དེ་རིང་ནི2025ལོའི་ཟླ05པའི་ཚེས10ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཞིང་ཆེན་ཡོངས་ཀྱི་གཅོང་ནད་བདེ་ཐང་དོ་དམ་ལྟེ་གནས་ཐོག་མ་དེ་མཚོ་བྱང་འཇུ་ལག་ཏུ་སྒོ་བྱང་བཀལ་ནས་བཙུགས་པ།

2023-11-23 16:39:10   |   383

སྒྲིག་སྒྱུར།  དོན་འགྲུབ་མཚོ།   ཡོང་ཁུངས།  མཚོ་བྱང་ཁུལ་མི་དམངས་སྲིད་གཞུང་དྲ་བ།    བཤེར་འབེབས།  རིན་ཆེན་ཚེ་རིང་། 


ཉེ་ཆར། མཚོ་བྱང་ཁུལ་འཇུ་ལག་རྫོང་གི“སྒོ་བསྟེན་གཅོང་ནད་བདེ་ཐང་དོ་དམ་ལྟེ་གནས”དངོས་སུ་སྒོ་བྱང་བཀལ་ནས་བཙུགས་པ་དང་སྤྱོད་མགོ་ཚུགས། འདི་ནི་འཇུ་ལག་རྫོང་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བརྗོད་དོན་སློབ་གསོའི་གྲུབ་འབྲས་དེ“སྨན་བཅོས་འགན་བཅོལ་གྱིས་དམངས་ཕན་དོན་དངོས་སྒྲུབ་པར”བསྒྱུར་བའི་ལག་ལེན་དངོས་ཤིག་ཡིན། དེ་ཡིས་འཇུ་ལག་རྫོང་གི་གཅོང་ནད་བདེ་ཐང་ཞབས་ཞུ་ཞིབ་ཚགས་ཅན་དང་ཆེད་ལས་ཅན་གྱི་དོ་དམ་ཐད་བསྒྱུར་བར་གོམ་སྟབས་གལ་ཆེན་ཞིག་སྤོས་པ་མཚོན་ཞིང་། འདི་ནི་ཞིང་ཆེན་ཡོངས་ཀྱི་གཅོང་ནད་བདེ་ཐང་དོ་དམ་ལྟེ་གནས་ཐོག་མ་དེ་ཡིན།

འཇུ་ལག་རྫོང་གི་གཅོང་ནད་བདེ་ཐང་དོ་དམ་ལྟེ་གནས་ཐོག་མ་བཙུགས་པ་དེས་འཇུ་ལག་ཙམ་མ་ཟད་ཐ་ན་ཁུལ་ཡོངས་ཀྱི་གཅོང་ནད་ཀྱི་ཐོག་མའི་གྲལ་བཤེར་དང་། གཅོང་ནད་ཀྱི་ཉེན་ཁ་སྔོན་དཔག སྨན་བཅོས་ཕན་འབྲས་དཔྱད་དཔོག་བཅས་ལ་གཞི་གཅིག་ཅན་དང་རྒྱུན་མཐུད་རང་བཞིན་གྱི་སྨན་བཅོས་ཞབས་ཞུ་མཁོ་འདོན་བྱ་རྒྱུ་ཡིན་པ་དང་། གཅོང་ནད་ཕོག་པའི་ནད་པས་ཡིག་ཞུ་བྱེད་པ་དང་། ནད་རིགས་གཏན་འཁེལ། སྨན་བཅོས། རྩིས་དག སྨན་ལེན་པ་སོགས་ཀྱི“གཅིག་འཐུས་རྣམ་པའི”ཞབས་ཞུ་མངོན་འགྱུར་བྱས་ཏེ། རྫོང་ཡོངས་ཀྱི་གཅོང་ནད་ཕོག་མཁན་གྱིས་རྫོང་དེ་གར་སྨན་ཉོ་ཐུབ་པ་དང་ཚབ་ཉོ་བྱེད་ཐུབ་པས། སྒོ་འགྲམ་དུ་སྤུས་ལེགས་དང་། ནུས་ཆེ། མགྱོགས་ཤིང་སྟབས་བདེ་ཡིན་པ་བཅས་ཀྱི་གཅོང་ནད་འགན་བཅོལ་གྱི་ཞབས་ཞུ་ལོངས་སྤྱོད་བྱེད་ཐུབ། 

བརྗོད་དོན་སློབ་གསོ་སྤེལ་མགོ་ཚུགས་པ་ནས་བཟུང་། འཇུ་ལག་རྫོང་གིས་སྒོ་བསྟེན་གྱི་གཅོང་ནད་ཕོག་མཁན་གྱི“ཐོབ་ཐང་གཏན་འཁེལ་བྱེད་དཀའ་བ་དང་། འགྲོ་འོང་གི་ལམ་ཐག་རིང་བ། སྒུག་ཡུན་རིང་བ། སྨན་བཅོས་རྩིས་རྒྱག་སྟབས་མི་བདེ་བ”སོགས་ཀྱི་དཀའ་ཁག་དང་འགག་གནད། གནད་དོན་བཅས་ལ་དམིགས་ཏེ། གནད་དོན་གྱི་ཁྲིད་ཕྱོགས་མཐའ་འཁྱོངས་བྱས་པ་དང་། བཅར་འདྲི་བརྟག་དཔྱད་དང་དམངས་ཀྱི་གནས་ཚུལ་རྒྱུས་ལོན་བྱས་ཏེ། གཅོང་ནད་དང་དམིགས་བསལ་ནད་རིགས་དོ་དམ་བྱེད་པར་རྣམ་པ་གསར་པ་ཞིག་བསྐྲུན་ཡོད་དེ། སྨན་བཅོས་སྒྲིག་གཞིའི་ཞབས་ཞུའི་ལེགས་ཆ་འདོན་སྤེལ་དང་ཞུབས་ཞུའི་ལས་རིམ་ལེགས་བཅོས་བྱས་ཏེ་གྲུབ་འབྲས་མངོན་གསལ་བླངས་ཡོད་ཅིང་། གཅོང་ནད་དང་དམིགས་བསལ་ནད་ཀྱི་ཐོབ་ཐང་གཏན་འཁེལ་བྱེད་པའི་ལས་དོན་དེ་རིམ་པ་ཁག་གི་སྨན་བཅོས་སྒྲིག་གཞིར་ཐིམ་པར་བྱས་ཏེ། ཞབས་ཞུ་དེ་འཐབ་ཕྱོགས་དང་པོ་དང་མདུན་ཕྱོགས་འཐབ་རར་བསྲིང་སྟེ།  མི་དམངས་མང་ཚོགས་ལ་སྟབས་བདེ་དང་ནུས་ཆེའི་སྨན་བཅོས་འགན་ལེན་ཞབས་ཞུ་ཏན་ཏིག་བསྒྲུབ་རྒྱུ་རེད།


མཉམ་སྤྱོད།