དེ་རིང་ནི2025ལོའི་ཟླ05པའི་ཚེས31ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཞོགས་པའི་ཇ་ཡུན་གསར་འགྱུར།

2023-10-17 08:13:06   |   3329

སྒྲིག་སྒྱུར། མཁའ་འགྲོ་མཚོ།   ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར།   བཤེར་འབེབས། རིན་ཆེན་ཚེ་རིང་།


གསར་འགྱུར་གལ་ཆེན།

  • “རྒྱུད་གཅིག་ལམ་གཅིག”གི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་སྐབས་གསུམ་པའི་མགོ་ཚུགས་མཛད་སྒོ་དེ་ཟླ10ཚེས18ཉིན་པེ་ཅིང་དུ་འཚོག་རྒྱུ་ཡིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་མགོ་ཚུགས་མཛད་སྒོར་ཞུགས་རྒྱུ་དང་འབྲེལ་གཙོ་དོན་གཏམ་བཤད་ཀྱང་གནང་རྒྱུ་ཡིན།

  •   ཟླ10ཚེས16ཉིན《ཞི་ཅིན་ཕིང་གིས“རྒྱུད་གཅིག་ལམ་གཅིག”སྐོར་གླེང་བ》ཞེས་པའི་སྐད་རིགས་མང་པོའི་པར་གཞིའི་དཔེ་དེབ་འགྲེམས་སྤེལ་མཛད་སྒོ་པེ་ཅིང་དུ་འཚོགས་པ་དང་།  ཨ་རབ་ཀྱི་ཡི་གེ་དང་། སི་ཕེན་གྱི་ཡི་གེ  ཕོར་ཐིའུ་ཀལ་གྱི་ཡི་གེ འཇར་མན་གྱི་ཡི་གེ འཇར་པན་གྱི་ཡི་གེ་བཅས་ཀྱི་པར་གཞིའི་དཔེ་དེབ་གསར་པ5རྒྱལ་ཁབ་ཕྱི་ནང་དུ་དངོས་སུ་དཔེ་སྐྲུན་འགྲེམས་སྤེལ་བྱས་པ་ཡིན།

  •  ཉེ་ཆར་ཀྲུང་གུང་ཀྲུང་དབྱང་གིས《རྒྱལ་ཡོངས་ཀྱི་ལས་བྱེད་པའི་སློབ་གསོ་གསོ་སྦྱོང་འཆར་འགོད(2023ལོ་ནས2027ལོ་བར)》པར་འགྲེམས་བྱས།

  • ཉེ་ཆར་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས《ནང་སོག་གི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ལེའུ་གསར་པ་ཧུར་རྩོམ་སྐོར་གྱི་བསམ་འཆར》པར་འགྲེམས་བྱས།

  • ཚེས16ཉིན་རྒྱལ་ཁབ་ནུས་རྒྱུ་ཅུ་ཡིས་གྲངས་གཞི་ཁྱབ་བསྒྲགས་བྱས་པར་གཞིགས་ན། ཟླ་དགུ་པར་སྤྱི་ཚོགས་ཡོངས་ཀྱི་གློག་སྤྱོད་ཚད་སྟོང་ཝ་ཆུ་ཚོད་དུང་ཕྱུར7811ཟིན་པ་དེ་དུས་མཚུངས་ལས9.9%འཕར་ཡོད།

  •   རྒྱལ་ཁབ་སྨན་སྐྱོབ་ཅུ་ཡིས་གནས་ཚུལ་སྤེལ་བར་གཞིགས་ན། ཟླ་དང་པོ་ནས་བརྒྱད་པའི་བར་གཞི་རྩའི་སྨན་བཅོས་འགན་བཅོལ་ཐེབས་རྩའི་སྤྱིའི་ཡོང་འབབ་སྒོར་དུང་ཕྱུར20923.33ཟིན་པ་དེ་དུས་མཚུངས་ལས9.3%འཕར་ཡོད།

