམ་རྐྱེན་ལམ་དུ་ཤོར་བ་དང་གཞན་ཡང་མི5000ཙམ་གར་སོང་ཆ་མེད་དུ་གྱུར་ཡོད་པ་བཤད།

    སྤྱི་ཚོགས།

  • ཀྲུང་དབྱང་གནམ་གཤིས་ལས་ཁུངས་ཀྱིས་སྔོན་དཔག་བྱས་པ་ལྟར་ན། དེ་རིང་ནས་ཚེས17ཉིན་བར་མཁའ་རླུང་གྲང་མོ་ཞན་པའི་ཤུགས་རྐྱེན་ཐེབས་པའི་དབང་གིས་ནུབ་བྱང་ས་ཁུལ་གྱི་ཤར་རྒྱུད་དང་། ཧྭ་བྱང་གི་བྱང་རྒྱུད། བྱང་ཤར་ས་ཁུལ་སོགས་ཀྱི་དྲོད་ཚད་སྔ་རྗེས་སུ4~6℃མར་ཆག་རྒྱུ་དང་། ས་ཁུལ་ཁ་ཤས་སུ་དྲོད་ཚད8℃ཡས་མས་ཆག་རྒྱུ་རེད།

  • ཉེ་ཆར་སློབ་གསོ་པུས་བྱ་ཐབས་ཁྱབ་བསྒྲགས་བྱས་ཏེ། སློབ་ཕྱིའི་གསོ་སྦྱོང་སྒྲིག་གཞིས་ཁྲིམས་འགལ་སྒྲིག་འགལ་ངང་གསོ་སྦྱོང་བྱེད་སྒོ་སྤེལ་ནས་གནས་ཚུལ་ཚབས་ཆེ་རིགས་ལ་སློབ་མ་བསྡུ་མཚམས་འཇོག་རྒྱུའི་བཀའ་གཏོང་བ་དང་ཆོག་འཐུས་ལག་ཁྱེར་མེད་པ་བཟོ་རྒྱུ་གཏན་འབེབས་བྱས།

  • ཁྲོམ་རའི་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུ་ཡིས་གནས་ཚུལ་སྤེལ་བར་གཞིགས་ན། མིག་སྔར“ནད་ཐོག་སྨན་བཅོས་ལ་མཁོ་བའི་མཐོང་དཀོན་པའི་ནད་རིགས་ཀྱི་དམིགས་བསལ་གསོ་རིག་གི་སྤྱོད་སྒོའི་སྡེབ་སྦྱོར་བཟའ་བཅར་སྔོན་ལ་ཞིབ་བཤེར་དང་ཞིབ་མཆན་འགོད་པའི་གོ་རིམ་སྤྱོད་རྒྱུ”ཚོད་ལྟ་བྱས།

  • ཚེས12ཉིན་ཀྲུང་གོས་བཟོས་པའི་སྦྲག་སྲིད་གྲུ་གཟིངས་ཆེ་གྲས་དང་པོ“ཨའེ་ཏ·བདུད་གྲོང་རྟགས་ཅན”གྱི་ཚོད་ལྟ་ཐེངས་གཉིས་པ་བདེ་བླག་ངང་ལེགས་གྲུབ་བྱུང་ནས་སྦྲག་སྲིད་གྲུ་གཟིངས་གྲུ་ཁར་ཕྱིར་ལོག

    微信图片_20230913084009.jpg

  • “2023ལོའི་ཀྲུང་གོའི་དམངས་གཉེར་ཁེ་ལས་སྟོབས་ཆེན500”ཡི་མིང་ཐོ་ཁྱབ་བསྒྲགས་བྱས་ཤིང་། ཁེ་ལས་སྟོབས་ཆེན500ཡི་ནང་ཚུད་པའི་ཚད་གཞི་སྒོར་དུང་ཕྱུར275.78ཟིན་པ་དེ་ལོ་གོང་མ་ལས་སྒོར་དུང་ཕྱུར12.11འཕར་ཡོད།

