དེ་རིང་ནི2025ལོའི་ཟླ05པའི་ཚེས31ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཞོགས་པའི་ཇ་ཡུན་གསར་འགྱུར།

2023-11-03 07:52:09   |   3032

སྒྲིག་སྒྱུར།   སངས་དོན།   ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར་འཕྲིན་སྟེགས།   བཤེར་འབེབས།   རིན་ཆེན་ཚེ་རིང་། 


གསར་འགྱུར་གལ་ཆེན།

1.jpg

  • ཟླ11ཚེས2ཉིན། བློ་མཐུན་ལི་ཁེ་ཆང་གི་སྐུ་ཕུང་པེ་ཅིང་པ་པའོ་རི་བོའི་གསར་བརྗེའི་སྤྱི་པའི་བང་སོར་ཞུགས་འབུལ་བྱས་ཤིང་། ཞི་ཅིན་ཕིང་དང་། ལི་ཆང་། ཀྲའོ་ལེ་ཅི། ཝང་ཧུའུ་ཉིང་། ཚའེ་ཆི། ཏིང་ཞུའེ་ཞང་། ལི་ཤིས། ཧན་ཀྲེང་སོགས་པ་པའོ་ཧྲན་ལ་ཞལ་གྱེས་གནང་བར་ཕེབས་པ་དང་། ཧུའུ་ཅིན་ཐའོ་ཡིས་མེ་ཏོག་ཕྲེང་བ་ཕུལ་ནས་མྱ་ངན་ཞུས་པ་རེད།

  • ད་ལོའི་ཟླ1པོ་ནས9པའི་བར་རྒྱལ་ཡོངས་སུ་གྲོང་ཁྱེར་དང་གྲོང་རྡལ་གྱི་ཁུལ་ཆུང་རྙིང་པ་ཁྲི5.13གསར་དུ་སྒྱུར་བཀོད་བྱེད་མགོ་ཚུགས། དེས་ལོ་ཧྲིལ་པོའི་འཆར་གཞིའི་ལས་མགོ་འཛུགས་གྲངས་ཀྱི97%ཟིན་པ་དང་། གྲོང་མི་དུད་ཚང་ཁྲི851ལ་ཕན་པ་ཐོབ་ཡོད་པ་རེད།

  • ཚོང་དོན་པུས་ཁྱབ་བསྒྲགས་བྱས་པའི་གྲངས་གཞི་ལྟར་ན། ད་ལོའི་ཟླ1པོ་ནས9པའི་བར། རང་རྒྱལ་གྱི་ཞབས་ཞུའི་ཕྱིར་གཏོང་ནང་འདྲེན་སྡོམ་འབོར་སྒོར་དུང་ཕྱུར་48180.7ཟིན། དུས་མཚུངས་ལས7.7%འཕར་ཡོད།

  • ཀྲུང་གོའི་ཟོག་འགྲེམས་དང་ཉོ་སྒྲུབ་མཉམ་འབྲེལ་ལྷན་ཚོགས་ཀྱིས་གྲངས་གཞི་ཡོངས་བསྒྲགས་བྱས་པར་གཞིགས་ན། ཟླ10པར་ཀྲུང་གོའི་ཟོག་འགྲེམས་ལས་རིགས་ཀྱི་དར་རྒྱས་སྟོན་གྲངས52.9%ཟིན་ནས་མུ་མཐུད་རྒྱ་སྐྱེད་ཀྱི་བར་མཚམས་སུ་གནས་ཡོད།

  • གྲངས་གཞི་གསར་ཤོས་ལས་མངོན་པ་ལྟར་ན། ཟླ10པར་རྒྱལ་ཡོངས་ཀྱི་དུས་བཅད་ཚོང་ཟོག་ཁྲོམ་རའི་ཚོང་འགྲིག་ཚད་དུང་ཕྱུར5.5ཟིན་པ་དང་། ཚོང་འགྲིག་དངུལ་འབོར་སྒོར་དུང་ཕྱུར་ཁྲི40.27ཟིན། དུས་མཚུངས་ལས་སོ་སོ22.42%དང20.59%འཕར་ཡོད།

