དེ་རིང་ནི2025ལོའི་ཟླ05པའི་ཚེས31ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཞོགས་པའི་ཇ་ཡུན་གསར་འགྱུར།

2023-11-02 08:50:25   |   3424

སྒྲིག་སྒྱུར།  སངས་དོན།    ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར་འཕྲིན་སྟེགས།   བཤེར་འབེབས།   རིན་ཆེན་ཚེ་རིང་།


གསར་འགྱུར་གལ་ཆེན།

  • ཟླ11ཚེས1ཉིན་པར་སྐྲུན་བྱས་པའི《བདེན་འཚོལ》དུས་དེབ་ཨང21པའི་ཐོག་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གི་གསུང་རྩོམ་གལ་ཆེན《སྐབས་ཉི་ཤུ་པའི་ཀྲུང་དབྱང་རྩིས་བཤེར་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་དང་པོའི་ཐོག་གི་གསུང་བཤད་》འགྲེམས་སྤེལ་བྱས།

  • རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གི《སྒོ་དབྱེ་བསྟུན་མཁས་དང་། ཕན་ཚུན་སྦྲེལ་མཐུད། ཐུན་མོང་འཕེལ་རྒྱས་བཅས་ཀྱི་འཛམ་གླིང་སྐྲུན་པ་ཅེས་པའི“རྒྱུད་གཅིག་ལམ་གཅིག”གི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་སྐབས་གསུམ་པའི་མགོ་ཚུགས་མཛད་སྒོའི་ཐོག་གི་བཞེད་དོན་གཏམ་བཤད་》ཀྱི་དེབ་རྐྱང་པ་དེ་མི་དམངས་དཔེ་སྐྲུན་ཁང་གིས་དཔེ་སྐྲུན་བྱས་པ་དང་། དེ་རིང་ནས་བཟུང་རྒྱལ་ཡོངས་ཀྱི་ཤིན་ཧྭ་དཔེ་ཚོང་ཁང་དུ་འགྲེམས་སྤེལ་བྱས་ཡོད།

  • ཚེས1ཉིན། རང་རྒྱལ་གྱི་རང་མོས་ཉོ་ཚོང་ཚོད་ལྟ་ཁུལ་ཨང22པ་སྟེ། ཤིན་ཅང་རང་མོས་ཉོ་ཚོང་ཚོད་ལྟ་ཁུལ་གྱི་སྒོ་བྱང་བཀལ་ནས་བཙུགས་པ་དེ་རང་རྒྱལ་གྱིས་ནུབ་བྱང་མཐའ་མཚམས་ས་ཁུལ་དུ་བཙུགས་པའི་རང་མོས་ཉོ་ཚོང་ཚོད་ལྟ་ཁུལ་དང་པོར་གྱུར་ཡོད།

  • རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱིས་གནས་ཚུལ་སྤེལ་བར་གཞིགས་ན། མིག་སྔར་རིམ་པ་གཉིས་པ་ཡན་གྱི་གཞུང་བཙུགས་སྨན་ཁང་གིས་སྔོན་མངགས་སྨན་བཅོས་ཞབས་ཞུ་བྱས་ཡོད།

  • རྒྱལ་ཁབ་ནགས་ལས་རྩྭ་ཐང་ཅུས་གནས་ཚུལ་སྤེལ་བར་གཞིགས་ན། ད་ལོའི་དུས་ཚིགས1པོ་ནས3པའི་བར་རྒྱལ་ཡོངས་ཀྱི་དཔལ་འབྱོར་ནགས་ཚལ(经济林)ཐོན་ཚད་ཏུན་དུང་ཕྱུར1.15ཟིན་ཡོད།

  • ད་ལོའི་དུས་ཚིགས1པོ་ནས3པའི་བར་རང་རྒྱལ་གྱི་འོད་ཤུགས་གློག་གཏོང་ལ་མ་དངུལ་སྒོར་དུང་ཕྱུར2229བཏང་བ་དང་། དུས་མཚུངས་ལས67.8%འཕར་ཡོད།

1.jpg

  • ཚེས1ཉིན། ཀྲུང་གོའི་ས་གོ་ལའི་ལྷོ་སྣེའི་ཚན་རིག་རྟོག་ཞིབ་རུ་ཁག་ཐེངས་40པ་མགོ་ཚུགས། ད་ཐེངས་ཀྱི་རྟོག་ཞིབ་ཀྱིས་ལྷོ་སྣེར་ཚན་རིག་རྟོག་ཞིབ་ས་ཚིགས་གསར་པ་འཛུགས་རྒྱུ་རེད།

