དེ་རིང་ནི2025ལོའི་ཟླ05པའི་ཚེས31ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཞོགས་པའི་ཇ་ཡུན་གསར་འགྱུར།

2023-11-15 07:48:08   |   2278

སྒྲིག་སྒྱུར། མཁའ་འགྲོ་མཚོ།   ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར་འཕྲིན་སྟེགས།   བཤེར་འབེབས། རིན་ཆེན་ཚེ་རིང་། 


གསར་འགྱུར་གལ་ཆེན།

  • ཟླ11ཚེས14ཉིན་གྱི་མཚན་མོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་ཆེད་གཏོང་གནམ་གྲུར་བཞུགས་ནས་པེ་ཅིང་ནས་ཞལ་གྱེས་ཏེ། ཨ་རིའི་ཙུང་ཐུང་པའེ་ཏེང་གི་གདན་ཞུས་ལྟར་ཨ་རིའི་ཅིའུ་ཅིན་ཧྲན་དུ་ཀྲུང་ཨའི་གཙོ་བདག་མཇལ་འཛོམས་གནང་བར་ཕེབས་ཤིང་། ཆབས་ཅིག་ཏུ་གདན་ཞུས་ལྟར་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོ་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་མགོ་ཁྲིད་པའི་དངོས་གཞི་མིན་པའི་ཚོགས་འདུ་ཐེངས་སུམ་ཅུ་པར་ཞུགས།

  • ཚེས14ཉིན་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ངོགས་གཉིས་ཀྱི་ཁེ་ལས་མཁས་ཅན་གྱི་དབུ་ཚོགས་གཉེར་ནས་ལོ་འཁོར10ལོན་པའི་ལོ་ཚོགས་ལ་རྟེན་འབྲེལ་འཕྲིན་ཡིག་སྤྲིངས།

1.jpg

  • ཞིང་ལས་དང་གྲོང་གསེབ་པུའི་ཞིང་ལས་གནས་ཚུལ་བཀོད་གཏོང་གསར་ཤོས་ལས་མངོན་པར།རྒྱལ་ཡོངས་ཀྱི་སྟོན་དགུན་འདེབས་འཛུགས་མཇུག་འགྲིལ་ཞིང་། དགུན་གྲོ་བཅུ་ཆ་དགུ་དང་ཕྱེད་ཀ་ལྷག་ཙམ་བཏབ་ཡོད་པ་རེད།

  • ཁྲོམ་རའི་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུ་ཡིས་གྲངས་གཞི་ཁྱབ་བསྒྲགས་བྱས་པར་གཞིགས་ན། དུས་ཚིགས་དང་པོ་ནས་གསུམ་པའི་བར་རྒྱལ་ཡོངས་སུ་དམངས་གཉེར་ཁེ་ལས་ཁྲི706.5གསར་དུ་བཙུགས་པ་དེ་དུས་མཚུངས་ལས15.3%འཕར་ཡོད།

  • རྒྱལ་ཁབ་ནུས་རྒྱུ་ཅུའི་གྲངས་གཞི་ལས་མངོན་པར།ཟླ་དགུ་པའི་ཟླ་མཇུག་བར་རང་རྒྱལ་གྱི་ཁྱིམ་སྤྱོད་འོད་ཤུགས་གློག་འདོན་འཕྲུལ་འཁོར་ནས་གློག་འདོན་ཚད་སྟོང་ཝ་དུང་ཕྱུར1ལས་བརྒལ་ཞིང་། ཞིང་དུད་ལ་ཁྱབ་ཚད་ཁྲི500ལས་བརྒལ་ཡོད་པ་རེད།

  • འགྲིམ་འགྲུལ་སྐྱེལ་འདྲེན་པུས་གནས་ཚུལ་སྤེལ་བར་གཞིགས་ན། ད་ལོའི་ཟླ་དང་པོ་ནས་དགུ་པའི་བར་རང་རྒྱལ་གྱི་གྲུ་ཁར་དོས་སྒམ་མཚོ་ཐོག་ལྕགས་ལམ་མཉམ་འདྲེན་བྱེད་ཚད་དུས་མཚུངས་ལས14.7%འཕར་ཡོད།

  • བཟོ་འཕྲིན་པུ་སོགས་སྡེ་ཚན་བརྒྱད་ཀྱིས་བརྡ་ཐོ་བཏང་སྟེ། པེ་ཅིང་སོགས་གྲོང་ཁྱེར15ནས་ཐོག་མར་སྤྱི་པའི་ཁྱབ་ཁོངས་ཀྱི་རླངས་འཁོར་ཕྱོགས་ཡོངས་ནས་གློག་ཤུགས་ཅན་གྱི་སྔོན་སྐྱོད་ཁུལ་བྱེད་པར་ཚོད་ལྟ་བྱེད་མགོ་བཙུགས་པ་རེད།