1.png

  • ཚེས16ཉིན་ཀྲུང་གོའི་མཚོ་སྣུམ་གྱིས་གནས་ཚུལ་སྤེལ་བར་གཞིགས་ན། རང་རྒྱལ་གྱི་ཆུ་གཏིང་ཟབ་མཐོ་གནོན་རྣམ་གྲངས་དང་པོ“མཚོ་གཏིང་ཨང་དང་པོའི”དུས་ཐེངས་གཉིས་པའི་ལས་གྲྭའི་གསར་སྤེལ་ཁྲོན་པའི་ལས་ཀ་ཐོག་མ་ལེགས་གྲུབ་ཟིན་ནས་ཉིན་རེར་རང་བྱུང་སོལ་རླངས་སྨི་རྒྱ་དཔངས་གྲུ་བཞི་ཁྲི100ལས་བརྒལ་བར་ཚོད་ལྟ་བྱས་ཡོད།

  •     རྒྱལ་སྤྱིའི་ཨའོ་རྩལ་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས141པའི་ཐོག་བརྡས་ཐག་བཅད་ནས་གྲོས་འཆམ་བྱུང་བ་དང་། དབྱུག་ལེ་སྤོ་ལོ་དང་། པན་ཆིའུ་སྤོ་ལོ། སྐེད་པའི་དར་ཆའི་སྐྱུ་རུའི་སྤོ་ལོ། དབྱུག་འཕེན་སྤོ་ལོ། རྩིག་ལྒང་བཅས་རྣམ་གྲངས་ལྔ2028ལོའི་ལུའོ་ཧྲན་ཅིའི་ཨོ་རྩལ་འགྲན་ཚོགས་ཀྱི་རྣམ་གྲངས་བཀོད་སྒྲིག་ནང་བཅུག་པ་རེད།

སྤྱི་ཚོགས།

  • ཚེས17ནས20ཉིན་བར་མཁའ་རླུང་ཅུང་གྲང་བའི་ཤུགས་རྐྱེན་ཕོག་པའི་དབང་གིས་རང་རྒྱལ་གྱི་དབུས་ཤར་རྒྱུད་ས་ཁུལ་དུ་གཞི་ཁྱོན་ཅུང་ཆེ་བའི་ཆར་པ་འབབ་པ་དང་དྲོད་ཚད་ཆག་པའི་གནམ་གཤིས་ཡོད།

  • ཁྲིམས་འཛིན་པུས་གནས་ཚུལ་སྤེལ་བར་གཞིགས་ན། 2023ལོའི་རྒྱལ་ཁབ་ཀྱི་གཅིག་གྱུར་བཅའ་ཁྲིམས་ལས་རིགས་ཐོབ་ཐང་གི་རང་སྣང་ཁ་བྱང་གི་ཡིག་རྒྱུགས་ལ་ཁྱོན་མི་ཁྲི28.4ཞུགས་ཡོད།

  • ཉེ་ཆར་འབར་མའི་གློག་འཕྲིན་དྲ་རྒྱའི་ཁ་བསླུས་ཉེས་གསོག་དོགས་ཅན2349ཐེངས་གཅིག་ལ་རང་རྒྱལ་ལ་སྤྲད་པ་ཡིན།

  • ཚེས16ཉིན་ཀྲུང་གོའི་རྐང་རྩེད་སྤོ་ལོའི་མཐུན་ཚོགས་ཀྱིས་སྐབས་བཅུ་གཉིས་པའི་ཚོགས་མིའི་འཐུས་མི་ཚོགས་ཆེན་འཚོགས་པ་དང་སུང་ཁའེ་ཀྲུང་གོའི་རྐང་རྩེད་སྤོ་ལོའི་མཐུན་ཚོགས་ཀྱི་ཀྲུའུ་ཞིར་བདམས་ཐོན་བྱུང་བ་རེད།

  •    ཚེས16ཉིན་ཧང་ཀྲོའུ་ཨེ་ཤེ་ཡ་དབང་སྐྱོན་གྲོང་ཚོས་གྲོང་ཚོ་བཙུགས་ནས་འགྲན་བསྡུར་རུ་དངོས་སུ་བཀོལ་སྤྱོད་བྱས།

  • ཁྲེང་ཏུའུ་ཉེན་རྟོག་ཕྱོགས་ཀྱིས“བུ་མོ་ཆུང་ཆུང་གཞིས་ཁུལ་དུ་ཁྱི་ངན་གྱིས་སོ་བཏབ་པ”བརྡ་ཁྱབ་བཏང་བ་དང་། བུ་མོ་དེའི་མཁལ་མ་གཡས་པར་རྨས་སྐྱོན་ཕོག་པ། རྩིབ་རུས་ཆག་པ། སྤྱི་བདེ་ལས་ཁུངས་ཀྱིས་ནུས་ཤུགས་ཡོད་རྒུས་བརྟག་དཔྱད་ཐག་གཅོད་ལས་དོན་སྤེལ་བཞིན་ཡོད་པ་རེད།