  • རྒྱལ་ཁབ་ཀྲུང་ལུགས་གསོ་རིག་དོ་དམ་ཅུས་གནས་ཚུལ་སྤེལ་ནས་བསྟན་དོན། རང་རྒྱལ་གྱིས་ཞིང་ཆེན་དང་གྲོང་ཁྱེར། རྫོང་། ཡུལ་ཚོ་བཅས་ལ་ཀྲུང་ལུགས་གསོ་རིག་སྨན་རྫས་ཞབས་ཞུའི་མ་ལག་བཙུགས་ཡོད།

  • རྒྱལ་སྤྱིའི་ལན་ཆིའུ་སྤོ་ལོའི་མཉམ་འབྲེལ་ལྷན་ཚོགས་ཀྱིས་ཕ་རི་སིའི་ཨོ་རྩལ་འགྲན་ཚོགས་ཀྱི་མི་གསུམ་ལན་ཆིའུ་སྤོ་ལོའི་རྣམ་གྲངས་ཀྱི་ཆ་བསགས་མིང་ཐོ་ཁྱབ་བསྒྲགས་བྱས་པ་དང་། ཀྲུང་གོའི་སྐྱེས་པ་དང་བུད་མེད་ལན་ཆིའུ་སྤོ་ལོའི་རྒྱལ་ཁབ་རུ་ཁག་གཉིས་ཀར་ཨོ་རྩལ་འགྲན་ཚོགས་ཀྱི་ཐོབ་ཐང་ཐོབ་ཡོད།

  • 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་གཞུང་དང་ཧ་སག་སི་ཐན་སྤྱི་མཐུན་རྒྱལ་ཁབ་ཀྱི་ཕན་ཚུན་ཐོངས་མཆན་མི་དགོས་པའི་སྐོར་གྱི་གྲོས་ཆོད》ཚེས10ཉིན་དངོས་སུ་སྤྱོད་གོ་ཆོད་རྒྱུ་རེད།

  • ཚེས1ཉིན་ནས་བཟུང་། ཀྲུང་གོས་མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་ཟླ11པའི་རེས་སྐོར་ཀྲུའུ་ཞིའི་འགན་འཁུར་ཡོད།

སྤྱི་ཚོགས།

  • འཕྲལ་སྡོམ་དོ་དམ་པུའུ་ཡིས་གནས་ཚུལ་སྤེལ་བར་གཞིགས་ན། ཟླ11པར་རང་རྒྱལ་གྱི་ཧྭ་པེ་དང་། ཤར་ལྷོ། ལྷོ་ནུབ་སོགས་ས་ཁུལ་ཁག་གཅིག་གི་ནགས་ཚལ་མེ་སྐྱོན་རིམ་པ་མཐོ་ཙམ་ཡོད་པ་རེད།

2.jpg

  • རང་རྒྱལ་གྱིས་བཟོས་པའི་འགྲུལ་སྐྱེལ་གྲུ་གཟིངས་ཆེ་གྲས་ཐོག་མ་དེ་ཚེས4ཉིན་དངོས་སུ་མིང་བཏགས་ནས་རྩིས་སྤྲོད་བྱ་རྒྱུ་ཡིན་པ་རེད། གྲུ་གཟིངས་ཡོངས་སུ་ཁྱོན་ཐོག་བརྩེགས20ཡོད་པ་དང་འགྲུལ་པ་མི5246སྡོད་ཆོག་པ་རེད།

  • རང་རྒྱལ་གྱི་ཚན་རིག་པས་རྣམ་པ་གསར་བའི་ཉིས་རྩེག་དབྱང་འགྱུར་རྫས་ཀྱི་ནིག་བརྒལ་འདྲེན(新型双层镍氧化物超导体)གཟུགས་ཐོག་མར་གསར་རྙེད་བྱུང་བ་དང་། འབྲེལ་ཡོད་གྲུབ་འབྲས་དངོས་ལུགས་རིག་པའི་དུས་དེབ་རྩེ་གྲ《དངོས་ལུགས་དཔྱད་གཏམ་གྱི་མྱུར་འཕྲིན》ཐོག་བཀོད་ཡོད།

