དེ་རིང་ནི2025ལོའི་ཟླ05པའི་ཚེས31ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཞོགས་པའི་ཇ་ཡུན་གསར་འགྱུར།

2023-11-13 07:38:08   |   1690

སྒྲིག་སྒྱུར། མཁའ་འགྲོ་མཚོ།   ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར་འཕྲིན་སྟེགས།    བཤེར་འབེབས། རིན་ཆེན་ཚེ་རིང་།


གསར་འགྱུར་གལ་ཆེན།

1.png

  • ཞིང་ལས་དང་གྲོང་གསེབ་པུའི་ཞིང་ལས་གནས་ཚུལ་བཀོད་གཏོང་གསར་ཤོས་ལས་མངོན་པར། རྒྱལ་ཡོངས་ཀྱི་སྟོན་འབྲུ་བསྡུ་ཚད96.2%ཟིན་པ་དང་། ཕལ་ཆེར་ལོ་ལེགས་ཆེན་པོ་བྱུང་ཡོད་པ་རེད།

  • རྒྱལ་ཁབ་སྦྲག་སྲིད་ཅུའི་གྲངས་གཞི་ལས་མངོན་པར། ཚེས11ཉིན་རྒྱལ་ཡོངས་ཀྱི་མྱུར་སྐྱེལ་ལས་སྒོའི་གྲངས་འབོར་དུང་ཕྱུར6.39ཟིན་པ་དེ་རྒྱུན་གཏན་གྱི་ལྡབ1.87ཡིན།

  • ལྕགས་ལམ་སྡེ་ཚན་གྱིས་དྲ་ཐོག་ཚོང་དོན་གྱི་ཉོ་སྒྲུབ་མང་བའི་སྐབས་ཀྱི་མྱུར་སྐྱེལ་ཞབས་ཞུ་སྤེལ་མགོ་ཚུགས་པ་ནས་བཟུང་། ཚེས1ནས་ཚེས11ཉིན་བར་ཀྲུང་གོ་ལྕགས་ལམ་གྱིས་མྱུར་སྐྱེལ་དངོས་ཟོག་ཏུན37073.3སྐྱེལ་འདྲེན་བྱས་པ་དེ་དུས་མཚུངས་ལས་26%འཕར།

  • འགག་སྒོ་སྤྱི་ཁྱབ་ཧྲུའུ་ཡིས་གནས་ཚུལ་སྤེལ་བར་གཞིགས་ན། ཟླ་དང་པོ་ནས་བཅུ་པའི་བར་རང་རྒྱལ་གྱིས་རིམ་རྩིས་བྱས་ན་ངར་ལྕགས་རྒྱུ་ཆས་ཏུན་ཁྲི7473.2ཕྱིར་གཏོང་བྱས་པ་དེ་དུས་མཚུངས་ལས34.8%འཕར།

  • རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱིས་རྒྱལ་ཁབ་དམངས་ཡོངས་ཀྱི་བདེ་ཐང་ཆ་འཕྲིན་ལས་སྟེགས་ཧ་ལམ་བསྐྲུན་ཟིན་པ་དང་ས་ཁུལ་རིམ་པའི་གྲོང་ཁྱེར204ཡི་ཞིབ་བཤེར་བྱས་འབྲས་ཕན་ཚུན་མཉམ་སྤྱོད་ཐུབ་ཡོད་པ་ཁ་གསལ་བཏོན།

  • ཀྲུང་གོ་ས་ཁམས་ཆ་འཕྲིན་ཐོན་ལས་མཐུན་ཚོགས་ཀྱི་སྙན་ཞུ་ལས་མངོན་པར། རང་རྒྱལ་གྱི་རྒྱང་ཚོར་སྲུང་སྐར་གྱི་གྲངས་འབོར་སྤུས་ཚད་ཚང་མ་འཛམ་གླིང་གི་སྔོན་ཐོན་ཆུ་ཚད་དུ་སླེབས་ཡོད་པ་རེད།

