དེ་རིང་ནི2024ལོའི་ཟླ12པའི་ཚེས22ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས། 地名pdf

ཞོགས་པའི་ཇ་ཡུན་གསར་འགྱུར།

2023-11-16 07:26:59   |   2084

སྒྲིག་སྒྱུར། མཁའ་འགྲོ་མཚོ།   ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར་འཕྲིན་སྟེགས།   བཤེར་འབེབས། རིན་ཆེན་ཚེ་རིང་། 


གསར་འགྱུར་གལ་ཆེན།

1.jpg

  • ས་གནས་དེ་གའི་དུས་ཚོད་ཟླ11ཚེས14ཉིན་གྱི་ཕྱི་དྲོ། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་ཆེད་གཏོང་གནམ་གྲུར་བཞུགས་ནས་ཨ་རིའི་ཅིའུ་ཅིན་ཧྲན་དུ་ཕེབས་འབྱོར་ཟིན་ཞིང་། གདན་ཞུས་ལྟར་ཨ་རིའི་ཙུང་ཐུང་པའེ་ཏེང་དང་ཀྲུང་ཨའི་གཙོ་བདག་མཇལ་འཛོམས་གནང་། ཆབས་ཅིག་ཏུ་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོ་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་མགོ་ཁྲིད་པའི་དངོས་གཞི་མིན་པའི་ཚོགས་འདུ་ཐེངས་སུམ་ཅུ་པར་ཞུགས་པ་ཡིན།

  • ས་གནས་དེ་གའི་དུས་ཚོད་ཟླ11ཚེས15ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཨ་རིའི་ཅིའུ་ཅིན་ཧྲན་གྱི་ཧྥེ་ལོ་ལི་གཞིས་ཀར་ཨ་རིའི་ཙུང་ཐུང་པའེ་ཏེང་དང་ཀྲུང་ཨའི་གཙོ་བདག་མཇལ་འཛོམས་གནང་བ་རེད།

  • ཟླ11ཚེས16ཉིན་པར་སྐྲུན་བྱས་པའི《བདེན་འཚོལ》དུས་དེབ་ཐེངས22པའི་སྟེང་དུ། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གི་གསུང་རྩོམ་གལ་ཆེན་ཏེ《སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་སྐུལ་འདེད་གཏོང་བར་འབྲེལ་བ་གལ་ཆེན་འགའ་ཐག་གཅོད་ཡག་པོ་བྱེད་དགོས》ཞེས་པ་སྤེལ་རྒྱུ་ཡིན།

  • རྒྱལ་ཁབ་སྡོམ་རྩིས་ཅུ་ཡིས་གནས་ཚུལ་སྤེལ་བར་གཞིགས་ན། ཟླ་བཅུ་པར་གཞི་ཁྱོན་ཡན་གྱི་བཟོ་ལས་ཀྱི་འཕར་ཐང་དུས་མཚུངས་ལས4.6%འཕར་ཡོད། རྒྱལ་དམངས་དཔལ་འབྱོར་རྒྱུན་མཐུད་ངང་སླར་གསོ་དང་ཇེ་ལེགས་སུ་ཕྱིན་པ་དང་། དམིགས་ཚད་གཙོ་བོ་རྒྱུན་མཐུད་ངང་ལེགས་སུ་ཕྱིན་པ། དཔལ་འབྱོར་འཁོར་སྐྱོད་སྤྱིའི་ཆ་ནས་བརྟན་པོ་བྱུང་ཡོད་པ་ཡིན།

  • ནོར་སྲིད་པུའི་གྲངས་གཞི་ལས་མངོན་པར། ད་ལོའི་ཟླ་དང་པོ་ནས་བཅུ་པའི་བར་རྒྱལ་ཡོངས་ཀྱི་སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་ཡོང་འབབ་དུས་མཚུངས་ལས8.1%འཕར་ཡོད།

  • ཚེས15ཉིན་རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་སོགས་སྡེ་ཚན14ཡིས་ཇུས་གཞི་ཁྱབ་བསྒྲགས་བྱས་ཏེ། 2030ལོར་སླེབས་དུས་རྒྱལ་ཡོངས་ཀྱི་སྙིང་ཀླད་ཁྲག་རྩའི་ནད་གཞི་ཕྱོགས་བསྡུས་སྔོན་འགོག་ཚོད་འཛིན་དང་སྔ་ཙམ་སྨན་བཅོས་བྱེད་པའི་མ་ལག་འཛུགས་དགོས་ཞེས་བཏོན་ཡོད།

  • ཉེ་ཆར་སློབ་གསོ་པུས་བརྡ་ཐོ་བཏང་སྟེ། རྒྱལ་ཡོངས་སློབ་མའི་སེམས་ཁམས་བདེ་ཐང་ལས་དོན་བློ་འདྲི་ཨུ་ལྷན་བཙུགས་ནས་སློབ་ལོ་རེར་སློབ་གྲྭ་ཆེ་འབྲིང་ཆུང་གསུམ་གྱི་སློབ་མའི་སེམས་ཁམས་བདེ་ཐང་གནས་ཚུལ་ལ་དཔྱད་དཔོག་ཐེངས་གཅིག་བྱ་རྒྱུ་ཡིན།

