དེ་རིང་ནི2025ལོའི་ཟླ05པའི་ཚེས31ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

མདོ་ལས་ལས་བྱེད་པའི་སློབ་གསོ་གསོ་སྦྱོང་གི་ཕན་འབྲས་ཆེ་རུ་བསྐྱེད།

2023-09-26 10:35:32   |   2677

རྩོམ་སྒྲིག དམ་ཆོས་བསམ་འགྲུབ། ཡོང་ཁུངས། མདོ་ལ་རྫོང་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས། བཤེར་འབེབས། རིན་ཆེན་ཚེ་རིང་། 


མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མདོ་ལ་རྫོང་གིས་ལས་བྱེད་པའི་སློབ་གསོ་གསོ་སྦྱོང་དེ་ལས་བྱེད་པའི་ཕྱོགས་བསྡུས་ནུས་པ་དང་བྱང་ཚད་མཐོར་འདེགས་སུ་གཏོང་བའི་འཛིན་བྱེད་ནུས་ལྡན་དུ་བརྩིས་ནས། སྤྱི་ཡོངས་ལ་ཞབས་འདེགས་ཞུ་བ་དང་དགོས་མཁོ་ལྟར་སློབ་ཁྲིད་བྱེད་པའི་རྩ་དོན་མཐའ་འཁྱོངས་སྒོས་བརྗོད་དོན་ལས་འགན་དང་བསྟུན་ནས་སློབ་སྦྱོང་གི་དགོས་མཁོ་གནད་ལ་འཁེལ་བ་དང་། སྟབས་བསྟུན་གྱི་གཞི་རྟེན་ལ་བརྟེན་པ། སློབ་སྦྱོང་གི“ཐབས་མཆོག”བཀོད་སྒྲིག་ཡག་པོ་བཅས་བྱས་ཏེ། ལས་བྱེད་པའི་སློབ་གསོ་གསོ་སྦྱོང་གི་སྤུས་ཚད་དང་ཕན་འབྲས་ཟམ་མ་ཆད་པར་ཆེ་རུ་བསྐྱེད།

བརྗོད་དོན་ལས་འགན་ལ་དམ་པོར་དམིགས་ནས། རྨང་གཞི་བརྟན་པོར་འདིང་བའི“སྙིང་ཕུར”གདབ་པ། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱེད་པའི་བརྗོད་དོན་གཙོ་ཐིག་དང་རྩ་བའི་ལས་འགན་ཁོང་དུ་བརྟན་པོར་ཆུད་པ་དང་། འགོ་ཁྲིད་ལས་བྱེད་པས་སྣེ་ཁྲིད་དེ་སློབ་སྦྱོང་དང་། ཏང་ཡོན་ལས་བྱེད་པས་དཔེ་སྟོན་སློབ་སྦྱོང་། ལས་བྱེད་པ་དཀྱུས་མ་རྗེས་སུ་བསྙེག་པའི་སློབ་སྦྱོང་བཅས་མཐའ་འཁྱོངས་བྱེད་པ་དང་། བརྗོད་དོན་དཔྱད་གླེང་དང་ཆེད་དོན་ཟུར་ཁྲིད། མྱོང་ཚོར་བརྗེ་རེས་སོགས་ཀྱི་རྣམ་པར་བརྟེན་ནས། ལས་བྱེད་རྣམས་ལ་བསམ་བློའི་སྦྱོང་བརྡར་དང་སྙིང་སྟོབས་ཀྱི་བྱི་དོར་བཅས་བྱེད་པའི་སློབ་གསོའི་སྐུལ་ཁྲིད་བྱས་ནས། བསམ་བློའི་ངོས་ནས་བླ་སྲོག་གསར་སྐྲུན་དང་རྨང་གཞི་བརྟན་སྐྲུན་ལ་འབད།

གསོ་སྦྱོང་གི་དགོས་མཁོར་གནད་དུ་དམིགས་ནས། འཇོན་ནུས་རྒྱ་སྐྱེད་ཀྱི“སེམས་ངོསྤྲད་པ། ཏང་གཤིས་སློབ་གསོ་དང་གྲོང་གསེབ་དར་སྤེལ། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་། མི་རིགས་མཐུན་སྒྲིལ་སོགས་ལྟེ་བའི་ལས་དོན་ལ་དམིགས་ནས། བཞུགས་མོལ་ཚོགས་འདུ་དང་ཡུལ་དངོས་བཅར་འདྲི། བརྟག་དཔྱད་དྲི་ཤོག་སོགས་རྣམ་པ་སྣ་ཚོགས་སྤྱད་དེ། གསོ་སྦྱོང་གི་བསམ་འཆར་རྒྱ་ཁྱབ་ངང་བསྡུ་ལེན་དང་གསོ་སྦྱོང་གི་དགོས་མཁོ་གསལ་རྟོགས་བྱེད་པ། སློབ་ཚན་བཀོད་སྒྲིག་ལེགས་སྒྲིག་དང་ལེགས་སྒྱུར་བཅས། ལས་བྱེད་པའི་གནས་ཚོད་ལ་གཞིགས་ནས“སློབ་སྦྱོང་རྣམ་གྲངས”གཏན་འབེབས་དང་། སྒེར་གཤིས་ཅན་གྱི་སློབ་གསོ་གསོ་སྦྱོང་མཁོ་འདོན་བྱས་ཤིང་། ལས་བྱེད་པའི་གསོ་སྦྱོང་གི“རྣམ་མང་དགོས་མཁོ”ཟམ་མ་ཆད་པར་བསྐངས་ཏེ། སློབ་གསོ་གསོ་སྦྱོང“ཁམས”དང“ཡི་གར”འཕྲོད་པ་ཁག་ཐེག་བྱས།

སློབ་སྦྱོང་གི་གཞི་རྟེན་ལ་ལེགས་པར་བརྟེན་ནས། བླ་སྲོག་གསར་སྐྲུན་གྱི“སེམས་སྨན”བསྟེན་པ། སློབ་ཁང་སློབ་ཁྲིད་ཀྱི་བྱེད་སྟངས་གསར་བ་འཚོལ་ཞིབ་ཧུར་ཐག་བྱས་ཏེ་བརྩེ་སེམས་དང་ལད་ཟློས། མྱོང་རོལ་སོགས་ཀྱི་སློབ་ཁྲིད་བྱེད་སྟངས་སྟབས་བསྟུན་ངང་སྤྱད་ཅིང་། སློབ་ཁྲིད་གཞི་གཅིག་ཅན་དུ་འགྱུར་བར་སྐུལ་འདེད་བཏང་ནས་ལས་བྱེད་པའི་ཧུར་སེམས་དང་མཉམ་ཞུགས་ཚད། མཉམ་འདྲེས་ཚད་བཅས་མཐོར་འདེགས་སུ་བཏང་། དེ་དང་ཆབས་ཅིག གུང་ཁྲན་ཏང་ཡོན་དྲ་བ་དང་སློབ་སྦྱོང་རྒྱལ་དྲག་སོགས་མ་ལག་གི་གཞི་རྟེན་བརྒྱུད། ཐབས་ལམ་མང་པོ་དང་ཕྱོགས་ཡོངས་ནས“སོར་རྩེའི་སློབ་སྦྱོང”སྤེལ་བ་དང“སོར་རྩེའི་སློབ་ཁང་ཆུང་ངུ”འཚོལ་ཞིབ་གསར་འཛུགས་བྱས་ཏེ། ལས་བྱེད་པའི“སོར་རྩེའི་བསམ་པའི་ཁྱིམ་གཞིས”གསར་དུ་བཏོད།


མཉམ་སྤྱོད།