2.jpg

  • ཚེས1ཉིན། རང་རྒྱལ་གྱིས་ཐའེ་ཡོན་སྲུང་སྐར་འཕེན་གཏོང་ལྟེ་གནས་སུ་རྒྱང་སྐྱོད་ཨང་དྲུག་པ་རྟགས་ཅན་གྱི་སྐྱེལ་འདྲེན་མེ་ཤུགས་འཕུར་མདའ་སྤྱད་དེ་གནམ་རིས་སྲུང་སྐར་ཨང་ལྔ་པ(天绘五号)བདེ་བླག་ངང་འཕེན་གཏོང་བྱས་པ་རེད།

  • ཚེས1ཉིན། རི་པིན་གྱི་གྲུ་གཟིངས3དང་སྐོར་ཞིབ་གྲུ་གཟིངས་ཁ་ཤས་ཁྲིམས་འགལ་ངང་རང་རྒྱལ་གྱི་ཏེའོ་ཡུས་གླིང་ཕྲན་གྱི་མཚོ་ཁོངས་སུ་འཛུལ་བ་དང་ཀྲུང་གོའི་མཚོ་ཐོག་ཉེན་རྟོག་དམག་གྲུས་ཁྲིམས་ལྟར་དགོས་ངེས་ཀྱི་དོ་དམ་ཚོད་འཛིན་བྱ་ཐབས་སྤྱད་པ་རེད།

སྤྱི་ཚོགས།

  • ཚེས4ནས6ཉིན་བར། མཁའ་རླུང་གྲང་མོ་གསར་པ་ཞིག་བྱང་ནས་ལྷོ་ཕྱོགས་སུ་རང་རྒྱལ་གྱི་དབུས་ཤར་རྒྱུད་ཀྱི་ས་ཁུལ་མང་ཆེ་བར་ཤུགས་རྐྱེན་ཐེབས་རྒྱུ་ཡིན་པ་དང་། རང་རྒྱལ་གྱི་ས་ཁུལ་མང་ཆེ་བའི་དྲོད་ཚད4~6℃མར་ཆག་པ་དང་། བྱང་ཕྱོགས་ཀྱི་ས་ཁུལ་ཁ་ཤས་ཀྱི་དྲོད་ཚད་མར་ཆག་ཚད8~10℃ལས་བརྒལ་ཡོད།

  • ཚེས1ཉིན། ཧོ་པེ་ཞུང་ཨན་ཁུལ་གསར་གྱི་སྲིད་འཛིན་དབྱེ་འབྱེད་ཚབ་རྟགས་133100དེ་ཐེམ་ཐོ་དོ་དམ་ལས་དོན་ཐད་དུ་དངོས་སུ་སྤྱོད་རྒྱུ་རེད།

  • ཚེས1ཉིན། གངས་དཀར་རི་བོ་དང་སྐུ་བླ་རི་བོ་སོགས་རི་བོ་དགུའི་མཐོ་ཚད་གྲངས་གཞི་ཁྱབ་བསྒྲགས་བྱས་པ་རེད།

  • ཉེ་ཆར། ཞིབ་དཔྱོད་ལས་ཁུངས་ཀྱིས་ཁྲིམས་ལྟར་རྒྱལ་ཁབ་རྡོ་ཐ་ཆེད་ཚོང་ཅུའི་དེ་སྔའི་ཏང་ཙུའི་ཁོངས་མི། ཅུས་ཀྲང་གཞོན་པ་ཧོ་ཙེ་ཧྭ་ཡིས་ལྐོག་རྔན་བླངས་པ་དང་ཤུགས་རྐྱེན་ཐེབས་ཤུགས་ལ་བརྟེན་ནས་ལྐོག་རྔན་བླངས་པའི་གྱོད་གཞིར་གཞུང་གཏུག་བྱས་པ་རེད།

  • ཀྲུང་གོ་ཚན་རིག་ཁང་གིས་ཚེས1ཉིན་རིག་གཞུང་ཚད་ལྡན་ཡིག་ཆའི་སྤྱི་ཕན་ལས་སྟེགས་ཁྱབ་བསྒྲགས་བྱས་པ་དང་། མིག་སྔར་ལས་སྟེགས་བརྒྱུད་འཚོལ་ཞིབ་བྱེད་ཆོག་པའི་ཚན་རྩལ་ཚད་ལྡན་ཡིག་ཆའི་ཐོན་ཁུངས་སྡོམ་འབོར་དུང་ཕྱུར་1.7ཙམ་ཟིན་ཡོད་པ་རེད།

3.jpg

  • རང་རྒྱལ་གྱི་ཚན་རིག་མཁས་ཅན་གྱིས་མྱུར་བགྲོད་འོད་གློག་རྩིས་རྒྱག་ཉིང་ལྷེབ(超高速光电计算芯片)ཞིབ་འཇུག་གསར་སྤེལ་བྱས་པ་དང་འབྲེལ་ཡོད་གྲུབ་འབྲས་དེ《རང་བྱུང》དུས་དེབ་ཐོག་སྤེལ་ཡོད།