  • ཚེས15ཉིན། ཅི་ལི་པ་སིར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་ཁང་གིས་ཆ་འཕྲིན་ཁྱབ་བསྒྲགས་བྱས་ཏེ། ཅི་ལི་པ་སིས་ཀྲུང་གོར་ཐོངས་མཆན་འགོད་མི་དགོས་པའི་སྲིད་ཇུས་དངོས་སུ་དོན་འཁྱོལ་ལག་བསྟར་བྱས་པ་རེད།

སྤྱི་ཚོགས། 

  • རྒྱལ་ཁབ་ནུས་རྒྱུ་ཅུ་ཡིས་གནས་ཚུལ་སྤེལ་བར་གཞིགས་ན། ད་ལོའི་ཟླ་དང་པོ་ནས་བཅུ་པའི་བར་སྤྱི་ཚོགས་ཡོངས་ཀྱི་གློག་སྤྱོད་ཚད་རིམ་རྩིས་བྱས་ན་སྟོང་ཝ་ཆུ་ཚོད་དུང་ཕྱུར76059ཟིན་པ་དེ་དུས་མཚུངས་ལས་5.8%འཕར་ཡོད།

  • རྒྱལ་ཁབ་གློག་བརྙན་ཅུ་ཡིས་གནས་ཚུལ་སྤེལ་བར་གཞིགས་ན། ཚེས14ཉིན་བར། 2023ལོའི་གློག་བརྙན་གྱི་སྤ་སེ་བཙོང་ཚད་སྡོམ་འབོར་སྒོར་དུང་ཕྱུར500ལས་བརྒལ་ཡོད་པ་རེད།

2.png

  • ཀྲུང་གོ་མི་དམངས་དངུལ་ཁང་གིས་ཚེས17ཉིན་ཀྲུང་གོའི་ཅ་ཁྲེན(འབྲུག)ལོའི་རྩ་ཆེའི་ལྕགས་རིགས་ཀྱི་དྲན་རྟེན་དངུལ་ལོར་ཆ་ཚང་ཞིག་འགྲེམ་སྤེལ་བྱ་རྒྱུ་གཏན་འཁེལ་བྱས་པ་རེད།

3.jpg

  • ཚེས15ཉིན། ཀྲུང་གོ་རྡོ་སྣུམ་རྫས་འགྱུར“ས་འོག་གཏིང་ཟབ་རྟགས་ཅན་དང་པོ”ཡི་མཆོང་སྐྱོད་ཁྲོན3-3XCཡིས་ས་འོག་གི་སྨི9432ནས་ཐོན་མཐོའི་སྣུམ་གྱི་རླུང་རྒྱུན་ཐོབ་པ་དང་གཏིང་ཟབ་ཚད་དེས་ཀྱང་མིག་སྔའི་ཨེ་ཤེ་ཡའི་ཁྲོན་པ་ཟབ་ཤོས་ཀྱི་ཟིན་ཐོ་བཏོད་ཡོད།

  • ཚེས15ཉིན་ནི་པེ་ཅིང་དངུལ་འཛིན་ཉོ་ཚོང་ཁང་གིས་ཚོང་ར་བཙུགས་ནས་ལོ་འཁོར་གཉིས་ལོན་པ་ཡིན། ལོ་གཉིས་རིང་པེ་ཅིང་ཉོ་ཚིང་སུའོ་ཡི་ཁྲོམ་རའི་རིན་ཐང་སྡོམ་འབོར་སྒོར་དུང་ཕྱུར2800ལས་བརྒལ་ཞིང་། མཐོ་གསར་ལག་རྩལ་ཁེ་ལས་ཀྱིས་བཅུ་ཆ་དགུ་ལྷག་ཙམ་བཟུང་ཡོད།

  • ཚེས15ཉིན་རྒྱལ་ཁབ་ཀྱི་གཙོ་གནད་ནུས་རྒྱུའི་རྣམ་གྲངས་དང་རང་རྒྱལ་གྱི་བྱང་སྣེའི་ཉིང་རྡུལ་གློག་ཁང་ཀྲུང་ཉིང་ཚོགས་པ་ཞུས་ཏ་པའོ་ཉིང་རྡུལ་གློག་ཁང་གི་འཕྲུལ་ཚན་དང་པོའི་ཉིང་རྡུལ་གླིང་ཕྲན་ལས་གྲྭ་ལས་མགོ་ཚུགས་པ་རེད།

  • ཧྲའན་ཞིའི་ཉེན་རྟོག་ཕྱོགས་ཀྱིས་ཉིན་ཤས་གོང“དྲ་རྒྱའི་ཆུ་དམག”གི་ཁ་བསླུས་གྱོད་གཞི་ཚབས་ཆེན་ཞིག་རྩད་ཆོད་པ་དང་མི128ཉེས་དོན་བཀག་ཉར་བྱས་པ་རེད།