  • ཀྲུང་གོའི་དངོས་ཟོག་བསྐྱར་སྐྱེས་མཐུན་ཚོགས་ཀྱིས་གྲངས་གཞི་ཁྱབ་བསྒྲགས་བྱས་པར་གཞིགས་ན། ད་ལོའི་དུས་ཚིགས་དང་པོ་ནས་གསུམ་པའི་བར་རྒྱལ་ཡོངས་སུ་བེད་མེད་གློག་ཆས་དང་གློག་རྡུལ་ཐོན་རྫས་ཁྲི7200ལྷག་ཙམ་བཤིག་པ་རེད།

2.png

  • ཚེས12ཉིན་གྱི་མཚན་མོར། WTTརྒྱུན་སྲོལ་འགྲན་སློང་འགྲན་བསྡུར་གྱི་ཐའེ་ཡོན་ས་ཚིགས་མཇུག་འགྲིལ་བ་དང་། ས་ཚིགས་འདིའི་འགྲན་བསྡུར་ཁྲོད་རང་རྒྱལ་གྱི་ཕིང་ཕང་སྤོ་ལོའི་ཚོགས་པས་ཕོ་མོའི་མཉམ་བསྲེས་དང་། བུད་མེད་རྐྱང་འཛིན། སྐྱེས་པའི་རྐྱང་ལེན། བུད་མེད་ཀྱི་ཆ་གཉིས། སྐྱེས་པའི་ཆ་གཉིས་བཅས་རྣམ་གྲངས5ཡི་ཨང་དང་པོ་བླངས་པ་རེད།

  • ཀྲུང་གོའི་ལྷོ་སྣེའི་རྟོག་ཞིབ་ལས་འགན་ཐེངས40པ་སྒྲུབ་བཞིན་པའི་“གངས་འབྲུག་ཨང་གཉིས”རྟགས་ཅན་གྱིས་པེ་ཅིང་གི་དུས་ཚོད་ཚེས11ཉིན་གྱི་ས་སྲོད་དུ་ཕ་ཕུ་ཡ་ཞིན་ཅི་ནེ་ཡའི་ཉེ་འགྲམ་གྱི་མཚོ་ཁོངས་སུ་ཉེན་སྐྱོབ་ཞུ་བའི་གྲུ་གཟིངས་གཅིག་དང་གྲུ་པ4ལ་བདེ་བླག་ངང་རོགས་སྐྱོབ་བྱས་པ་རེད།

སྤྱི་ཚོགས།

  • ཀྲུང་དབྱང་གནམ་གཤིས་ལས་ཁུངས་ཀྱིས་སྔོན་དཔག་བྱས་པ་ལྟར་ན། ཚེས15ནས17ཉིན་བར་རང་རྒྱལ་གྱི་ས་ཁུལ་མང་ཆེ་བའི་དྲོད་ཚད་སྔ་རྗེས་སུ4~6℃མར་ཆག་རྒྱུ་ཡིན་པ་དང་། བྱང་ཤར་ས་ཁུལ་ཁ་ཤས་ཀྱི་དྲོད་ཚད་མར་ཆག་ཚད8~10℃ལ་སླེབས་རྒྱུ་རེད།

  • སློབ་གསོ་པུས་སློབ་གྲྭ་ཆུང་འབྲིང་གི་སློབ་མའི་ཞབས་བྲོ་སོགས་ལུས་རྩལ་སྒྱུ་རྩལ་རིགས་ཀྱི་སློབ་ཕྱིའི་གསོ་སྦྱོང་ལ་དམིགས་ནས་བདེ་འཇགས་དྲན་སྐུལ་བཏང་སྟེ། ཕྲུ་གུས་སྔ་དྲགས་ནས་གཟུགས་པོར་སྦྱོང་བརྡར་བྱས་ཚེ་གནོད་འཚེ་ཕོག་ཉེན་ཆེ་བ་ཡིན།