  • ཚེས14ཉིན་ཕྱི་འབྲེལ་པུའི་མགྲིན་ཚབ་པས་ཕྱོགས་མང་པོས་འབད་བརྩོན་བྱས་པ་བརྒྱུད་ཀྲུང་གོ་ཕྱོགས་ཀྱི་འབྲེལ་ཡོད་མི་སྣ་ཚང་མ་ཉིན་ཤས་གོང་ཅ་ཧྲ་ནས་བདེ་འཇགས་ངང་ཁ་བྲལ་པ་ཡིན་ཞེས་བཤད།

  • ཀའོ་ཧྲེང་དང་དབྱིན་སོགས་ཕྱི་རྒྱལ་གྱི་མ་དངུལ་དངུལ་རྩའི་སྒྲིག་གཞིས་ཉེ་ཆར་སྙན་ཞུ་ཁྱབ་བསྒྲགས་བྱས་ཏེ། 2024ལོར་ཀྲུང་གོའི་དཔལ་འབྱོར་རྒྱུན་མཐུད་ངང་འཕར་ནས་ཇེ་ལེགས་སུ་འགྲོ་བཞིན་ཡོད་པའི་སྔོན་དཔག་བྱས་ཡོད།

སྤྱི་ཚོགས།

  • ཀྲུང་དབྱང་གནམ་གཤིས་ལས་ཁུངས་ཀྱིས་སྔོན་དཔག་བྱས་པ་ལྟར་ན། དེ་རིང་ནས་ཚེས17ཉིན་བར་མཁའ་རླུང་གྲང་མོའི་ཤུགས་རྐྱེན་ཐེབས་པའི་དབང་གིས་ནུབ་བྱང་ས་ཁུལ་གྱི་དབུས་ཤར་རྒྱུད་དང་། ལྷོ་ནུབ་ས་ཁུལ་གྱི་ཤར་རྒྱུད་དང་ལྷོ་རྒྱུད། རང་རྒྱལ་གྱི་དབུས་ཤར་རྒྱུད་ཀྱི་ས་ཁུལ་མང་ཆེ་བའི་དྲོད་ཚད་སྔ་རྗེས་སུ4~6℃ཆག་རྒྱུ་ཡིན།

  • ཆུ་བེད་པུས་གནས་ཚུལ་སྤེལ་བར་གཞིགས་ན། ཚེས14ཉིན་ནས་བཟུང་རྨ་ཆུ་དེ2023ལོ་ནས2024ལོའི་ལོ་འཁོར་གྱི་འབྲུབ་དུས་སུ་དངོས་སུ་སླེབས་ཡོད་པ་ཡིན།

  • ཚེས13ཉིན་བར་ལྷོ་ཆུ་བྱང་འདྲེན་གྱི་དབུས་རྒྱུད་ལས་གྲྭའི་ཆུ་འདྲེན་ཚད་སྨི་རྒྱ་དཔངས་གྲུ་བཞི་དུང་ཕྱུར600ལས་བརྒལ་ཞིང་། ཐད་ཀར་ཕན་པ་ཐོབ་པའི་མི་འབོར་དུང་ཕྱུར1.08ལས་བརྒལ་ཡོད་པ་རེད།

2.jpg

  • ཚེས14ཉིན་ཀྲུང་གོའི་མཚོ་སྣུམ་གྱིས་གནས་ཚུལ་སྤེལ་བར་གཞིགས་ན། རང་རྒྱལ་གྱི་པོ་ཧའེ་རྒྱ་མཚོའི་སྨི་རྒྱ་དཔངས་གྲུ་བཞི་དུང་ཕྱུར་སྟོང་གི་རླངས་ཞིང་ཆེན་པོ་དང་པོ་སྟེ། པོ་ཀྲུང19-6རླངས་ཞིང་གི་གསར་སྤེལ་རྣམ་གྲངས་དང་པོ་བདེ་བླག་ངང་ཐོན་སྐྱེད་བྱེད་མགོ་ཚུགས།

  • དྲ་དམངས་ཀྱིས་སྲིད་དོན་ཚོམས་ཆེན་གྱི་ཉིན་དགུང་སྒོ་མི་ཕྱེ་བ་ཞུ་བ་དེར། ཧེ་ལུང་ཅང་ཝུའུ་ཁྲང་གྲོང་ཁྱེར་གྱིས་ལས་ཀའི་ཉིན་གུང་གི་ངལ་གསོའི་དུས་ཚོད་ལ་ཞབས་ཞུ་རྒྱུན་ཆད་མེད་པར་འགན་ལེན་བྱས་ཡོད་པ་ཞེས་དག་ཐེར་ཨ་ལན་བསློགས།