  • ཚེས15ཉིན་སི་ཁྲོན་པ་ཀྲུང་ནན་ཅང་རྫོང་གིས“ལོ་ངོ1400རིང་གི་མའོ་ཡཱ་སྐུ་བརྙན་བྱུགས་པའི”དོན་རྐྱེན་ལ་ལན་བཏབ་སྟེ། གནས་ཚུལ་དངོས་དང་མཐུན་པ་དང་སྤྱི་བདེ་ལས་ཁུངས་ཀྱིས་ཁྲིམས་ལྟར་བརྟག་དཔྱད་བྱེད་བཞིན་ཡོད་ཞེས་བཤད་པ་ཡིན།

4.jpg

  • ཚེས15ཉིན་ཉིང་པོ་གྲོང་ཁྱེར་དགེ་སྒྲུབ་སྤྱི་ཁྱབ་ཚོགས་པར་ལོ25བསྟུད་མར་མིང་མ་བཀོད་པའི་གཅེས་སེམས་མི་སྣས་ཞལ་འདེབས་བརྒྱབ་པ་རིམ་རྩིས་བྱས་ན་ཞལ་འདེབས་དངུལ་སྒོར་ཁྲི1577ཟིན་ཡོད།

སྲིད་ཇུས། 

  • ཧྲན་ཏུང་གིས་བསམ་འཆར་པར་འགྲེམས་བྱས་ཏེ། སྒེར་གྱི་ལས་གཏོད་ཁག་ཐེག་དངུལ་བུན་རེ་ཞུའི་ཆ་རྐྱེན་དང་མཐུན་ཚེ་མཐོ་ཤོས་ལ་སྒོར་ཁྲི50ཡི“ལས་གཏོད་འཕར་སྣོན་དངུལ་བུན་”རེ་ཞུ་བྱེད་ཆོག་ཚུལ་བསྟན།

  • ཧོ་ནན་གྱིས་བྱེད་ཐབས་བཏོན་ནས་དམག་ཁོངས་ནས་ཕྱིར་ཡོང་བའི་དམག་མི་དང་ཕ་ཡུལ་དུ་ལོག་པའི་ཞིང་པ་ལས་མི་སོགས་ཀྱིས་ཁེར་རྐྱང་གཉེར་སྐྱོང་ཐེངས་དང་པོ་བྱས་པ་མ་ཟད། རྒྱུན་གཏན་གཉེར་སྐྱོང་ལོ་གཅིག་ཡན་བྱས་རིགས་ལ་གཏན་འབེབས་ལྟར་ཐེངས་གཅིག་རང་བཞིན་གྱི་ལས་གཉེར་ཁ་གསབ་སྒོར5000སྤྲོད་རྒྱུ་ཡིན།

  • ལེའོ་ཉིང་ཧྲེན་དབྱང་གིས་སྲོལ་ཡིག་བཏོན་ཏེ། དང་བླངས་ཞབས་ཞུའི་རྩ་འཛུགས་དང་དང་བླངས་པས་དང་བླངས་ཞབས་ཞུ་བྱ་ཡུལ་ནས་གླ་ཆ་ལེན་པའམ་ཡང་ན་རྣམ་པ་གཞན་གྱི་སྒོ་ནས་གླ་ཆ་བསྡུ་མི་ཆོག་པ་གཏན་འབེབས་བྱས།

དེ་རིང་གི་གནམ་གཤིས།

5.jpg

  • ནང་སོག་གི་དབུས་ཤར་རྒྱུད་དང་། ཧེ་ལུང་ཅང་གི་ས་ཆ་མང་ཆེ་བ། ཅི་ལིན་གྱི་ས་ཆ་མང་ཆེ་བ། ལེའོ་ཉིང་བྱང་རྒྱུད་སོགས་ས་ཁུལ་ཁག་གཅིག་ཏུ་ཁ་བ་ཆུང་བ་ནས་འབྲིང་བའམ་ཡང་ན་ཁངས་ཆར་འདྲེས་མ་འབབ་རྒྱུ་ཡིན། ལེའོ་ཉིང་གི་དབུས་ལྷོ་རྒྱུད་དང་། ཧྲན་ཏུང་གི་དབུས་ཤར་རྒྱུད། ཅང་ཧའེ། ཅང་ཧན་ཤར་རྒྱུད། འབྲི་ཆུའི་ལྷོ་རྒྱུད། ལྷོ་ནུབ་ས་ཁུལ་གྱི་ལྷོ་རྒྱུད་དང་ཤར་རྒྱུད། ཧྭ་ནན་ནུབ་རྒྱུད་དང་བྱང་རྒྱུད་སོགས་ས་ཁུལ་ཁག་གཅིག་ཏུ་ཆར་པ་འབབ་རྒྱུ་ཡིན།


མཉམ་སྤྱོད།