དེ་རིང་ནི2025ལོའི་ཟླ05པའི་ཚེས09ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཤ་བོ་སྐྱབས་ཀྱིས་མཚོ་སྔོན་དགེ་འོས་སློབ་ཆེན་གྱི་ཏང་ཨུའི་ཧྲུའུ་ཅི་མའོ་ཞུའེ་རུང་དང་བཞུགས་མོལ་གནང་།

2023-11-23 11:11:11   |   2773

སྒྲིག་སྒྱུར། སངས་རྒྱས་སྐྱིད། ཡོང་ཁུངས། མཚོ་བྱང་མི་དམངས་སྲིད་གཞུང་དྲ་བ། བཤེར་འབེབས། རིན་ཆེན་ཚེ་རིང་།


ཟླ11པའི་ཚེས20ཉིན། ཁུལ་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས་མཚོ་སྔོན་དགེ་འོས་སློབ་ཆེན་དུ་བསྐྱོད་དེ་སློབ་གྲྭའི་ཏང་ཨུའི་ཧྲུའུ་ཅི་མའོ་ཞུའེ་རུང་དང་མཉམ་དུ་སློབ་གྲྭ་དང་ས་ཁུལ་གྱི་མཉམ་ལས་གཏིང་ཟབ་ཏུ་གཏོང་རྒྱུར་སྐུལ་འདེད་གཏོང་རྒྱུའི་ཐད་བཞུགས་མོལ་གནང་།

