དེ་རིང་ནི2025ལོའི་ཟླ05པའི་ཚེས12ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཞོགས་པའི་ཇ་ཡུན་གསར་འགྱུར།

2023-09-26 07:56:53   |   3608

སྒྲིག་སྒྱུར།  སངས་དོན།    ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར་འཕྲིན་སྟེགས།   བཤེར་འབེབས།  རིན་ཆེན་ཚེ་རིང་། 


གསར་འགྱུར་གལ་ཆེན།

  • ཞི་ཅིན་ཕིང་གིས་ཀྲེ་ཅང་དུ་རྟོག་ཞིབ་གནང་སྐབས་ཐོག་མཐའ་བར་གསུམ་དུ་དོན་ཐོག་ཏུ་འཁྱོལ་བ་དང་། མདུན་གྲལ་དུ་སྐྱོད་པ། དཔའ་ངར་ཆེན་པོས་མདུན་དུ་སྐྱོད་པ་བཅས་བྱས་ཏེ། ཀྲུང་གོའི་རྣམ་པའི་དེང་རབས་ཅན་གྱི་ཀྲེ་ཅང་གི་ལེའུ་གསར་པ་ཧུར་ཐག་རྩོམ་དགོས་ཞེས་ནན་བཤད་གནང་ཞིང་། པེ་ཅིན་དུ་ལོག་པའི་ལམ་བར་དུ་ཧྲན་ཏུང་ཙའོ་གྲོང(枣庄)དུ་རྟོག་ཞིབ་གནང་། ཚའེ་ཆི་རྟོག་ཞིབ་ལ་ཕེབས་རོགས་ཞུས།

  • ཟླ9ཚེས25ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་གོ་ལ་ཧྲིལ་པོའི་རྒྱུན་མཐུད་འགྲིམ་འགྲུལ་མཐོ་རིམ་གླེང་སྟེགས་ལ་རྟེན་འབྲེལ་འཕྲིན་ཡིག་སྤྲིངས།

  • ཉེ་ཆར། ཀྲུང་གུང་ཀྲུང་དབྱང་གཞུང་ལས་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་ལས་ཐིང་གིས《མཉམ་སྡེབ་ནགས་དབང་ལམ་ལུགས་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་རྒྱུའི་ཇུས་གཞི》པར་འགྲེམས་བྱས།

  • ཚེས25ཉིན། ཀྲུང་གོའི་རུ་ཁག་ལ་ཧང་ཀྲོའུ་ཨེ་ཤེ་ཡའི་ལུས་རྩལ་འགྲན་ཚོགས་ཐོག་སླར་ཡང་གསེར་གྱི་རྟགས་མ་19དང་། དངུལ་གྱི་རྟགས་མ14དང་། ཟངས་ཀྱི་རྟགས་མ6བཅས་ཐོབ་ནས་མུ་མཐུད་དུ་བྱ་དགའི་རྟགས་མའི་ཨང་དང་པོར་སླེབས་ཡོད།

1.jpg

  • ཚེས25ཉིན། གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་དང་ཁྲང་ཨན་ཁྲོམ་གཞུང་ལམ་རྒྱུད་ཀྱི་མེ་ཏོག་བཤམས་པའི་ལས་དོན་ལེགས་གྲུབ་ཟིན་པ་དང“མེས་རྒྱལ་ལ་སྨོན་འདུན་ཞུ་བའི”མེ་ཏོག་ཆེན་པོ་དང་བརྗོད་དོན་གཙོ་བོའི་མེ་ཏོག་སྟེགས་བུ་བཅུ་དངོས་སུ་འགྲེམས་སྟོན་བྱས་པ་རེད།

  • ཚེས25ཉིན། ཆེས་མཐོའི་མི་དམངས་ཁྲིམས་ཁང་དང་། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་། སྤྱི་བདེ་པུའུ་བཅས་ཀྱིས་མཉམ་འབྲེལ་ཐོག་དྲ་རྒྱའི་གཏུམ་སྤྱོད་ཁྲིམས་འགལ་ཉེས་གསོག་ལ་ཁྲིམས་ལྟར་ཆད་པ་གཅོད་པའི་མཛུབ་ཁྲིད་བསམ་འཆར་ཁྱབ་བསྒྲགས་བྱས་པ་རེད།