  • ཚེས2ཉིན། ནང་སོག་རང་སྐྱོང་ལྗོངས་མཐོ་རིམ་མི་དམངས་ཁྲིམས་ཁང་གི་དེ་སྔའི་ཏང་ཙུའི་ཧྲུའུ་ཅི། ཡོན་ཀྲང་ཧུའུ་དབྱི་ཧྥུང་གིས་ལྐོག་རྔན་བླངས་པ་དང་ཤུགས་རྐྱེན་ལ་བརྟེན་ནས་ལྐོག་རྔན་བླངས་པའི་གྱོད་གཞིར་འདྲི་གཅོད་དང་པོའི་ཁྲིམས་ར་འཚོགས།

  • ཉེ་ཆར། པེ་ཅིང་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུས་པེ་ཅིང་ཡིའུ་སི་པོ་ཞུའེ་རིག་གནས་སྤེལ་རེས་ཚད་ཡོད་འགན་འཁྲི་ཀུང་སིས་རང་དགར་ངང་དམངས་བཙུགས་སློབ་གྲྭ་གཉེར་བའི་ཁྲིམས་འགལ་བྱེད་སྤྱོད་ལ་དམིགས་ནས་དངུལ་ཆད་སྒོར་ཁྲི1700ལྷག་ཙམ་གྱི་སྲིད་འཛིན་ཆད་པ་བཅད་པ་རེད། 

  • ཀོང་པེ་འགག་སྒོ(拱北海关)ལས་ཁུངས་ཀྱིས་གནས་ཚུལ་སྤེལ་བར་གཞིགས་ན། “ཨའོ་མོན་རླངས་འཁོར་བྱང་སྐྱོད”དང“ཤང་ཀང་རླངས་འཁོར་བྱང་སྐྱོད”སྲིད་ཇུས་དོན་འཁྱོལ་བྱས་ཚུན། རིམ་རྩིས་བྱས་ན་རྒྱལ་མཚམས་ནས་འགྲོ་འོང་བྱེད་པའི་ཤང་ཀང་དང་ཨའོ་མོན་རྟགས་ཅན་གྱི་རླངས་འཁོར་ཐེངས་གྲངས་ཁྲི100ལྷག་ཙམ་ལ་ལྟ་སྐུལ་དོ་དམ་བྱས་ཡོད།

3.jpg

  • ཧྲན་ཤིས་ཞིང་ཆེན་གྱིས་ཕིང་ཡའོ་ཐང་རྒྱལ་རབས་ཀྱི་སོ་ཕག་བརྩིགས་པའི་བང་སོའི་གནའ་རྫས་རྟོག་ཞིབ་གྲུབ་འབྲས་ཁྱབ་བསྒྲགས་བྱས་ནས་ཕིང་ཡའོ་གནའ་གྲོང་གི་ལོ་རྒྱུས་ལ་དངོས་རྫས་ཀྱི་དཔྱད་གཞི་གལ་ཆེན་མཁོ་འདོན་བྱས་ཡོད།

  • ཚེས2ཉིན་གྱི་སྔ་དྲོ་བར། ཀུའེ་ཀྲོའུ་ཚའོ་ཧའེ་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་དུ་དགུན་སྒྲོལ་ཁྲུང་ཁྲུང་སྐེ་ནག7ཐོན་པ་རེད། འདི་ནི་ད་ལོར་ཚའོ་ཧའེ(草海)སླེབས་པའི་དགུན་སྒྲོལ་ཁྲུང་ཁྲུང་སྐེ་ནག་ཁག་དང་པོ་རེད།

  • ཉེ་ཆར། ཧྥུའུ་ཅན་ཆོན་ཀྲོའུ་རུ་གུང་གསེང་གཏོང་བཞིན་པའི་མི་དམངས་ཉེན་རྟོག་པ་སུའུ་རུང་ཧྥེང་ཁྱིམ་དུ་ལོག་པའི་ལམ་བར་དུ་ཟ་ཁང་ཞིག་ལ་མེ་ཤོར་བ་མཐོང་། ཁོང་མེ་སྐྱོན་བྱུར་སར་ཐེངས་གསུམ་བསྐྱོད་དེ་མེ་ཟོན་མི་སྣར་རོགས་རམ་སྒོས་མེ་རྦད་དེ་གསོད་རོགས་བྱས་པ་རེད།

