དེ་རིང་ནི2024ལོའི་ཟླ09པའི་ཚེས20ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཆོས་དབྱིངས་སྐྱིད་ཧང་ཀྲོའུ་ཨེ་ཤེ་ཡའི་ལུས་རྩལ་འགྲན་ཚོགས་ཀྱི་ཀྲུང་གོའི་ལུས་རྩལ་གྱི་འཐུས་མི་ཚོགས་པའི་ནང་བདམས་པ།

2023-09-13 14:40:55   |   2493

སྒྲིག་སྒྱུར། སངས་རྒྱས་སྐྱིད། ཡོང་ཁུངས། མཚོ་བྱང་སྨྱན་གསར། བཤེར་འབེབས། རིན་ཆེན་ཚེ་རིང་།


མཚོ་སྔོན་ཞིང་ཆེན་ལུས་རྩལ་ཅུ་ནས་གནས་ཚུལ་སྤེལ་བར་གཞིགས་ན། ཟླ9པའི་ཚེས12ཉིན་ཨེ་ཤེ་ཡའི་ལུས་རྩལ་འགྲན་ཚོགས་སྐབས19པའི་ཀྲུང་གོའི་ལུས་རྩལ་གྱི་འཐུས་མི་ཚོགས་པ་ཚུགས་པའི་ཚོགས་ཆེན་པེ་ཅིང་དུ་འཚོགས།  འཐུས་མི་ཚོགས་པ་ནི་ཁྱོན་སྡོམ་མི1329ལས་གྲུབ་ཅིང་། དེ་དག་གི་ཁྲོད་དུ་ལུས་རྩལ་པ886ཡོད། མཚོ་སྔོན་གྱི་མཆོང་རྒྱུག་འཕེན་གསུམ་གྱི་ལུས་རྩལ་པ་ཆོས་དབྱིངས་སྐྱིད་དང་ཐའེ་ཆོན་དྲག་རྩལ་གྱི་ལུས་རྩལ་པ་ཁྲེང་ཁེ་གཉིས་འཐུས་མི་ཚོགས་པའི་ནང་བདམས་ཐོན་བྱུང་།

1.jpeg

སྐབས་འདིའི་ཨེ་ཤེ་ཡའི་ལུས་རྩལ་འགྲན་ཚོགས་ནང་ཀྲུང་གོའི་ལུས་རྩལ་འཐུས་མི་ཚོགས་པ་ཁ་པ་ཊི་དང་ཀི་རི་ཊ་ཕུད་པའི་འགྲན་སྡུར་རྣམ་གྲངས་ཆེ་གྲས38དང་ཆུང་གྲས40 ནང་ཞུགས་རྒྱུ་ཡིན་པ་དང་། མཚོ་སྔོན་ཞིང་ཆེན་གྱི་ལུས་རྩལ་པ་ཆོས་དབྱིངས་སྐྱིད་སྤྱི་ལེ35ཅན་གྱི་ཕོ་མོ་མཉམ་བསྲེས་ཀྱི་འདུར་རྒྱུག་རྣམ་གྲངས་ནང་ཞུགས་རྒྱུ་རེད། ཁྲེང་ཁེ་སྐྱེས་པའི་སྤྱི་རྒྱ58རིམ་པའི་ཐའེ་ཆོན་དྲག་རྩལ་རྣམ་གྲངས་ནང་ཞུགས་རྒྱུ་རེད།

དེ་སྔོན་ཆོས་དབྱིངས་སྐྱིད་ལ་ལོན་ཏོན་ཨོ་རྩལ་འགྲན་ཚོགས་སུ་སྤྱི་ལེ20ཅན་གྱི་འདུར་རྒྱུག་འགྲན་སྡུར་གྱི་གསེར་གྱི་རྟགས་མ་ཐོབ། ད་ལོའི་ཟླ་གསུམ་པར། ཆོས་དབྱིངས་སྐྱིད་ཀྱིས2023ལོའི་རྒྱལ་ཡོངས་ཀྱི་འདུར་རྒྱུག་འགྲན་སྡུར་ཆེ་མོ (ས་ཚིགས་དང་པོ)དང་འཛམ་གླིང་ལེགས་སྐྱེས་འགྲན་སྡུར་དང་ཨེ་ཤེ་ཡའི་ལུས་རྩལ་འགྲན་ཚོགས་ཀྱི་འདེམས་སྒྲུག་འགྲན་སྡུར་ཁྲོད་ཨང་གཉིས་པའི་ཕུལ་བྱུང་གྲུབ་འབྲས་ལ་བརྟེན་ནས་ཀྲུང་གོའི་མཆོང་རྒྱུག་འཕེན་གསུམ་རུ་ཁག་གི་འཛམ་གླིང་ལེགས་སྐྱེས་འགྲན་སྡུར་དང་ཨེ་ཤེ་ཡའི་ལུས་རྩལ་འགྲན་ཚོགས་ཀྱི་གཅིག་སྡུད་སྦྱོང་བརྡར་གྱི་དཔུང་ཤུགས་སུ་བདམས། ད་ལོའི་ཟླ4པར་མཚོ་སྔོན་ལུས་རྩལ་ལས་དོན་རུ་ཁག་ཆེ་གྲས་གཉིས་པའི་ལུས་རྩལ་པ་ཁྲེང་ཁེ་ལ་ཨོ་རྩལ་འགྲན་ཚོགས་ཀྱི་ཤར་བགྲོད་འགྲན་སྡུར་གྱི་སྐྱེས་པའི་སྤྱི་རྒྱ58རིམ་པའི་ཨང་གསུམ་པ་ཐོབ་ནས་འཛམ་གླིང་གི་ཐའེ་ཆོན་དྲག་རྩལ་གྱི་ཨང་དང་པོ་ཐོབ་མཁན་གྱི་རྟིང་རྩོད་འགྲན་སྡུར་ནང་ཚུད།


མཉམ་སྤྱོད།