  • རྒྱལ་ཁབ་ནགས་ལས་རྩྭ་ཐང་ཅུ་སོགས་སྡེ་ཚན11གིས་ཆེད་དོན་བྱ་སྤྱོད་སྤེལ་ནས་བདག་ཏུ་མ་བཟུང་བའི་སྲོག་ཆགས་དང་རྩི་ཤིང་གི་ཐོན་ཁུངས་ལ་གཏོར་བཤིག་གཏོང་བའི་ཁྲིམས་འགལ་ཉེས་གསོག་བྱེད་སྤྱོད་ལ་རྡུང་རྡེག་ཚ་ནན་བཏང་ནས་བདག་ཏུ་མ་བཟུང་བའི་སྲོག་ཆགས་དང་རྩི་ཤིང་གི་གྱོད་གཞི་ཁྲི1.4ལྷག་ཙམ་ཞིབ་གཅོད་བྱས་ཡོད།

  • རྒྱལ་སྲིད་སྤྱི་ཁྱབ་ཁང་བདེ་འཇགས་ཨུ་ཡོན་ལྷན་ཁང་གིས་ཀུའེ་ཀྲོའུ་ཕན་ཀྲོའུ་ཧྲན་ཅོ་ཧྲུའུ་རྡོ་སོལ་གཏེར་ཁའི་ཁྲོན་འོག་གི་སྦྲེལ་ཐག་ལ་མེ་ཤོར་བའི་དོན་རྐྱེན་ལ་སྒོ་བྱང་བཀལ་ནས་ལྟ་སྐུལ་བྱས།

  • ཁང་པ་ཐོག་མའི་དངུལ་བུན་གྱི་སྐྱེད་ཀ་ཐོག་མ་དེ་ཚེས25ཉིན་ནས་བཟུང་དངོས་སུ་དམའ་རུ་བཏང་བ་དང་། རྒྱལ་ཡོངས་ཀྱི་ཁྱབ་ཁོངས་ནས་ཆ་སྙོམས་ཆག་ཚད0.8%ཙམ་ཟིན་ཡོད།

  • རྒྱལ་ཁབ་ལྕགས་ལམ་ཚོགས་པས་གནས་ཚུལ་སྤེལ་བར་གཞིགས་ན། ཚེས24ཉིན་བར། རྒྱལ་སྟོན་རྫོགས་ལྡན་གཟའ་འཁོར་གྱི་མེ་འཁོར་སྤ་སེ་ཉོ་འཚོང་མང་ཤོས་དེ་བརྟན་པོའི་ངང་བར་བརྒལ་བྱས་པ་དང་། རིམ་རྩིས་བྱས་ན་སྤ་སེ་དུང་ཕྱུར2.35བཙོངས་པས་ཉིན་རེར་སྤ་སེ་འཚོང་ཚད་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་ཡང་ཡང་བཏོད་ཡོད་པ་རེད།

སྤྱི་ཚོགས།

  • དེ་རིང་ནས་ཚེས29ཉིན་བར། རེས་སྐོར་གསར་པའི་མཁའ་རླུང་གྲང་མོ་དེ་ནུབ་ནས་ཤར་ཕྱོགས་སུ་སྐྱོད་པ་དང་། བྱང་ཕྱོགས་ས་ཁུལ་ལ་ཤུགས་རྐྱེན་ཐེབས་ངེས། ཞིན་ཅང་གི་བྱང་རྒྱུད་དང་། ནང་སོག བྱང་ཤར་ས་ཁུལ་བཅས་སུ་དྲོད་ཚད་4~6℃དམའ་རུ་འགྲོ་རྒྱུ་དང་། ས་ཁུལ་ཁ་ཤས་སུ་དྲོད་ཚད་ཆག་ཚད8℃ཡན་ལ་སླེབས་རྒྱུ་རེད།

2.jpg

  • ཚེས25ཉིན། ཧང་ཀྲོའུ་ཨེ་ཤེ་ཡའི་ལུས་རྩལ་འགྲན་ཚོགས་ཀྱི་མགོ་ཚུགས་མཛད་སྒོའི་དཔལ་འབར་གཙོ་བོའི་དམིགས་བསལ་ཚོང་ཟོག་དངོས་སུ་འགྲེམས་སྤེལ་བྱས་པ་རེད།

  • ཉིན་ཤས་གོང་། རང་རྒྱལ་གྱིས་ཚོང་ལས་གསར་སྤེལ་ལ་བཏང་བའི་རྡོ་གཡམ་རླངས་ཞིང་ཆེ་གྲས་དང་པོ་སྟེ། ཀྲུང་གོ་རྡོ་སྣུམ་རྫས་འགྱུར་བཟོ་ལས་ཀྱི་ཕུའུ་ལིང་རྡོ་གཡམ་རླངས་ཞིང་གི་སོལ་རླངས་ཐོན་ཚད་སྨི་རྒྱ་དཔངས་གྲུ་བཞི་དུང་ཕྱུར600ལས་བརྒལ་ཡོད་པ་རེད།

