དེ་རིང་ནི2025ལོའི་ཟླ05པའི་ཚེས31ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

རྐང་ཚ་རྫོང་གི་འཐུས་ཚབ་སྐབས24པའི་ཀྲུང་གོའི་དབུས་རྒྱུད་ཞིང་ལས་དངོས་མང་འགྲེམས་སྟོན་ཚོགས་འདུར་ཞུགས་པ།

2023-11-03 10:41:44   |   2708

རྩོམ་སྒྲིག སངས་རྒྱས་སྐྱིད། ཡོང་ཁུངས། རྐང་ཚ་རྫོང་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས། བཤེར་འབེབས། རིན་ཆེན་ཚེ་རིང་།


ཉེ་ཆར། རྐང་ཚ་རྫོང་གི་ཁྱད་ལྡན་ཞིང་ཕྱུགས་ཐོན་རྫས་ཀྱི་ཕྱིར་འཚོང་ཁྲོམ་ར་སྔར་ལས་རྒྱ་བསྐྱེད་དང་། ཁེ་ལས་ཀྱི་འབྲེལ་འདྲིས་དང་མཉམ་ལས་ལ་སྐུལ་འདེད་གཏོང་བ། ཐོན་ལས་གྱི་འགུལ་རྣམ་དང་མདུན་ལྗོངས་ལ་རྒྱུས་ལོན་བྱེད་པ་བཅས་ཀྱི་ཆེད་དུ། རྐང་ཚ་རྫོང་གི་འཐུས་ཚབ་ཚོགས་པས་མཐོ་སྒང་གི་ཁྱད་ཆོས་ལྡན་པའི་ཞིང་ལས་ཐོན་རྫས་དང་། རྐང་ཚའི་སྐམས་ལུག་ཤའི་ཐོན་རྫས། ཡོ་ཁྲུ་རྟགས་མའི་ནས་ཆང་སྔོན་མོ། འབྲི་མོའི་འོ་ཆང་། འོམ་ཆུའི་བཟའ་སྣུམ། ཨ་ཡ་ཁུ་ནོར་ཁུལ་བཅས་ཀྱི་ཐོན་རྫས་ཁྱེར་ཏེ་སྐབས24པའི་ཀྲུང་གོའི་དབུས་རྒྱུད་ཞིང་ལས་དངོས་མང་འགྲེམས་སྟོན་ཚོགས་འདུར་ཞུགས།

1~3.jpg

2~2.jpg

ཐེངས་འདིའི་འགྲེམས་སྟོན་ལ་ཞུགས་པ་བརྒྱུད། རྐང་ཚ་རྫོང་གི་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་དྲིལ་སྒྲོག་གང་ལེགས་བྱས་ཤིང་། ཐོན་རྫས་ཀྱི་ཞིབ་བཟོ་དང་བདག་གཉེར་དོ་དམ། ཚོང་རའི་ཕྱིར་འཚོང་སོགས་ཀྱི་ཐད་ལ་ཉམས་མྱོང་ཕུན་སུམ་ཚོགས་པ་ཐོབ་པ་མ་ཟད། ཞིང་ཆེན་གྱི་མགོ་ཁྲིད་ཀྱིས་གདེང་འཇོག་ཆེན་པོ་གནང་། དེ་ལས་གཞན་དབུས་རྒྱུད་ས་ཁུལ་གྱི་ཁེ་ལས་བར་འབྲེལ་འདྲིས་མཉམ་ལས་བྱེད་པར་ལམ་བུ་གསར་བ་བསྐྲུན་ཡོད་དོ། །


མཉམ་སྤྱོད།