1~2.jpg

ཤ་བོ་སྐྱབས་ཀྱིས་བསྟན་དོན། མཚོ་སྔོན་དགེ་འོས་སློབ་ཆེན་གྱིས་དུས་ཡུན་རིང་བོའི་ནང་མཚོ་བྱང་གི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཐུགས་ཁུར་དང་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུས། ཁོང་གིས་མཚོ་སྔོན་དགེ་འོས་སློབ་ཆེན་ལ་ལོ་རྒྱུས་ཡུན་རིང་ལྡན་ཞིང་དགེ་རྒན་གྱི་དཔུང་ཁག་རྒྱ་ཆེ་ལ། ཚན་ཞིབ་ཚོགས་པའི་སྤུས་ཚད་མཐོ་བ་དང་། རིག་ཚན་གྱི་ཁྱད་ཆོས་མངོན་གསལ་དོད་པས་མཚོ་སྔོན་ལ་ཤེས་ལྡན་པ་འབོར་ཆེན་གསོ་སྐྱོང་གནང་སྟེ་བླ་ན་མེད་པའི་བྱས་རྗེས་བཞག་ཡོད། མིག་སྔར་མཚོ་བྱང་གིས་སྐྱེས་ཁམས་ཤེས་དཔལ་གྱི་མཐོ་ས་བསྐྲུན་པ་དང་། ཐོན་ལས་ཀྱི“གནས་བཞི”འཛུགས་སྐྲུན་བྱེད་པའི་མྱུར་ཚད་ཇེ་མགྱོགས་སུ་གཏོང་བ། གསར་བརྗེའི་ཞིབ་འཇུག་སློབ་སྦྱོང་གི་ཐོན་ལས་སྐྱེད་སྲིང་དང་འཕེལ་རྒྱས་གཏོང་བ་བཅས་ལ་འབད་བཞིན་ཡོད་པས། ཤེས་ལྡན་མི་སྣ་དང་རིག་སྟོབས་ཀྱི་རྒྱབ་སྐྱོར་ཤིན་ཏུ་མཁོ། དེ་བས་ལོ་མགོར་སློབ་གྲྭ་དང་ས་ཁུལ་དབར་གྱི་འཐབ་ཇུས་མཉམ་ལས་སྒྲོམ་གཞིའི་གན་རྒྱ་བཞག ང་ཚོའི་རེ་བ་ནི་མཚོ་སྔོན་དགེ་འོས་སློབ་ཆེན་གྱིས་གཅིག་ནས་རྒྱལ་སྤྱིའི་སྐྱེ་ཁམས་གནས་སྐོར་བྱ་ཡུལ་བསྐྲུན་པའི་ཐད་གནས་སྐོར་སློབ་གླིང་གི་ཆེད་ལས་ཚོགས་པ་མངགས་ཏེ་མཚོ་བྱང་གིས་གྲོང་གསེབ་ཀྱི་གནས་སྐོར་དང་ནགས་ཚལ་གནས་སྐོར་འཕེལ་རྒྱས་གཏོང་བ། གནས་སྐོར་བའི་ཞབས་ཞུ་ལྟེ་གནས་དང་རླངས་འཁོར་འཇོག་ས་བསྐྲུན་པ། ཁྱད་ལྡན་མགྲོན་ཁང་བསྐྲུན་པ་བཅས་ལ་འཆར་འགོད་ཇུས་འགོད་བྱེད་རོགས་བྱེད་པའི་རེ་བ་ཡོད། གཉིས་ནས་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་ས་ཁུལ་བསྐྲུན་པའི་ཐད་ཚན་ཞིབ་ཚོགས་པ་མངགས་ཏེ། མདོ་ལ་རིང་མོའི་ཆུ་ནག་ཆུ་མགོའི་རྩྭ་ཐང་སྐྱེ་ཁམས་དང་ཐོན་སྐྱེད་གཉིས་ཕན་གྱི་རྣམ་པ་གསར་གཏོད་དང་དཔེ་སྟོན་རྣམ་གྲངས་ལག་བསྟར་བྱེད་རོགས་དང་། མཚོ་བྱང་ཞིང་ཕྱུགས་ཚན་རྩལ་དཔེ་སྟོན་གླིང་གིས་གནས་སྐོར་ལྟ་སྐོར་དང་། ཚན་རྩལ་དཔེ་སྟོན། ཕྱུགས་རྒྱུད་ལེགས་བཅོས་སོགས་ཀྱི་ལས་དོན་སྤེལ་རྒྱུར་མཛུབ་ཁྲིད་དང་རྒྱབ་སྐྱོར་བྱེད་པའི་རེ་བ་ཡོད། གསུམ་ནས་མཚོ་བྱང་གི་ལུས་རྩལ་བྱ་གཞག་གི་འཕེལ་རྒྱས་མྱུར་ཚད་ཇེ་མགྱོགས་སུ་གཏོང་བའི་ཐད། ལུས་རྩལ་སློབ་གླིང་གི་ཆེད་ལས་སྟོབས་ཤུགས་འདོན་སྤེལ་དང་ཆེད་ལས་ཤན་འབྱེད་པ་མངགས་གཏོང་། དགེ་སློབ་སྒྲིག་འཛུགས་བཅས་བྱས་ནས་རང་རེའི་ཁུལ་གྱིས་གཉེར་བའི་རྐང་ཐང་དང་རྐང་འཁོར་སོགས་འགྲན་བསྡུར་བྱེད་སྒོར་ཞུགས་པ་དང་འབྲེལ་གསར་འགྱུར་ཆེད་ལས་ཀྱི་དགེ་སློབ་གདན་དྲངས་ནས་འགྲན་བསྡུར་བྱེད་སྒོ་དྲིལ་སྒྲོག་འོས་སྦྱོར་བྱེད་པའི་རེ་བ་ཡོད། བཞི་ནས་རིག་གནས་དར་རྒྱས་གོང་འཕེལ་གཏོང་བའི་ཐད། རྩོམ་རིག་སློབ་གླིང་གི་རིགས་གཅིག་མཁས་ཅན་དང་དགེ་རྒན་ཆེ་མོ་བ་མངགས་ཏེ། མཚོ་བྱང་གིས་ལྕགས་རི་རིང་པོའི་རྒྱལ་ཁབ་རིག་གནས་སྤྱི་གླིང་དང་རྨ་ཆུའི་རྒྱལ་ཁབ་རིག་གནས་སྤྱི་གླིང་བསྐྲུན་རྒྱུར་མཛུབ་ཁྲིད་དང་། དར་གོས་ཚོང་ལམ་གྱི་མཚོ་སྔོན་ལམ་སོགས་རིག་གནས་ཐོན་ཁུངས་སྔོག་འདོན་བྱས་ཏེ། མཚོ་བྱང་གི་ལས་བྱེད་པ་དང་མང་ཚོགས་ཀྱི་གནས་སྤོ་ཐེངས་གསུམ་དང་། མདོ་ལ་རིང་མོ་དང་འཇུ་ལག་མང་ཚོགས་ཀྱིས་དམར་དམག་ནུབ་ལམ་དམག་དཔུང་ལ་རོགས་རམ་བྱས་པའི་གསར་བརྗེའི་གཏམ་རྒྱུད་དག་བསྒྲིགས་བྱེད་པའི་རེ་བ་ཡོད། ལྔ་ནས་གསར་བརྗེའི་སློབ་གསོའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཐད། མཚོ་སྔོན་དགེ་འོས་སློབ་ཆེན་གྱི“མདེལ་གཉིས་སྐར་གཅིག”སྙིང་སྟོབས་ཞིབ་འཇུག་གླིང་གི་ཚན་ཞིབ་ལེགས་ཆ་འདོན་སྤེལ་བྱས་ཏེ། མཚོ་བྱང་གིས་སློབ་ཚན་རྩེ་གྲ་གསར་སྤེལ་དང་ཞིབ་འཇུག་སློབ་སྦྱོང་གི་ལམ་ཐིག་གཏོད་རྒྱུར་མཛུབ་ཁྲིད་བྱས་ཏེ་ཆེད་ལས་དགེ་རྒན་མཚོ་བྱང་ཁུལ་ཨུའི་ཏང་གི་སློབ་གྲྭ་དང་། མཚོ་བྱང་སྲིད་ཁྲིམས་ལས་བྱེད་པའི་གསོ་སྦྱོང་ལྟེ་གནས། མང་ཚོགས་ཚོགས་པའི་ལས་བྱེད་པའི་གསོ་སྦྱོང་ལྟེ་གནས་བཅས་སུ་སློབ་ཁྲིད་བྱེད་པར་མངགས་གཏོང་བྱ་རྒྱུའི་རེ་བ་ཡོད་ཅེས་བསྟན།