  • ཀྲུང་གོའི་ཧྥུ་ཏན་སློབ་ཆེན་དང་དབྱིན་ཇིའི་ཅན་ཆའོ་སློབ་ཆེན་སོགས་སྒྲིག་གཞིའི་ཞིབ་འཇུག་མི་སྣས་ཞིབ་འཇུག་གསར་པ་ཞིག་ལས་བདེ་ཐང་གི་འཚོ་བ་སྐྱེལ་སྟངས་བདུན་གྱིས་ཡིད་མུག་གི་ནད་ཕོག་པའི་ཉེན་ཁ་ཆུང་དུ་གཏོང་རྒྱུར་ཕན་པ་ཡོད་པ་དང་། དེའི་ཁྲོད་བདེ་ཐང་གི་གཉིད་ཉལ(མཚན་མོ་རེར་ཆུ་ཚོད7ནས9བར་ཉལ་རྒྱུ)གྱི་ཤུགས་རྐྱེན་ཆེ་ཤོས་ཐེབས་ཡོད་པ་ཤེས་རྟོགས་བྱུང་།

སྲིད་ཇུས།

  • ཧྲན་ཞི་ཡིས་ཇུས་གཞི་པར་འགྲེམས་བྱས་ཏེ། འབྲས་དང་། གྲོ། མ་རྨོས་ལོ་ཏོག་བཅས་འབྲུ་རིགས་ལོ་ཏོག་ཆེན་པོ་གསུམ་གྱི་མ་གནས་གུན་སྐྱོབ་དེ་མུའུ་རེར་གུན་སྐྱོབ་དངུལ་གྲངས་སྒོར500ནས་སྒོར900བར་མཐོ་རུ་བཏང་།

  • ཧོ་ནན་གྱིས་ཇུས་གཞི་བཀྲམ་སྟེ། 2025ལོར་སླེབས་སྐབས་ལོ9ནས14བར་གྱི་བུ་མོ་ལHPVརིམས་འགོག་སྨན་ཁབ་རྒྱག་པའི་ཞབས་ཞུ་ཚོད་ལྟ་ཁྱབ་གདལ་གཏོང་རྒྱུ་ཁ་གསལ་བཏོན།

  • ཡུན་ནན་གྱིས་ཟླ10བའི་ཚེས3ཉིན་ནས་བཟུང་རྒན་གསོའི་སྒྲིག་གཞི་དང་བྱིས་པའི་ཕན་བདེའི་སྒྲིག་གཞི་སོགས་དམངས་སྲིད་ཞབས་ཞུའི་སྒྲིག་གཞིར་ཟླ་རེར་མེ་ཟོན་ཞིབ་བཤེར་ཐེངས་རེ་བྱེད་དགོས་པའི་བླང་བྱ་བཏོན།

    དེ་རིང་གི་གནམ་གཤིས།

    微信图片_20230913081134.jpg

  • ཅང་ཧོའེ་ཡི་ས་ཁུལ་མང་ཆེ་བ་དང་། ཅང་ཧན་གྱི་ཤར་རྒྱུད། འབྲི་ཆུའི་ལྷོ་རྒྱུད་དང་དབུས་ནུབ་རྒྱུད། བྱང་རྒྱུད། ཡུན་ནན་གྱི་ནུབ་རྒྱུད་དང་ལྷོ་རྒྱུད། ཧྭ་ལྷོའི་དབུས་ནུབ་རྒྱུད་སོགས་ས་ཁུལ་ཁ་ཤས་སུ་ཆར་པ་འབྲིང་བ་ནས་ཆེ་བ་འབབ་རྒྱུ་ཡིན་པ་དང་། དེའི་ཁྲོད་ཅང་སུའུ་ཡི་དབུས་ལྷོ་རྒྱུད་དང་། ཡུན་ནན་གྱི་ལྷོ་ནུབ་རྒྱུད། ཀོང་ཞིའི་ལྷོ་རྒྱུད་སོགས་ས་ཁུལ་ཁ་ཤས་སུ་དྲག་ཆར་དང་དྲག་ཆར་ཆེན་པོ་འབབ་རྒྱུ་ཡིན།


མཉམ་སྤྱོད།