དེ་རིང་ནི2025ལོའི་ཟླ05པའི་ཚེས31ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཞོགས་པའི་ཇ་ཡུན་གསར་འགྱུར།

2023-11-08 07:47:41   |   2385

སྒྲིག་སྒྱུར། སངས་རྒྱས་སྐྱིད། ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར་འཕྲིན་སྟེགས། བཤེར་འབེབས། རིན་ཆེན་ཚེ་རིང་།


གསར་འགྱུར་གལ་ཆེན།

  • ཟླ11པའི་ཚེས7ཉིན། ཞི་ཅིན་ཕིང་གིས་ཀྲུང་དབྱང་གི་ཕྱོགས་ཡོངས་ནས་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བའི་ཨུ་ལྷན་གྱི་ཚོགས་འདུ་ཐེངས་གསུམ་པ་གཙོ་སྐྱོང་གནང་དུས། མཛེས་སྡུག་ལྡན་པའི་ཀྲུང་གོ་འཛུགས་སྐྲུན་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བ་དང་། རང་བྱུང་སྒེར་སྡེམ་ལྷུ་ཚིགས་ཀྱི་ལྟ་སྐུལ་དོ་དམ་སྒྲིག་སྲོལ་དང་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་དགོས་པ་ནན་གྱིས་བསྟན།

  • 2023ལོའི་ཟླ9པའི་ཟླ་མཇུག་བར་རྒྱལ་ཡོངས་སུ་ཐོ་འགོད་བྱས་པའི་གཉེར་སྐྱོང་དུད་ཚང་དུང་ཕྱུར1.81ཟིན། དེ2022ལོའི་ལོ་མཇུག་དང་བསྡུར་ན6.7%འཕར་ཡོད།

  • ཉེ་ཆར། རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་སོགས་སྡེ་ཚན་ལྔ་ཡིས《ཕྱི་རོལ་གྱི་ལུས་རྩལ་སྒྲིག་བཀོད་འཛུགས་སྐྲུན་དང་ཞབས་ཞུ་མཐོར་འདེགས་ལ་སྐུལ་འདེད་གཏོང་བའི་ཇུས་གཞི(2023ལོ་ནས2025ལོའི་བར)》མཉམ་འབྲེལ་ཐོག་དཔར་འགྲེམས་བྱས།

  • འགག་སྒོ་སྤྱི་ཁྱབ་ཧྲུའུ་ཡི་གྲངས་གཞི་ལས་མངོན་པ་ལྟར་ན། ད་ལོའི་ཟླ་དང་པོ་ནས་བཅུ་པའི་བར་རང་རྒྱལ་གྱི་དངོས་ཟོག་ཉོ་འཚོང་གི་ཕྱིར་གཏོང་ནང་འདྲེན་གྱི་རིན་ཐང་སྡོམ་འབོར་སྒོར་དུང་ཕྱུར་ཁྲི34.32ཟིན་ཞིང་། ཕྱི་ཕྱོགས་ཉོ་འཚོང་གི་འཁོར་སྐྱོད་བརྟན་པོའི་ངང་འཕར་ཡོད།

  • རྒྱལ་ཁབ་མེ་ཟོན་རོགས་སྐྱོབ་ཅུས་གནས་ཚུལ་སྤེལ་བར་གཞིགས་ན། རང་རྒྱལ་གྱི་རྒྱལ་ཁབ་ཀྱི་ཕྱོགས་བསྡུས་རང་བཞིན་གྱི་མེ་ཟོན་རོགས་སྐྱོབ་དཔུང་ཁག་གི་མི་གྲངས་ཁྲི22བར་མང་དུ་ཕྱིན་པ་དང་། མེ་ཟོན་རོགས་སྐྱོབ་ས་ཚིགས7032ནས9657བར་མང་དུ་ཕྱིན་ཡོད།

    1.png

  • རྒྱལ་ཁབ་ནགས་ལས་རྩྭ་ཐང་ཅུ་ཡིས་ནང་སོག་རང་སྐྱོང་ལྗོངས་པཱ་ཡན་ཀྲོར་གྲོང་ཁྱེར་ཝུའུ་ལེའང་སུའུ་ཧའེ་སོགས་འདམ་ར29རྒྱལ་ཁབ་ཀྱི་འདམ་ར་གལ་ཆེན་གྱི་མིང་གཞུང་གསར་པའི་ནང་བཅུག་ཅིང་། ད་ལྟ་རང་རྒྱལ་ལ་རྒྱལ་ཁབ་ཀྱི་འདམ་ར་གལ་ཆེན58ཡོད།