  • ཧུའུ་པེ་ཞང་དབྱང་གིས་ཅན་ཆའོ་སྨན་ཁང་གི“སྐྱེས་པའི་གསོ་རིག་གི་དཔང་ཡིག་ལྐོག་འཚོང་བྱེད་པའི”དོན་རྐྱེན་ལ་བརྟག་དཔྱད་དང་ཐག་གཅོད་བྱས་ཚུལ་བརྡ་ཁྱབ་བཏང་བ་དང་། ཡེ་ག་གེ་མོ་ཀྲི་སོགས་མི6འཛིན་བཟུང་བྱས་པ་རེད།

  • རང་རྒྱལ་གྱི་ཚན་ཞིབ་ཚོགས་པས་ཀལ་ཐེ་གཏེར་ཡོངས་ཀྱི་ཉི་ནུས་གློག་རྫས་ཀྱི་ནུས་པ་མཐོ་རུ་གཏོང་བའི་ཐབས་ལམ་གསར་པ་ཞིག་རྙེད་དེ།འབྲེལ་ཡོད་ཞིབ་འཇུག་གྲུབ་འབྲས་ཉེ་ཆར《རང་བྱུང》དུས་དེབ་ཐོག་བཏོན་པ་རེད།

  • འཛམ་གླིང་ཐོག་གི་གཏིང་ཚད་སྨི7000ལྷག་ཙམ་གྱི་མུ་ཟི་འདུས་པའི་སྐྱེ་དངོས་བྲག་རྡོའི་རླངས་ཞིང་ཆེན་པོ་ཐོག་མ་སྟེ། སི་ཁྲོན་ཡོན་ཆུ་རགས་རླངས་ཞིང་དེ་སྔོན་དཔག་བྱས་ན་ས་གཤིས་གསོག་ཚད་སྨི་རྒྱ་དཔངས་གྲུ་བཞི་མ་དུང་ཕྱུར400ལྷག་ཙམ་གསར་དུ་རྩད་ཆོད་ཐུབ་རྒྱུ་རེད།

3.png

  • སྤྱི་བདེ་ལས་ཁུངས་ཀྱིས་འབར་མའི་བྱང་ཕྱོགས་ཀྱི་ཀུའོ་ཀན་རང་སྐྱོང་ལྗོངས་གློག་འཕྲིན་དྲ་རྒྱའི་ཁ་བསླུས་ཉེས་གསོག་ཚོགས་པའི་མགོ་གཙོ་གལ་ཆེན་མིང་ཞུའེ་ཁྲང་དང་། མིང་གོ་ཕིང་། མིང་ཅུས་ལན། མིང་ཀྲེན་ཀྲེན་བཅས་ཡོངས་བསྒྲགས་སུ་འཛིན་བཟུང་བྱེད་པའི་བཀའ་རྒྱ་བཏང་།

  • ཉེ་ཆར་ཧྲེན་ཀྲེན་སྦྲག་སྲིད་ཅུས་འགག་སྒོས་སྤ་སེ་གཅིག་གི་བརྒྱུད་འདྲེན་དངོས་ཟོག་ཁྲོད་འཁྱགས་དུག་ཁེ1301.1རྩད་ཆོད་པ་རེད།

4.png

  • ཧོ་ནན་ལུའོ་དབྱང་གི་སྐྱེ་པ་གཞོན་ནུ་ཞིག་གིས་ཉ་འཛིན་སྐབས་སེམས་ཆུང་མ་བྱས་པར་ཆུ་ནང་དུ་ལྷུང་བ་དང་། ཉེན་ཁ་ཆེ་བའི་འགག་རྩའི་དུས་སུ། གུང་གསེང་གཏོང་བཞིན་པའི་མེ་ཤུགས་འཕུར་མདའི་དམག་དཔུང་ཞིག་གི་འཐབ་འཛིང་པ་ཁྲུའུ་ཞི་ཡིས་འཕྲལ་མར་ཆུ་ནང་དུ་མཆོངས་ནས་མི་བསྐྱབས་པ་དང་། མཐར་ཆུར་ལྷུང་མཁན་རྒྱལ་ཁའི་ངང་བསྐྱབས།

