དེ་རིང་ནི2025ལོའི་ཟླ05པའི་ཚེས31ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

མཚོ་བྱང་ཁུལ་ཚོད་ལྟའི་ཁུལ་འདིར་ཚུད་དེ་བྱ་དགའ་སྒོར་དུང་ཕྱུར་གཅིག་ཐོབ།

2023-11-22 17:16:46   |   1452


 རྩོམ་སྒྲིག སངས་རྒྱས་སྐྱིད། ཡོང་ཁུངས། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་བོད་ཡིག་དྲ་བ། བཤེར་འབེབས། རིན་ཆེན་ཚེ་རིང་།


ཉེ་ཆར།    ཞིང་ཆེན་ནོར་སྲིད་ཐིང་གིས་སྒྲིག་འཛུགས་བྱས་ནས་སྤེལ་བའི་ས་གནས་ཀྱི་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་ཚོད་ལྟའི་དཔེ་སྟོན་ཁུལ་གྱི་འགྲན་རྩོད་རང་བཞིན་གྱི་ཞིབ་དཔྱད་ཁྲོད།    མཚོ་བྱང་ཁུལ་ནོར་སྲིད་ལས་ཁུངས་ཀྱིས་བཟོ་འཕྲིན་དང་ཞིང་ཕྱུགས་སོགས་ལས་ཁུངས་དང་མཉམ་དུ་གནད་འཁེལ་ཇུས་འགོད་དང་སྒྲིག་འཛུགས་རྣམ་གྲངས་རེ་ཞུ་ཞུས་ནས་ནུས་ཤུགས་ཡོད་རྒུས་ཁྱབ་ཁོངས་ནང་ཞུགས་ཐུབ་པར་བརྩོན་ལེན་བྱས།     ཇུས་གཞི་རེ་ཞུ་དང་།  ཡུལ་དངོས་བགྲོ་གླེང་།    ཆེད་མཁས་པས་ཞིབ་དཔྱད་སོགས་རེས་སྐོར་མང་པོའི་འགྲན་སྡུར་བརྒྱུད་མཐར་མཚོ་སྔོན་ཞིང་ཆེན་ས་གནས་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་ཀྱི་ཞིང་ཆེན་རིམ་པའི་ཚོད་ལྟ་ཁུལ་གྱི་ཁྲོད་དུ་བདེ་བླག་ངང་བདམས་པ་མ་ཟད། ད་དུང་ས་གནས་ཀྱི་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་ཀྱི་བྱ་དགའི་དངུལ་སྒོར་དུང་ཕྱུར1ཀྱང་ཐོབ།     

ད་ལོ་ནས་བཟུང་མཚོ་བྱང་ཁུལ་ནོར་སྲིད་ཅུ་ཡིས་མཚོ་སྔོན་དུ་རྟོག་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་དེ་བཞིན་ཁུལ་ཨུ་ཁུལ་སྲིད་གཞུང་གི་ལས་ཀའི་བླང་བྱ་ལག་བསྟར་བྱས་ཏེ། ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་ས་ཁུལ་གྱི་སྣེ་ཁྲིད་ཁུལ་འཛུགས་སྐྲུན་ལས་འགན་ལ་དམིགས་ཏེ་སྔོན་རྩིས་གཅིག་འདོམས་བཀོད་གཏོང་ལ་ཤུགས་སྣོན་པ་དང་གོང་རིམ་གྱི་ཆེད་དོན་མ་དངུལ་བརྩོན་ལེན་བྱེད་ཤུགས་ཇེ་ཆེར་བཏང་ནས་མཚོ་བྱང་ཁུལ་གྱི་ཁྱད་ལྡན་ཐོན་ལས་ཀྱི་སྤུས་ཚད་མཐོར་གཏོང་དང་།    ཕན་འབྲས་ཆེར་གཏོང་།    མཉམ་འདྲེས་འཕེལ་རྒྱས་བཅས་ལ་རྒྱབ་སྐྱོར་ཤུགས་ཆེན་བྱས།     བྱ་དགའ་མ་དངུལ་དོ་དམ་དང་བེད་སྤྱོད་ཀྱི་བླང་བྱ་གཞིར་བཟུང་མཚོ་བྱང་ཁུལ་གྱིས་རང་ཡོད་ཀྱི་ནོར་ཤུགས་དང་གོང་རིམ་གྱི་ཆེད་སྤྱོད་མ་དངུལ་སྤྱི་འདོམས་བྱས་ནས“གཅིག་སྡུད་གནད་འཁེལ་དང་།    བདེ་འཇགས་ནུས་ཆེ།    ཁེ་ལས་ལ་རོགས་རམ།    གནས་ཐང་འཕར་རྒྱུ་གལ་ཆེན”བཅས་ཀྱི་བསམ་ཕྱོགས་ལྟར་ནོར་སྲིད་ཐོན་ལས་སྲིད་ཇུས་ཀྱི་སྒྲོམ་གཞི་བརྒྱུད་རིམ་ལྡན་པའི་ངང་འཐུས་ཚང་དུ་བཏང་སྟེ། སྤུས་ཚད་མཐོ་བའི་དེང་རབས་ཐོན་ལས་མ་ལག་གཏོད་རྒྱུར་གནད་འཁེལ་ངང་རྒྱབ་སྐྱོར་བྱ་རྒྱུ་རེད།    