  • ཧྲན་ཏུང་ཕིང་ཏུའུ་ཡིས་ཆིང་ཏའོ་སྦི་རག་བཟོ་གྲྭ་གསུམ་པའི་དོན་རྐྱེན་བརྡ་ཁྱབ་བཏང་བ་དང་། འབྲེལ་བ་ཡོད་པའི་བཟོ་པ་ཚུའེ་ཆེ་གེ་མོ་སྲིད་འཛིན་བཀག་ཉར་བྱས་པ་རེད།

  • ཏ་ཀང་མཚོ་དོན་ཅུ་ཡིས་མཚོ་འགྲུལ་གྱི་ཐ་ཚིག་བསྒྲགས་ནས་ཚེས1ནས3ཉིན་བར་པོ་ཧའེ་ནུབ་རྒྱུད་ཀྱི་མཚོ་ཁོངས་ཁག་གཅིག་ལ་དམག་དོན་སྦྱོང་བརྡར་བྱས་ནས་བསྐྱོད་མི་ཆོག་པའི་ཐ་ཚིག་བསྒྲགས་པ་རེད།

  • ཉེ་ཆར། སི་ཁྲོན་འདབ་པར་རྒྱལ་ཁབ་ཀྱི་རིམ་པ་དང་པོའི་གཙོ་གནད་སྲུང་སྐྱོང་གི་རི་སྐྱེས་སྲོག་ཆགས་གསའ་དང་གཟིག་པར་ལེན་ཐེངས་དང་པོ་བྱས་ཐུབ་ཡོད་པ་རེད།

སྲིད་ཇུས།

  • པེ་ཅིང་གིས་གཏན་འབེབས་གསར་པ་ལག་བསྟར་བྱས་ནས་དྲ་ཐོག་ནས་སྨན་ཐོ་ཉོ་སྐབས་ངེས་པར་དུ་དངོས་མིང་འགོད་དགོས།

  • ཧྲན་ཏུང་གིས་གཟིགས་སྐྱོང་བྱ་ཡུལ་སོགས་མི་སྣ་ཁག་གཅིག་གི་གཟིགས་སྐྱོང་ཚད་གཞི་ལེགས་སྒྲིག་བྱས། དེའི་ནང་། དམག་འཁྲུག་དང་གཞུང་དོན། ནད་གཞིའི་རྐྱེན་གྱིས་དབང་སྐྱོན་གྱུར་བའི་རིམ་པ་དང་པོའི་དམག་མིའི་འཆི་གོད་གྱོང་གསབ་ཚད་གཞི་མི་རེར་ལོ་རེར་སྒོར124410དང་། སྒོར118250དང་། སྒོར112250བཅས་སོ་སོ་ཡིན།

  • ཅང་སུའུ་ནན་ཅིང་གིས་གཏན་འབེབས་གསར་པ་བཏོན་ནས་སྡོད་ཁང་འཛུགས་སྐྲུན་གི་འཚོ་བའི་ཉི་གཡབ་ཆུང་ཤོས་སྨི1.5ལས་མི་ཉུང་བ་བྱས་ཡོད།

དེ་རིང་གི་གནམ་གཤིས།

4.jpg

  • ཞིན་ཅང་བྱང་རྒྱུད་དང་ཁུ་ནུ་རི་བོའི་ས་ཁུལ། ནང་སོག་གི་ཤར་རྒྱུད། ཧེ་ལུང་ཅང་གི་བྱང་རྒྱུད། བོད་ལྗོངས་ཀྱི་བྱང་རྒྱུད། ཤར་རྒྱུད། མཚོ་སྔོན་གྱི་ནུབ་རྒྱུད་སོགས་ས་ཁུལ་ཁ་ཤས་སུ་ཁངས་ཆུང་བ་ནས་འབྲིང་ཙམ་དང་། ཡང་ན་ཁངས་ཆར་འདྲེས་མ་འབབ་ཀྱི་རེད། དེའི་ནང་། ཞིན་ཅང་བྱང་རྒྱུད་དང་། ནང་སོག་གི་བྱང་ཤར་རྒྱུད། ཧེ་ལུང་ཅང་གི་ནུབ་བྱང་རྒྱུད་སོགས་ས་ཁུལ་ཁ་ཤས་སུ་ཁངས་ཆེན་པོ་འབབ་ཀྱི་རེད། སི་ཁྲོན་གཤོང་སའི་ནུབ་རྒྱུད་དང་། ཀན་སུའུ་ལྷོ་རྒྱུད། ཡུན་ནན་གྱི་ལྷོ་ནུབ་རྒྱུད། ཧའེ་ནན་གླིང་ཕྲན་སོགས་ས་ཁུལ་ཁ་ཤས་སུ་ཆར་པ་འབབ་པ་དང་། ས་ཁུལ་ཁ་ཤས་སུ་ཆར་པ་འབྲིང་ཙམ་འབབ་ཀྱི་རེད།


མཉམ་སྤྱོད།