དེ་རིང་ནི2024ལོའི་ཟླ09པའི་ཚེས20ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

མདོ་ལས་གསར་བརྗེ་སློབ་སྦྱོང་རྟེན་གཞི་ལས་དོན་གྱི་ཚོགས་འདུ་འཚོགས།

2023-09-13 15:00:02   |   2795

རྩོམ་སྒྲིག དམ་ཆོས་བསམ་འགྲུབ། ཡོང་ཁུངས། མདོ་ལ་རྫོང་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས། བཤེར་འབེབས། རིན་ཆེན་ཚེ་རིང་། 


ཟླ9བའི་ཚེས11ཉིན། རྫོང་ཨུའི་ཧྲུའུ་ཅི་ཧོ་པིན་གྱིས་མདོ་ལ་རྫོང་གི་གསར་བརྗེའི་ཞིབ་འཇུག་སློབ་སྦྱོང་རྟེན་གཞི་འཛུགས་སྐྲུན་ལས་དོན་གྱི་སྐུལ་འདེད་ཚོགས་འདུར་གཙོ་སྐྱོང་གནང་ཞིང་། སྙན་ཞུར་གསན་པ་དང་འབྲེལ་གོམ་སྟབས་རྗེས་མའི་ལས་དོན་ཐད་བླང་བྱ་བཏོན།

微信图片_20230913151604.jpg

ཧོ་པིན་གྱིས་སྤུས་ཚད་མཐོ་བ་དང་འགོ་འཛུགས་ས་མཐོ་བའི་སྒོ་ནས་གསར་བརྗེའི་ཞིབ་འཇུག་སློབ་སྦྱོང་རྟེན་གཞི་ལེགས་པར་གཏོད་རྒྱུ་ནི་རྫོང་ཨུའི་བཟོ་སྐྲུན་ཨང་དང་པོ་ཡིན་ལ། དེ་བས་ཀྱང་མདོ་ལའི་སླད་ཕྱིན་འཕེལ་རྒྱས་དང་འབྲེལ་བའི་དོན་ཆེན་ཨང་དང་པོ་ཡིན། རིམ་པ་ཁག་དང་སྡེ་ཚན་ཁག་གིས་ཆབ་སྲིད་ཀྱི་ལངས་གནས་སྔར་བས་ཇེ་མཐོར་གཏོང་བ་དང་བསམ་བློ་གཅིག་གྱུར་བྱས་ཏེ། གསར་བརྗེའི་ཞིབ་འཇུག་སློབ་སྦྱོང་རྟེན་གཞི་འཛུགས་སྐྲུན་གྱི་གལ་ཆེའི་རང་བཞིན་ལ་ངོས་འཛིན་གང་ལེགས་བྱེད་པ་དང་། འགོ་འཛུགས་ས་མཐོ་བའི་འཆར་འགོད་དང་ཚད་གཞི་མཐོ་བའི་འཛུགས་སྐྲུན་མཐའ་འཁྱོངས་སྒོས། ཞིབ་འཇུག་སློབ་སྦྱོང་རྟེན་གཞི་དེ་གསར་བརྗེའི་གཞི་རྒྱུ་རྒྱུད་འཛིན་དང་། གསར་བརྗེའི་ཁྲག་རྒྱུན་རྒྱུན་མཐུད་བྱེད་པའི་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་རྟེན་གཞི་དང་ཡུལ་སྐོར་ཐོན་ལས་སྦྲེལ་ཐག་རིང་དུ་བསྲིང་བའི་སྤུས་ལེགས་བཟོ་སྐྲུན་དུ་བཞེངས་སྐྲུན་བྱེད་དགོས་པར་བསྟན།