2.png

  • ཚེས15ཉིན“ཧྲང་ཧའེ་ཡི་རྨོ་བོ་ལགས”ཧྲེན་ཚུའེ་དབྱང་ཚེ་ལས་འདས་པ་དང་། ཝུན་ཁྲོན་ས་ཡོམ་བྱུང་་རྗེས་ཁོང་གིས་ཁང་པ་བཙོངས་ནས་ཞལ་འདེབས་སྒོར་ཁྲི450སྤྲད་པ་ཡིན།

སྲིད་ཇུས།

  • ཧྲན་ཏུང་གིས་གླ་ཕོགས་དམའ་ཤོས་ཀྱི་ཚད་གཞི་ལེགས་སྒྲིག་བྱས་པ་དང་། ལེགས་སྒྲིག་བྱས་རྗེས་ཀྱི་རིམ་པ་གསུམ་པའི་ཚད་གཞི་སོ་སོར་སྒོར2200དང་སྒོར2010། སྒོར1820བཅས་ཡིན།

  • ལེའོ་ཉིང་གིས་རྒྱལ་ཁབ་ཀྱི5Aརིམ་པའི་གནས་སྐོར་མཛེས་ལྗོངས་ཁུལ་དང་རྒྱལ་ཁབ་རིམ་པའི་གནས་སྐོར་སྤྲོ་གསེང་ཁུལ་གསར་དུ་འདེམས་མཁན་ལ་ཐེངས་གཅིག་ལ་སྒོར་ཁྲི1000གི་བྱ་དགའ་སྤྲོད་རྒྱུ་ཁ་གསལ་བཏོན་ཡོད།

  • ཀྲེ་ཅང་ཧང་ཀྲོའུ་ཡིས་ཡིག་ཆ་བཀྲམ་ནས་སྡོད་ཁང་ཉོ་སྒྲུབ་ཚོད་འཛིན་ཁྱབ་ཁོངས་དེ་ཧྲང་ཁྲེང་ཁུལ་དང་། ཀུང་དབྱི་ཁུལ། ཞི་ཧུའུ་ཁུལ། པིན་ཅང་ཁུལ་བཅས་སུ་ལེགས་སྒྲིག་བྱས་ཡོད།

དེ་རིང་གི་གནམ་གཤིས།

3.png

  • ཞིན་ཅང་ལྷོ་རྒྱུད་ཀྱི་ནུབ་རྒྱུད་རི་ཁུལ་དང་། བོད་ལྗོངས་ཀྱི་བྱང་རྒྱུད་དང་ཤར་རྒྱུད། མཚོ་སྔོན་དབུས་རྒྱུད་སོགས་ས་ཁུལ་ཁག་ཅིག་ཏུ་ཁ་བ་ཆུང་བ་ནས་འབྲིང་བའམ་ཡང་ན་ཆར་པ་འབབ་རྒྱུ་ཡིན། ནང་སོག་གི་ཧོ་ཐའོ་ས་ཁུལ་དང་། ཀན་སུའུ་ཤར་རྒྱུད། ཧྲའན་ཞིའི་དབུས་རྒྱུད་དང་བྱང་རྒྱུད། ཉིང་ཞའི་ཤར་རྒྱུད། ཧྲན་ཞིའི་ནུབ་རྒྱུད་དང་བྱང་རྒྱུད། ཡུན་ནན་གྱི་ལྷོ་ནུབ་རྒྱུད། ཀོང་ཏུང་ཤར་ལྷོའི་རྒྱུད། ཧའེ་ནན་གླིང་ཕྲན་སོགས་ས་ཁུལ་ཁ་ཤས་སུ་ཆར་པ་འབྲིང་བ་ནས་ཆེ་བ་འབབ་རྒྱུ་ཡིན། པ་དང་། དེའི་ཁྲོད་ཧའེ་ནན་གླིང་ཕྲན་གྱི་ཤར་རྒྱུད་དུ་དྲག་ཆར་དང་དྲག་ཆར་ཆེན་པོ་འབབ་རྒྱུ་རེད།


མཉམ་སྤྱོད།