  • གཙོ་གཉེར་ཕྱོགས་ཀྱི་གདན་ཞུས་ལྟར། ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་མཁའ་དམག་བརྒྱད་གཅིག་གི་འཕུར་སྐྱོད་འཁྲབ་སྟོན་རུ་ཁག་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཏུ་བསྐྱོད་དེ་ཚེས13ནས17ཉིན་བར་གཉེར་བའི་ཏི་པའེ་མཁའ་འགྲུལ་འགྲེམ་སྟོན་སྐབས་བཅོ་བརྒྱད་པར་ཞུགས་རྒྱུ་རེད།

  • ས་གནས་དེ་གའི་ཚེས5ཉིན། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཆེ་གཞོན་པ་དང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགན་འཁུར་བ་མང་པོ་ཚུད་པའི་རྒྱལ་སྤྱིའི་སྒྲིག་གཞི་དང་རྩ་འཛུགས་ཀྱི་འགན་འཁུར་བ18ཀྱིས་མཉམ་འབྲེལ་གསལ་བསྒྲགས་སྤེལ་ཏེ། ཅ་ཧྲ་ས་ཁུལ་དུ་མི་ཆོས་རིང་ལུགས་ཀྱི་དམག་མཚམས་འཇོག་རྒྱུའི་རེ་འབོད་བྱས།

སྤྱི་ཚོགས།

  • ཀྲུང་དབྱང་གནམ་གཤིས་ལས་ཁུངས་ཀྱིས་ཁངས་ཆེན་གྱི་ཉེན་བརྡ་སྔོན་པོ་ཁྱབ་བསྒྲགས་བྱས་པ་སྟེ། དེ་རིང་ལེའོ་ཉིང་གི་བྱང་རྒྱུད་དང་། ཅི་ལིན་གྱི་དབུས་རྒྱུད། ཧེ་ལུང་ཅང་གི་དབུས་རྒྱུད་ཀྱི་ལྷོ་ཕྱོགས་ས་ཁུལ་དུ་ཁངས་ཆེན་འབབ་པ་དང་ས་ཁུལ་ཁག་ཅིག་ཏུ་ཁངས་ཧ་ཅང་ཆེན་པོ་འབབ་རྒྱུ་རེད། 

  • ཚེས7ཉིན་གྱི་ཆུ་ཚོད24ནས་བཟུང་། རྒྱལ་ནང་གི་རླངས་འཁོར་དང་ཁྲའེ་སྣུམ་གྱི་རིན་གོང་ཏུན་རེར་སྒོར140དང135རེ་མར་ཆག་ཡོད།

  • 2023ལོའི་ལོ་སྨད་ཀྱི་སློབ་གྲྭ་ཆུང་འབྲིང་གི་དགེ་རྒན་གྱི་ཐོབ་ཐང་ཡིག་རྒྱུགས(ཡིག་རྒྱུགས)ཀྱི་སྐར་འབྲས་ཚེས8ཉིན་ཁྱབ་སྒྲོག་བྱ་རྒྱུ་རེད།

  • ཀྲེ་ཅང་ཞིང་ཆེན་སྲིད་གྲོས་ཀྱི་དེ་སྔའི་ཏང་ཙུའི་ཁོངས་མིའམ་ཀྲུའུ་ཞི་གཞོན་པ་ཀྲུའུ་ཚུང་ཅུས་སྒྲིག་འགལ་ཁྲིམས་འགལ་ཚབས་ཆེན་བྱས་པས། ཏང་ཁོངས་དང་གཞུང་གི་ལས་གནས་ནས་ཕྱིར་ཕུད།

  • ཀུའེ་ཀྲོའུ་ཞིང་ཆེན་སྲིད་གྲོས་ཀྱི་དེ་སྔའི་ཏང་ཙུའི་ཁོངས་མིའམ་ཀྲུའུ་ཞི་གཞོན་པ་ལི་ཙའེ་ཡུང་གིས་སྒྲིག་འགལ་ཁྲིམས་འགལ་ཚབས་ཆེན་བྱས་པས་ཏང་ཁོངས་དང་གཞུང་གི་ལས་གནས་ནས་ཕྱིར་ཕུད།

  • ཧེ་ལུང་ཅང་ཅ་མུའུ་སིའི་སྤྲོ་སྐྱིད་ཁང་ཞིག་གི་ཁང་ཀླད་རྡིབ་ནས་མི་གསུམ་རྐྱེན་ལམ་དུ་ཤོར། མིག་སྔར་སྤྲོ་སྐྱིད་ཁང་གི་འགན་འཁུར་བ་ཚོད་འཛིན་བྱས་པ་དང་། ས་གནས་དེ་གས་བརྟག་དཔྱད་ཚོགས་ཆུང་བཙུགས་ནས་བརྟག་དཔྱད་བྱས།

  • ཧུའུ་པེ་ཞང་དབྱང་གིས“སྨན་ཁང་གིས་བཙས་རྟགས་ལྐོག་འཚོང་བྱས་པའི”གནད་དོན་གྱི་བརྡ་ཁྱབ་བཏང་བ་སྟེ། དོན་རྐྱེན་དང་འབྲེལ་བ་ཡོད་པའི་སྨན་ཁང་གི་ཡོན་ཀྲང་ལ་ཉེས་དོན་བཙན་ཤེད་ཀྱི་བྱ་ཐབས་སྤྱད་ཡོད།