རྒྱབ་སྐྱོར་བྱེད་སྟངས་ཐད་འབྱུང་རྩ་ནས་ནོར་སྲིད་མ་དངུལ་གྱི་སྔོན་རྩིས་དོ་དམ་ལ་ཤུགས་སྣོན་པ་དང་།    ཞིབ་བཤེར་གཏོང་སྤྲོད་ཀྱི་བརྒྱུད་རིམ་ཚད་ལྡན་དུ་གཏོང་བ།    མ་དངུལ་རོགས་སྐྱོར་བྱེད་ཐབས་ཞིབ་ཕྲ་བཟོ་བ།    མ་དངུལ་དོ་དམ་བེད་སྤྱོད་ལམ་ལུགས་བཟོ་བ།    དངུལ་བུན་སྐྱེད་ཀ་དང་དེ་བཞིན་གཏན་འཇགས་རྒྱུ་ནོར་ཁ་གསབ་བཅས་ཀྱི་བྱེད་ཐབས་ལ་བརྟེན་ནས་ཁེ་ལས་ལ་རོགས་སྐྱོར་ནུས་ལྡན་དང་།   རྩིས་ཐོ་ལྟར་དུ་མ་རྩ་དག་ཁེ་ལས་འཕེལ་རྒྱས་ཀྱི་དགོས་མཁོ་ཐོག་ཏུ་བཀོལ་ནས་རྒྱབ་སྐྱོར་བྱས།    རྒྱབ་སྐྱོར་ཁྱབ་ཁོངས་ཐད་ནས་སྤུས་ལེགས་ཕྱུགས་ལས་ཐོན་རྫས་ཀྱི་ཐོན་ལས་སྦྲེལ་ཐག་གཏོད་རྒྱུ་གཙོར་བཟུང་སྟེ། པད་ཁ་ལས་སྣོན་ཞིབ་ཚགས་དང་སྤུས་ལེགས་དཀར་ཆུའི་ཐོན་རྫས་ཀྱི་ཐོན་ལས་སྦྲེལ་ཐག་བསྐྲུན་པར་རམ་འདེགས་བྱས་པ་མ་ཟད། རང་བྱུང་བཏུང་ཆས་དང་།    གྱོན་ཆས་འཁེལ་འཐག ཀྲུང་བོད་སྨན་རྫས་ལས་སྣོན་ལས་རིགས་བཅས་ཁུལ་ཡོངས་ཀྱི་ཁྱད་ལྡན་ཐོན་ལས་གཙོ་བོའི་ཕྱོགས་ལ་མ་དངུལ་བཏང་ནས་རྒྱབ་སྐྱོར་བྱས།  སྔོན་དཔག་དམིགས་ཚད་ཐད་ནས་ཞིང་ཆེན་དང་ཁུལ་ནོར་སྲིད་ཀྱི་མ་དངུལ་ཁྲིད་སྟོན་དང་སྐུལ་ཁྲིད་བརྒྱུད་སྤྱི་ཚོགས་ཀྱི་མ་འཇོག་ལ་སྐུལ་ཁྲིད་ནུས་ལྡན་བྱས་ཏེ། ཁྱད་ལྡན་ཐོན་རྫས་རིན་ཐང་མཐོ་བ་དང་།    ཐོན་ལས་ཀྱི་འདེགས་སྐྱོར་ནུས་པ་ཆེ་བ།    འཕེལ་རྒྱས་ཀྱི་མདུན་ལམ་ཆེ་བ་བཅས་སྣེ་འདྲེན་ཁེ་ལས་ཁག་ཅིག་སྐྱེད་སྲིང་བྱས།


མཉམ་སྤྱོད།
Loading...