སྲིད་ཇུས།

  • མཚོ་སྔོན་གྱིས་གཉེར་སྐྱོང་བྱེད་པོ་གཞན་སྒྱུར་ཐོ་འགོད་བྱེད་པའི“དོན་དག་གཅིག་ཐེངས་གཅིག་ལ་སྒྲུབ་པ”ལག་བསྟར་བྱས་ནས་གཉེར་སྐྱོང་བྱེད་པོ་ཕྱི་རུ་གནས་སྤོ་བ་དང་ནང་དུ་གནས་སྤོ་བ། ཡིག་ཚགས་ལེགས་སྒྱུར། ཐོ་འགོད་བསྒྱུར་བ(སྙན་ཞུ)བཅས་ལྷུ་ཚིགས་བཞི་གཅིག་སྒྲིལ་སྒོས་ལྷུ་ཚིགས་གཅིག་ཏུ་གཏོང་རྒྱུ་ཁ་གསལ་བཏོན་ཡོད།

  • ཧྲང་ཧའེ་ཡིས་གཟུགས་གཞི་བདེ་ཐང་གི་ཆུ་ཚད་དེ་ཆུས་སོ་སོ་དང་སློབ་གྲྭའི་ལས་རྗེས་དཔྱད་ཞིབ་ནང་བཅུག་ནས་སློབ་གྲྭ་འབྲིང་ཆུང་གིས་སློབ་མའི་ཉིན་རེར་སློབ་གྲྭའི་ཕྱི་ནང་གི་ལུས་རྩལ་ཆུ་ཚོད་གཉིས་ལས་མི་ཉུང་བ་འགན་ལེན་བྱེད་དགོས་ཞེས་ཁ་གསལ་བཏོན་ཡོད།

  • ཧྲེན་ཀྲེན་གྱིས་ཆ་རྐྱེན་འཛོམས་པའི་རྒྱལ་ཁོངས་ཕྱི་ནང་གི་མཐོ་རིམ་ཤེས་ལྡན་མི་སྣ་ཧྲེན་ཀྲེན་དུ་ལས་ཀ་བྱེད་པ་དེ། གྲོང་ཁྱེར་དེ་གའི་མཐོ་རིམ་ཤེས་ལྡན་མི་སྣར་ཐད་ཀར་ངོས་འཛིན་བྱེད་ཆོག་པ་ཁ་གསལ་བཏོན་ཡོད།

དེ་རིང་གི་གནམ་གཤིས།

4.jpg

  • ཤིན་ཅང་པེ་ཅང་གི་ཤར་རྒྱུད་དང་། ནང་སོག་གི་ནུབ་རྒྱུད། ཀན་སུའུ་ཡི་ནུབ་རྒྱུད། བོད་ལྗོངས་ཀྱི་དབུས་རྒྱུད། མཚོ་སྔོན་གྱི་དབུས་ལྷོ་རྒྱུད། སི་ཁྲོན་ནུབ་རྒྱུད་ཀྱི་ས་མཐོའི་བྱང་རྒྱུད་སོགས་ས་ཁུལ་ཁག་གཅིག་ཏུ་ཁངས་ཆུང་བ་ནས་འབྲིང་བའམ་ཡང་ན་ཁངས་ཆར་འདྲེས་མ་འབབ་ཀྱི་རེད། ཧོ་ནན་དང་ཧྲན་ཏུང་གི་ཤར་ལྷོའི་རྒྱུད། ཅང་སུའུ་དབུས་བྱང་རྒྱུད། ཨན་ཧུའེ་དབུས་བྱང་རྒྱུད། ཧུའུ་པེ། ཁྲུང་ཆིང་། ཧུའུ་ནན། ཀུའེ་ཀྲོའུ་དབུས་ཤར་རྒྱུད། ཀོང་ཞིའི་དབུས་བྱང་རྒྱུད། སི་ཁྲོན་དབུས་རྒྱུད་སོགས་ས་ཁུལ་ཁ་ཤས་སུ་ཆར་པ་འབབ་ཀྱི་རེད། དེའི་ནང་། ཀུའེ་ཀྲོའུ་ཡི་བྱང་ཤར་རྒྱུད་དང་ཧུའུ་ནན་ནུབ་བྱང་རྒྱུད་སོགས་ས་ཁུལ་ཁ་ཤས་སུ་ཆར་པ་འབྲིང་ཙམ་འབབ་ཀྱི་རེད།


མཉམ་སྤྱོད།