ཧོ་པིན་གྱིས། སློབ་གསོའི་གཡུལ་ས་འཛུགས་སྐྲུན་ལ་གཙིགས་ཆེན་བྱེད་དགོས་ཏེ། གསར་བརྗེའི་ཐོན་ཁུངས་ཀྱི་ལེགས་ཆ་དམ་པོར་འཛིན་པ་དང་། གཞི་རྒྱུའི་ཐོན་ཁུངས་སྣ་ཚོགས་བསྡུ་ལེན། བྱེད་སྟངས་དང་བྱེད་ཐབས་གསར་གཏོད། མཚོན་ཚུལ་གྱི་རྣམ་པ་དོན་འཁྱོལ་བྱེད་པར་དམ་འཛིན། འགྲེམ་སྟོན་གྱི་རྣམ་པ་ནས་ནང་དོན་གྱི་ངོ་བོའི་བར་ཁྱད་ཆོས་ཀྱི་བཀྲག་མདངས་འཚེར་ས་མཚོན་པར་བྱེད་པ་བཅས། དེང་རབས་ཅན་གྱི་ལག་རྩལ་བྱེད་ཐབས་ལ་བརྟེན་ནས་དམག་འཁྲུག་ལོ་རབས་ཀྱི་དམར་དམག་ནུབ་ལམ་དམག་དང་བཅིངས་འགྲོལ་དམག་གི་ཉེན་ཁ་ཁྱད་གསོད་དང་དཔའ་ངར་ཆེན་པོས་མདུན་དུ་སྐྱོད་པའི་ཞུམ་མེད་ཀྱི་སྙིང་སྟོབས་མངོན་པར་མཚོན་ཐོག གསར་བརྗེའི་ཞིབ་སློབ་རྟེན་གཞི་དེ་མདོ་ལའི་གསེར་གྱི་མིང་བྱང་དུ་བཞེངས་སྐྲུན་བྱེད་དགོས་པ་དང་། 

ལས་གཞིའི་མྱུར་ཚད་ཇེ་མགྱོགས་སུ་གཏོང་དགོས་ཏེ། འབྲེལ་ཡོད་འགན་འཁྲིའི་ཚན་པ་ཁག་གིས་རང་འགན་རང་འཁུར་བྱེད་པ་དང་། སྡེ་ཚན་དབར་མཐུན་སྦྱོར་གཞོགས་འདེགས་བྱེད་ཤུགས་ཆེ་རུ་གཏོང་བ། སྒོ་བྱང་འགེལ་བ། མིང་འདོགས་པ། དྲིལ་སྒྲོག་བརྙན་པར་བཟོ་བ། མི་སྣ་གདན་ཞུ་སོགས་ཀྱི་གྲ་སྒྲིག་ལས་དོན་ཁག་ཡག་པོར་སྒྲུབ་པ། ཨར་ལས་སྡེ་ཚན་གྱིས་དུས་ཚོད་དམ་འཛིན་དང་ལས་ཕྱོད་ཆེ་རུ་གཏོང་བ་བཅས་བྱས་པར་བརྟེན། སྤུས་ཚད་དང་བདེ་འཇགས་འགན་ལེན་ཐུབ་པའི་སྔོན་འགྲོའི་ཆ་རྐྱེན་འོག་སེམས་ཤུགས་གཅིག་སྒྲིལ་གྱིས་རྒྱུ་རྐྱེན་གཙོ་བོའི་འགན་ལེན་བྱེད་ཤུགས་ཆེ་རུ་བཏང་སྟེ། ལས་གཞིའི་མྱུར་ཚད་ཇེ་མགྱོགས་སུ་གཏོང་བ་དང་། གསར་བརྗེའི་ཞིབ་སློབ་རྟེན་གཞི་དུས་ལྟར་སྒོ་འབྱེད་ཐུབ་རྒྱུ་ཁག་ཐེག་སྒོས། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་བརྗོད་དོན་སློབ་གསོ་སློབ་སྦྱོང་དོན་འཁྱོལ་བྱེད་ཆེད་ཕན་ནུས་ལྡན་པའི་ངང་གཡུལ་ས་འཛུགས་སྐྲུན་དང་རྨང་གཞི་བརྟན་པོ་འདིང་དགོས། འགྲེལ་བཤད་ཀྱི་ཆུ་ཚད་མཐོ་རུ་གཏོང་དགོས་ཏེ། འགྲེལ་བཤད་པས་མི་རྩ་བར་འཛིན་པའི་ཞབས་ཞུའི་འདུ་ཤེས་མཐའ་འཁྱོངས་སྒོས། ལོ་རྒྱུས་རྒྱུ་ཆ་སྔོག་འདོན་གཏིང་ཟབ་བྱེད་པ་དང་ཤེས་བྱའི་མ་ལག་རྒྱ་ཆེར་སྐྱེད་པ། ཆེད་ལས་ཀྱི་རྨང་གཞི་དང་གཞུང་ལུགས་ཀྱི་རྨང་གཞི་ཏན་ཏིག་ཏུ་སྦྱོང་བ། མི་སྒེར་གྱི་སྣང་བརྙན་དང་སྐད་ཆའི་ཐབས་རྩལ་ལ་དང་དོད་བཅས་བྱས་པར་བརྟེན། འགྲེལ་བཤད་ཀྱི་ནང་དོན་དེ་རང་ཉིད་ཀྱི་འཚོ་བའི་དོན་དངོས་དང་མཉམ་འདྲེས་ཐོག་ལོ་ན་མི་འདྲ་བ་དང་རིམ་གྲས་མི་འདྲ་བའི་ལྟད་མོ་བར་ཁ་གཏད་དེ། “ཤེས་རྟོགས་རྣལ་མ”དང“བརྩེ་བ་རྣལ་མ”། “བསམ་པ་རྣལ་མ”བཅས་ལ་བརྟེན་ནས་རིག་དངོས་དང་ལོ་རྒྱུས་རྒྱུ་ཆའི་ཆ་འཕྲིན་གྱི་བརྗོད་བྱ་ལྟད་མོ་བར་བརྒྱུད་སྤྲོད་བྱེད་དགོས་ལ། བླ་སྲོག་ལྡན་པའི་འགྲེལ་བཤད་ཀྱིས་ཉན་མཁན་ལ་སེམས་འགུལ་ཐེབས་སུ་བཅུག་ཅིང་། ལས་བྱེད་མང་ཚོགས་རྣམས་ལ་སློབ་གསོའི་བློ་སྒོ་ཕྱེ་སྟེ། གསར་བརྗེ་སློབ་གསོའི་དྲིལ་སྒྲོག་ཕན་འབྲས་ཐོན་པར་བྱེད་དགོས། 