སྲིད་ཇུས།

  • ཧྲན་ཞིས་བྱེད་ཐབས་བཏོན་ནས་བེད་མེད་འཕྲུལ་སྒུལ་འཁོར་ལོའི་རིགས་ཚུར་བསྡུ་བེད་སྤྱོད་ཀྱི་མ་ལག་འཐུས་ཚང་དུ་བཏང་སྟེ། རྙིང་ཚབ་གསར་བརྗེ་དང་བེད་མེད་གསར་སྒྱུར་བྱེད་མཁན་གྱི་འཛད་སྤྱོད་པར་རླངས་འཁོར་གསར་པ་ཉོ་བའི་ཁ་གསབ་སྒོར་མོ་སྤྲོད་རྒྱུ་རེད།

  • སི་ཁྲོན་གྱིས་བསམ་འཆར་ཁྱབ་བསྒྲགས་བྱས་པར་གཞིགས་ན། སང་ལོའི་ཟླ1ཚེས1ཉིན་ནས་བཟུང་ཞིང་ཆེན་ཡོངས་སུ་གཞི་རྩའི་སྨན་བཅོས་འགན་བཅོལ་སྙོམས་སྒྲིག་མ་དངུལ་གྱི་རྣམ་པ་ཞིང་ཆེན་རིམ་པའི་སྤྱི་འདོམས་ལག་བསྟར་བྱ་རྒྱུ་རེད།

  • ཅང་སུའུ་ཡིས་ཡིག་ཆ་བཀྲམ་ནས་བྱིས་པ་དང་གཞོན་ནུ་ལོ་ཆུང་གི་རྒྱང་སྒྲིབ་སྔོན་འགོག་ཚོད་འཛིན་ལས་དོན་གྱི་འགན་འཁྲི་ཁ་གསལ་བཏོན་ཏེ། སློབ་གྲྭ་ཆུང་འབྲིང་གིས་སློབ་གྲྭའི་ནང་ནས་དུས་ཚོད་གཅིག་གི་རིང་ཕྱི་རོལ་གྱི་བྱེད་སྒོའི་བླང་བྱ་དོན་འཁྱོལ་ནན་པོ་བྱེད་དགོས་པའི་བླང་བྱ་བཏོན།

དེ་རིང་གི་གནམ་གཤིས།

5.png

  • ཞིན་ཅང་བྱང་རྒྱུད་ཀྱི་བྱང་ཕྱོགས་སོགས་ས་ཁུལ་ཁ་ཤས་སུ་ཁ་བ་ཆུང་བ་དང་ཁངས་ཆར་འདྲེས་མ་འབབ་རྒྱུ་ཡིན་པ་དང་། ས་ཁུལ་ཁ་ཤས་སུ་ཁ་བ་འབྲིང་བ་ནས་ཁ་བ་ཆེན་པོ་འབབ་རྒྱུ་ཡིན། ལྷོ་ནུབ་ས་ཁུལ་མང་ཆེ་བ་དང་། འབྲི་ཆུའི་ལྷོ་རྒྱུད་ཀྱི་ནུབ་རྒྱུད། ཧྭ་ལྷོའི་དབུས་ནུབ་རྒྱུད་དང་ཐའེ་ཝན་གླིང་ཕྲན་སོགས་ས་ཁུལ་ཁ་ཤས་སུ་ཆར་པ་ཆུང་བ་ནས་འབྲིང་བ་དང་། ས་ཁུལ་ཁ་ཤས་སུ་ཆར་པ་ཆེན་པོ་འབབ་རྒྱུ་ཡིན།


མཉམ་སྤྱོད།