  • ཚེས24ཉིན་བར། ཤིན་ཅང་གིས་རིམ་རྩིས་བྱས་ན་ཕྱིར་གཏོང་གློག་ཚད་ཆན་ཝ་ཆུ་ཚོད་དུང་ཕྱུར7000ལས་བརྒལ་ནས་རྒྱལ་ཡོངས་ཀྱི་ཞིང་ཆེན་དང་། རང་སྐྱོང་ལྗོངས། གྲོང་ཁྱེར་བཅས20ལ་ཁྱབ་ཡོད་པ་རེད།

  • ཀྲུང་གོ་ཞིང་ལས་ཚན་རིག་ཁང་གིས་གནས་ཚུལ་སྤེལ་བར་གཞིགས་ན། རང་རྒྱལ་གྱི་ཚན་ཞིབ་ཁང་དང་རྒྱལ་སྤྱིའི་ཆུ་འབྲས་ཞིབ་འཇུག་སུའོ་ཡིས་མཉམ་ལས་བྱས་ནས་ཆུ་འབྲས་ཀྱི་སྣ་ཁ་ལེགས་བཅོས་ལ་སྐུལ་འདེད་བཏང་བ་དང་། ཉེ་བའི་ལོ25ཡི་རིང་མཉམ་དུ་རྒྱ་ཁྱོན་མུའུ་ཁྲི1000ལས་བརྒལ་བའི་ཆུ་འབྲས་སྣ་ཁ49སྐྱེད་སྲིང་དང་ཁྱབ་གདལ་བཏང་ཡོད།

  • ཚེས25ཉིན། 2023སུའུ་ཀྲོའུ་དབྱང་ཁྲེང་མཚེའུ་ཡི་སྡིག་སྲིན་འཛིན་མགོ་བརྩམས་ཡོད། སྔོན་དཔག་བྱས་ན་ད་ལོ་སྤྱིའི་ཐོན་འབོར་ཏུན་ཁྲི1.1ཙམ་ཟིན་པ་དང་། སྡིག་སྲིན་ཆེན་པོའི་སྤྱིའི་ཚད་གཞི་ན་ནིང་ལས་ཅུང་ཆེ་བ་ཡོད།

3.jpg

  • ཚེས25ཉིན། སན་ཡ་རྒྱལ་སྤྱིའི་སྦྲག་སྐྱེལ་གྲུ་གཟིངས་ཀྱི་གྲུ་ལམ་དངོས་སུ་སླར་གསོ་བྱུང་ཞིང་།

  • ཉེ་ཆར། མི་འགའ་ཞིག་གིས“དམངས་སྲིད་པུའི་རྒན་གསོ་ཞབས་ཞུ་སིའི”མིང་ཐོག་ནས་དྲ་ཐོག་ནས་རྒན་གསོ་ཞབས་ཞུའི་དང་བླངས་པ་གདན་ཞུ་བྱེད་ཀྱིན་འདུག  ཚེས25ཉིན། དམངས་སྲིད་པུའི་རྒན་གསོ་ཞབས་ཞུ་སིས་སྤྱི་དམངས་ལ་མགོ་སྐོར་འོག་མི་ཚུད་པའི་དྲན་སྐུལ་བྱས་པ་རེད།

  • ཆིང་ཏའོ་མཚོ་དོན་ཅུ་ཡིས་མཚོ་འགྲུལ་གྱི་ཐ་ཚིག་བསྒྲགས་ནས་ཚེས26ཉིན་གྱི་ཆུ་ཚོད8:30ནས་ཚེས28ཉིན་གྱི་ཆུ་ཚོད17བར། ཧོང་ཧའེ་ཁྲའོ་ལེན་གླིང་ཕྲན་ཉེ་འགྲམ་གྱི་མཚོ་ཁོངས་ཁག་གཅིག་ལ་མེ་མདའ་དངོས་སུ་བརྒྱབ་ནས་བསྐྱོད་མི་ཆོག་པའི་ཐ་ཚིག་བསྒྲགས་པ་རེད།