3.jpg

  • ཅང་ཞི་ལུའུ་ཧྲན་གྱིས་ཉིན་ཤས་གོང་རྣམ་པ་མཐོང་དཀོན་པའི་ཤ་མོའི་མིག་གི་འབུ་ཕྲའི་རིགས་ཆེ་གྲས་ཤིག་ཤེས་རྟོགས་བྱུང་ཞིང་། རང་རྒྱལ་དུ་ཟིན་ཐོ་ཐོག་མར་ཤེས་རྟོགས་བྱུང་ཡོད་པ་རེད།

  • སི་ཁྲོན་ཏའོ་གྲོང་ཁྱེར་ཕི་ལུའོ་གནའ་ཤུལ་གྱི་གནའ་རྫས་རྟོག་ཞིབ་ལ་གྲུབ་འབྲས་གལ་ཆེན་ཐོབ་པ་དང་སྟ་རེ་སོགས་ཨང་གྲངས3000ལྷག་ཙམ་གྱི་དམར་དཔེ་ཐོན་ཡོད་པ་རེད།

སྲིད་ཇུས།

  • ཧོ་ནན་གྱིས་བྱེད་ཐབས་བཏོན་ཏེ། ཆ་རྐྱེན་འཛོམས་པའི་ཁེར་གཉེར་ཁྱིམ་དུད་ཀྱིས་ཁང་པའི་ཕྱི་རོལ་གྱི་གཉེར་སྐྱོང་བྱེད་ཡུལ་འོས་འཚམ་རྒྱ་ཆེར་གཏོང་བ་དང་གཉེར་སྐྱོང་དུས་ཚོད་ཇེ་རིང་དུ་གཏོང་ཆོག་ཚུལ་བསྟན།

  • ཡུན་ནན་གྱིས་བསམ་འཆར་ཁྱབ་བསྒྲགས་བྱས་ནས་རྣམ་གྲངས་བཙུགས་པའི་གྲོང་གསེབ་དར་རྒྱས་ཐོན་ལས་ཀྱི་འགག་རྩའི་ལག་རྩལ་འདུས་གྲུབ་དཔེ་སྟོན་རྣམ་གྲངས་ལ་རྣམ་གྲངས་རེར་འགྲོ་གྲོན་མཐོ་ཤོས་སྒོར་ཁྲི200ཡི་རྒྱབ་སྐྱོར་བྱེད་ཆོག་པ་གཏན་འབེབས་བྱས།

  • ཀོང་ཀྲོའུ་ཡིས་བརྡ་ཐོ་བཏང་སྟེ། སྡོད་ཁང་སྤྱི་གསོག་མ་དངུལ་གྱིས“ཁང་པ་ཁས་ལེན་བྱེད་པ་ལས་དངུལ་བུན་ཁས་ལེན་མི་བྱེད”པའི་རྩ་དོན་ལག་བསྟར་བྱེད་པ་དང་། སྡོད་ཁང་ཐོག་མའི་སྤྱི་གསོག་མ་དངུལ་གྱི་དངུལ་བུན་དམའ་ཤོས་ཀྱི་དངུལ་སྤྲོད་བསྡུར་ཚད་དེ20%ཡིན་པ་རེད།

དེ་རིང་གི་གནམ་གཤིས།

4.jpg

  • ནུབ་བྱང་ས་ཁུལ་གྱི་དབུས་རྒྱུད་དང་བྱང་ཤར་རྒྱུད། ནང་སོག་གི་དབུས་རྒྱུད་དང་བྱང་ཤར་རྒྱུད། ཧྭ་བྱང་གི་ནུབ་རྒྱུད་དང་བྱང་རྒྱུད། ཁྲོན་ནུབ་ས་མཐོའི་བྱང་རྒྱུད། བོད་ལྗོངས་ཀྱི་བྱང་ཤར་རྒྱུད་སོགས་ས་ཁུལ་ཁ་ཤས་སུ་ཁ་བ་ཆུང་བ་ནས་འབྲིང་བའམ་ཡང་ན་ཁངས་ཆར་འདྲེས་མ་འབབ་རྒྱུ་ཡིན་པ་དང་ས་ཁུལ་ཁ་ཤས་སུ་ཁ་བ་ཆེན་པོ་འབབ་རྒྱུ་ཡིན། ནུབ་བྱང་ས་ཁུལ་གྱི་ཤར་ལྷོའི་རྒྱུད་དང་། ཧོ་ནན་གྱི་ས་ཆ་མང་ཆེ་བ། ཧུའུ་པེའི་ས་ཆ་མང་ཆེ་བ། ཧུའུ་ནན་གྱི་ས་ཆ་མང་ཆེ་བ། ལྷོ་ནུབ་ས་ཁུལ་གྱི་ཤར་རྒྱུད། ཡུན་ནན་གྱི་ལྷོ་རྒྱུད་སོགས་ས་ཁུལ་ཁ་ཤས་སུ་ཆར་པ་འབབ་པ་དང་ས་ཁུལ་ཁ་ཤས་སུ་ཆར་པ་འབྲིང་བ་འབབ་རྒྱུ་ཡིན།


མཉམ་སྤྱོད།