  • ཉིང་ཞ་ཝུའུ་ཀྲུང་ཉེན་རྟོག་ཕྱོགས་ཀྱིས་དུག་རྫས་གྱོད་གཞི་ཞིག་རྩད་ཆོད་པ་དང་། ཉེས་གསོག་དོགས་ཅན48འཛིན་བཟུང་བྱས་ཤིང་། “དགོད་སློང་དུག་རྫས”ཏུན7.2གཞུང་བཞེས་བཏང་།

    2.jpg

  • ཉེ་ཆར། རང་རྒྱལ་གྱི་དམ་དྲག་རྣམ་པའི་མྱུར་གཏོང་འཕྲུལ་ཆས་ཀྱི་སྤུས་ཤལ་དཔྱད་ཆས་ཐོག་མ་ཞིབ་བཟོ་ལེགས་འགྲུབ་བྱུང་། 

    སྲིད་ཇུས།

  • སློབ་གསོ་པུ་སོགས་སྡེ་ཚན་གྱིས་བྱ་ཐབས་བཟོ་བཅོས་བྱས་པ་དང་། ལས་རིགས་སློབ་གྲྭས་དགེ་རྒན་ཆེ་མོ་བ་དམིགས་བསལ་གདན་ཞུ་བྱེད་པ་དང་། འཆད་ཁྲིད་དགེ་རྒན་གདན་ཞུ། ཐོན་ལས་སློབ་དཔོན་གདན་ཞུ་སོགས་ཀྱི་བྱ་ཐབས་སྣ་ཚོགས་བརྒྱུད་དེ་ལས་ཞོར་དགེ་རྒན་གདན་ཞུ་བྱེད་ཆོག་ཚུལ་བསྟན།

  • ཧྲན་ཞི་ཡིས་བྱ་ཐབས་བཏོན་ནས་གསར་དུ་བསྐྲུན་པའི་སྡོད་ཁུལ་གྱི་སྔོ་ལྗང་ཁུལ་གྱི་རྒྱ་ཁྱོན་སྡོད་ཁུལ་གྱི་སྤྱིའི་རྒྱ་ཁྱོན་གྱི30%ལས་དམའ་མི་རུང་བ་བཏོན།

  • ཞུང་ཨན་ཁུལ་གསར་གྱིས་ཁེ་ལས་ཀྱིས་ནང་འདྲེན་བྱས་པའི་འཛམ་གླིང་རྩལ་ནུས་འགྲན་བསྡུར་ཆེ་མོ་དང་ཀྲུང་ཧྭའི་རྩལ་ནུས་བྱ་དགའ་ཆེན་པོ་ཐོབ་མཁན་དང་། རྒྱལ་ཡོངས་ཀྱི་ལག་རྩལ་འཇོན་ཐང་ཅན་ལ་ཁ་གསབ་སྒོར་ཁྲི20ནས་ཁྲི100བར་སྤྲོད་རྒྱུ་ཡིན་ཞེས་ཁ་གསལ་བཏོན།

    དེ་རིང་གི་གནམ་གཤིས།

 3.jpg

  • ནང་སོག་གི་བྱང་ཤར་རྒྱུད། བྱང་ཤར་ས་ཁུལ། བོད་ལྗོངས་ཀྱི་ཤར་རྒྱུད་སོགས་ཀྱི་ས་ཁུལ་ཁག་ཅིག་ཏུ་ཁངས་ཆུང་བ་ནས་འབྲིང་བའམ་ཡང་ན་ཁངས་ཆར་འདྲེས་མ་འབབ་རྒྱུ་ཡིན་པ་དང་། ལྷོ་ནུབ་ས་ཁུལ་གྱི་ཤར་རྒྱུད་དང་། ཡུན་ནན་གྱི་ལྷོ་རྒྱུད། འབྲི་ཆུའི་ལྷོ་རྒྱུད། ཧྭ་ནན་སོགས་ཀྱི་ས་ཁུལ་ཁ་ཤས་སུ་ཆར་པ་ཆུང་བ་ནས་འབྲིང་བ་འབབ་རྒྱུ་རེད། དེའི་ནང་ཧུའུ་ནན་གྱི་དབུས་རྒྱུད་དང་། ཀུའེ་ཀྲོའུ་ཡི་བྱང་ཤར་རྒྱུད། ཅང་ཞིའི་དབུས་རྒྱུད་སོགས་ཀྱི་ས་ཁུལ་ཁ་ཤས་སུ་དྲག་ཆར་ནས་དྲག་ཆར་ཆེན་པོ་འབབ་རྒྱུ་རེད།


མཉམ་སྤྱོད།