4.jpg

  • ཧུའུ་ནན་ཁྲང་ཧྲ་ཡི་ཕོ་གཞོན་ཀྲང་ཧན་རླངས་འཁོར་གཙང་པོ་ལྷུང་བ་དང་འཕྲད། ཁོས་བློ་ཐག་ཆོད་པོས་མདུན་དུ་བསྐྱོད་དེ་སྒེའུ་ཁུང་བཅག་ནས་མི་སྐྱོབ་པ་རེད། ལག་པར་ཤེལ་གྱིས་གཙགས་པའི་ཁྲག་གི་རྗེས་ཤུལ་མང་པོ་ཡོད་ཀྱང་ཁོང་གིས་སྔར་བཞིན་རྨས་མ་ཚོར་སྨན་ཁང་དུ་སྡོད་པའི་འགྲོ་ལུགས་གཉེར་རོགས་བྱེད་ཀྱི་ཡོད།

སྲིད་ཇུས།

  • ཐེན་ཅིན་གྱིས་ཡིག་ཆ་བཀྲམ་ནས་གློག་གསོག་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་མགྱོགས་སུ་བཏང་། ལས་ཁུངས་ནང་ཁུལ་གྱི་གློག་གསོག་རྨང་གཞིའི་སྒྲིག་བཀོད་ཕྱི་ཕྱོགས་སུ་སྒོ་མོ་འབྱེད་རྒྱུར་སྐུལ་ལྕག་བཏང་ནས་སྤྱི་དམངས་ཀྱི་གློག་གསོག་དགོས་མཁོ་སྐོང་ཐུབ་པ་བྱས་ཡོད།

  • ཧོ་ནན་གྱིས་ཡིག་ཆ་བཀྲམ་ནས་གྲོང་ཁྱེར་གསར་སྤེལ་བྱ་སྤྱོད་ལག་བསྟར་བྱས་ཏེ། སྒྱུར་བཀོད་རིམ་སྤོར་བྱས་རྗེས་ཀྱི་གྲོང་ཁྱེར་ནང་གི་གྲོང་ཚོའི་ཁང་པ་དེ་འགན་ལེན་རང་བཞིན་གྱི་བོགས་གཏོང་སྡོད་ཁང་དུ་སྤྱོད་རྒྱུར་སྐུལ་མ་བཏང་ནས་གྲོང་མི་གསར་པ་སོགས་ལ་སྡོད་གནས་ཀྱི་བར་མཐོངས་མཁོ་འདོན་བྱས་ཡོད།

  • ཉིང་ཞ་ཡིས་ཟླ10ཚེས1ཉིན་ནས་བཟུང་། གསར་དུ་བཟོ་བཅོས་བརྒྱབ་པའི་བྱ་གཞག་ཚན་པའི་གདན་ཞུའི་བྱ་ཐབས་ལག་བསྟར་བྱས་པ་དང་། མཐོ་རིམ་སློབ་གླིང་དང་། ཚན་ཞིབ་ཁང་། གཞུང་བཙུགས་སྨན་ཁང་། གསར་འགྱུར་སྨྱན་སྦྱོར་ཚན་པ་བཅས་ཀྱིས་རང་བརྟེན་ཡོངས་བསྒྲགས་གདན་ཞུ་བྱེད་ཆོག

དེ་རིང་གི་གནམ་གཤིས།

5.jpg

  • ཀོང་ཏུང་གི་ལྷོ་ནུབ་རྒྱུད་དང་། ཀོང་ཞིའི་ལྷོ་རྒྱུད། ཧའེ་ནན་གླིང་ཕྲན་བཅས་དང་དེ་བཞིན་ཞིན་ཅང་བྱང་རྒྱུད་ཀྱི་བྱང་རྒྱུད་དང་། བོད་ལྗོངས་ཀྱི་ཤར་ལྷོའི་རྒྱུད། ཧྲའན་ཞིའི་ལྷོ་ནུབ་རྒྱུད་སོགས་ས་ཁུལ་ཁ་ཤས་སུ་ཆར་པ་འབྲིང་བ་ནས་ཆེ་བ་ཡོད། དེའི་ནང་ཧའེ་ནན་གླིང་ཕྲན་གྱི་ཤར་རྒྱུད་དང་ལྷོ་རྒྱུད་སོགས་ས་ཁུལ་ཁ་ཤས་སུ་དྲག་ཆར་དང་དྲག་ཆར་ཆེན་པོ་ཡོད། ཞིན་ཅང་ཨ་ལི་ཐའེ་རི་ཁུལ་དུ་ཁངས་ཆར་འདྲེས་མའམ་ཁངས་འབབ་ཀྱི་རེད།


མཉམ་སྤྱོད།