མའོ་ཞུའེ་རུང་གིས་མཚོ་བྱང་ཁུལ་གྱི་རང་བྱུང་དང་མི་ཆོས་རིག་གནས་ཐོན་ཁུངས་ཕུན་སུམ་ཚོགས་ཤིང་འབྲོག་ལས་འཕེལ་རྒྱས་ཀྱི་རྨང་གཞི་ལེགས་ལ། མདུན་ལམ་རྒྱ་ཆེན་པོ་ཡོད། མཚོ་སྔོན་དགེ་འོས་སློབ་ཆེན་གྱིས་མཚོ་བྱང་གིས་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་དང་ཐོན་ལས“གནས་བཞི”བསྐྲུན་རྒྱུར་འབད་པ་ཆེན་པོས་རྒྱབ་སྐྱོར་བྱ་ངེས་ཡིན་པ་དང་། ཧུར་ཐག་གིས་ཚན་ཞིབ་རྣམ་གྲངས་ལག་བསྟར་བྱེད་པ་དང་། སྐྱེ་ཁམས་སློབ་ཁྲིད་དང་གསར་བརྗེའི་ཞིབ་འཇུག་སློབ་སྦྱོང་སོགས་ཀྱི་བྱེད་སྒོ་སྤེལ་བ། རིག་གནས་ལུས་རྩལ་འགྲན་བསྡུར་ནང་ཞུགས་པ་བཅས་བྱས་ཏེ་མདོ་ལ་རིང་མོའི་རྒྱལ་ཁབ་སྤྱི་གླིང་གི་སེམས་ཉིད་ནགས་ར་དང་མདོ་ལ་རིང་མོའི་ནགས་ཚལ་གནས་སྐོར་ལས་རིགས་འཕེལ་རྒྱས་དང་། བཙུན་མོ་གཞོང་གྲོང་རྡལ་དང་སེམས་ཉིད་ཤང་གི་ཁྱད་ལྡན་མགྲོན་ཁང་འཛུགས་སྐྲུན་བྱེད་པར་ཇུས་འགོད་བྱེད་རོགས་བྱས་ཏེ། མཉམ་ལས་ཀྱི་གྲུབ་འབྲས་རྒྱུན་མཐུད་ངང་རྒྱ་ཆེར་བཏང་སྟེ་མཉམ་ལས་གཉིས་ཕན་གྱི་རྣམ་པ་གསར་པ་ཐུན་མོང་གིས་བསྐྲུན་རྒྱུ་ཡིན།

ཁུལ་ཨུའི་རྒྱུན་ཨུའམ་དྲུང་ཆེ། གཞུང་ལས་ཁང་གི་ཀྲུའུ་རེན་ཝང་ཡུང་ཁྲང་དང་མཚོ་སྔོན་དགེ་འོས་སློབ་ཆེན་གྱི་འབྲེལ་ཡོད་ཁྲུའུ་དང་ཁང་གི་འགན་འཁུར་བློ་མཐུན་བཅས་བཞུགས་མོལ་དུ་ཞུགས་ཡོད།


མཉམ་སྤྱོད།