ཕྱི་རོལ་གྱི་ཁོར་ཡུག་བསྐྲུན་རྒྱུར་ཤུགས་སྣོན་དགོས་ཏེ། སྡེ་ཚན་ཁག་གིས་འགན་ནུས་ལས་བགོས་གཞིར་བཟུང་ཞི་མཐུན་མཐུན་སྦྱོར་དང་། གཙང་ཞིང་མཛེས་པའི་རྩ་དོན་མཐའ་འཁྱོངས་བྱས་ཐོག་མི་ཆོས་མཛེས་ལྗོངས་དང་ལྗང་མདོག་རང་བྱུང་མཛེས་ལྗོངས་ཟུང་འབྲེལ་ནུས་ལྡན་སྒོས་ཕྱིའི་ཁོར་ཡུག་ཧྲིལ་བོ་སྒྱུར་བཀོད་རིམ་སྤོར་གྱི་ལས་དོན་ལེགས་པར་བསྒྲུབས་ནས། ཁོར་ཡུག་གི་རྣམ་པ་བཟང་བོ་ཧུར་ཐག་ངང་གཏོད་དགོས་ཞེས་པའི་བླང་བྱ་བཏོན།རྫོང་ཨུའི་རྒྱུན་ཨུའམ་རྫོང་དཔོན་གཞོན་པ་བསམ་འགྲུབ་ཚེ་རིང་དང་རྫོང་དཔོན་གཞོན་པ་ཆི་ཚེ་རིང་། འབྲེལ་ཡོད་སྡེ་ཚན་གྱི་འགན་འཁུར་བ་བཅས་ཚོགས་འདུར་ཞུགས།


མཉམ་སྤྱོད།